[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • མཚོ་སྔོན་བོད་རིགས་ས་ཁུལ་གྱིས་རྒྱ་སྲན་རིགས་གསར་པ་ཁྱབ་གདལ་དང་སྦྲགས་འཕྲུལ་ཆས་ཅན་གྱིས་ཐོན་སྐྱེད་ལས་ཕྱོད་ལྡབ་20འཕར་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-20

    ཉེ་ཆར། ཀྲུང་གོ་གསར་འགྱུར་དྲ་བའི་གསར་འགོད་པར་མཚོ་སྔོན་སློབ་ཆེན་ནས་ཤེས་རྟོགས་བྱུང་བར། སློབ་གྲྭ་དེས་བཏོད་པའི་མཚོ་སྔོན་ཞིང་ཆེན་གྱི་རྒྱ་སྲན་ཐོན་ལས་ཚན་རྩལ་གསར་གཏོད་སྟེགས་བུས་སྔ་རྗེས་སུ་རྒྱ་སྲན་རིགས་གསར་པ་མང་པོ་ཚོད་འདེབས་བྱས་པར་ལོ་ལེགས་བྱུང་བ་དང་ས་ཁུལ་ཁག་གཅིག་གིས་ཁྱབ་གདལ་བཏང་བའི་འཕྲུལ་ཆས་ཅན་གྱིས་ཐོན་སྐྱེད་ལས་ཕྱོད་ལྡབ་20ཡན་འཕར་ཡོད་པ་རེད།

    རྒྱ་སྲན་ནི་བཟའ་བཅའི་སྲན་རིགས་གལ་ཆེན་གྱི་གྲས་ཤིག་ཡིན་པ་དང་། འབྲུ་རིགས་དང་། གཟན་རྩྭ། ཚལ། རྫས་ལུད་བཅས་མཉམ་སྤྱོད་ཀྱི་ལོ་ཏོག་ཅིག་ཡིན་པས། འབྲུ་རིགས་དང་། གཟན་རྩྭ། སྔོ་ཚལ། ལྗང་མདོག་རྫས་ལུད་སོགས་ཁྱབ་ཁོངས་སུ་ནུས་པ་གལ་ཆེན་ལྡན་ཡོད་པ་རེད།

    མཚོ་སྔོན་ཞིང་ཆེན་རྒྱ་སྲན་ཐོན་ལས་ཚན་རྩལ་གསར་གཏོད་ལས་སྟེགས་ཀྱི་དབུ་བཞུགས་རིགས་གཅིག་མཁས་ཅན་ལིའུ་ཡུས་ཅའོ་ཡིས།“རྒྱ་སྲན་ཐོན་ལས་ལ་མི་མངོན་པའི་ནུས་པ་ཆེན་པོ་ལྡན་པ་དང་དེ་སྔ་ལོ་ཏོག་ཡག་པོ་ཞིག་རེད་ལ། ད་ཆ་ལོ་ཏོག་ཡག་པོ་ཞིག་དེ་བས་རེད། ཞིང་འཕྲུལ་དང་ཞིང་རྩལ་ཕྱོགས་བསྡུས་ལྷུ་སྒྲིག་བྱས་ཏེ་རྒྱ་སྲན་བརྒྱུད་རིམ་ཧྲིལ་པོ་འཕྲུལ་ཆས་ཅན་གྱིས་ཐོན་སྐྱེད་བྱེད་ཀྱི་ཡོད་པས་རྒྱ་སྲན་དེང་རབས་ཞིང་ལས་ཐོན་སྐྱེད་ཀྱི་བརྒྱུད་རིམ་ཁྲོད་སླར་ཡང་བསྡུ་སྒྲིལ་ཐུབ་ནས། ཚན་རིག་དང་མཐུན་པའི་འདེབས་རེས་མ་ལག་གྲུབ་སྟེ་ལུས་ཉུང་ཕན་འཕར་ཐད་སྐྱེ་ལྡན་ལུད་ཀྱི་ཚབ་བྱེད་པར་ཕན་པ་ཧ་ཅང་ཆེན་པོ་ཡོད”ཅེས་བཤད།

    ཀྲུང་གོ་གསར་འགྱུར་དྲ་བའི་གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་གྱི་རྒྱ་སྲན་ཐོན་ལས་ཚན་རྩལ་གསར་གཏོད་ལས་སྟེགས་ཀྱིས་ལོ་མང་ཚོད་ལྟ་དང་དཔེ་སྟོན་བྱས་པ་བརྒྱུད། འཕྲུལ་ཆས་ཅན་གྱི་ཐོན་སྐྱེད་དང་འཚམ་པའི“མཚོ་སྔོན་ཨང་13པ”དང“མཚོ་སྔོན་རྒྱ་སྲན་ཨང་16པ” “མཚོ་སྔོན་རྒྱ་སྲན་ཨང་19པ”སོགས་ཀྱི་འབྲུ་རྡོག་སྙོམས་པ་དང་། གང་བུ་གཅིག་སྡུད་ཐོག་འདོགས་པ། དུས་གཅིག་ཏུ་སྨིན་པ་བཅས་ཀྱི་རྒྱ་སྲན་རིགས་གསར་པ་བདམས་གསོ་བྱས་ཡོད་པ་རེད།

    དེ་དང་ཆབས་ཅིག རྒྱ་སྲན་འཕྲུལ་ཆས་ཅན་གྱིས་འདེབས་པ་དང་འཕྲུལ་ཆས་ཅན་གྱིས་མཉམ་དུ་རྔ་བསྡུ་སོགས་ལག་རྩལ་གྱི་ཚད་གཞི་བཟོས་པ་དང་། འཕྲུལ་ཆས་ཅན་གྱིས་ལུད་ཐེངས་གཅིག་ལ་རྒྱག་པ། འདེབས་འཛུགས་ལག་རྩལ་དང་རྒྱ་སྲན་གྱི་སོན་ཆ་ཚང་ལ་རང་འགུལ་ཅན་གྱི་ཐོན་སྐྱེད་ལག་རྩལ་སོགས་སྤྱད་པ། རྒྱ་སྲན་གྱི་བརྒྱུད་རིམ་ཧྲིལ་པོར་འཕྲུལ་ཆས་ཅན་མངོན་འགྱུར་བཅས་བྱུང་ཡོད། 2019ལོར་མཚོ་སྔོན་ཧོང་ཀྲུང་དང་། གསེར་ཆེན། བྲག་དཀར། སྟོང་སྐོར་སོགས་རྒྱ་སྲན་ཐོན་ཁུལ་གཙོ་བོར་འཕྲུལ་ཆས་ཅན་གྱིས་འདེབས་འཛུགས་དང་། རྔ་བསྡུ། ལས་སྣོན་བཅས་བྱས་ཏེ། རིམ་རྩིས་ལྟར་ན་དཔེ་སྟོན་རྒྱ་ཁྱོན་མུའུ་ཁྲི་ལས་བརྒལ་ཡོད་པ་རེད།

    ས་བབ་མཐོ་ཚད་སྨི་3000ཙམ་ཡོད་པའི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གསེར་ཆེན་ཐང་སྐར་མ་གྲོང་རྡལ་དུ་རྒྱ་སྲན་འདེབས་པའི་ལོ་རྒྱུས་མེད་པ་དང་། 2016ལོ་ནས་བཟུང་སྔ་སྨིན་རྒྱ་སྲན་རིགས“མཚོ་སྔོན་ཨང་13པ”ཚོད་འདེབས་བྱས་པ་དང་སྦྲགས། འཕྲུལ་ཆས་ཅན་གྱི་ཐོན་སྐྱེད་ལག་རྩལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བས་སྲོལ་རྒྱུན་གྱི་ཐོན་ལས་འདེབས་འཛུགས་ལས་ཕན་འབྲས་མུའུ་རེ་ནས་སྒོར་500ཙམ་འཕར་བ་དང་འཕྲུལ་ཆས་ཅན་སྤྱད་པ་ལས་ཐོན་སྐྱེད་ཀྱི་ལས་ཕྱོད་ལྡབ་20ཡན་འཕར་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།