[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • མཛེས་སྡུག་ལྡན་པའི་མཚོ་སྔོན། གཙང་གསུམ་ཆུ་འགོ་ནས་རྒྱལ་ཁབ་སྤྱི་གླིང་ཞིང་ཆེན་བར་གྱི་སྣོད་བཅུད་ཀྱི་འགྱུར་ལྡོག

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-08

    ● 2018ལོའི་ཟླ་བཅུ་པར་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་དངོས་སུ་བཙུགས་པ་རེད།

    ● གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱིས་ས་གནས་མང་ཚོགས་དེ་བས་ལེགས་པའི་སྒོ་ནས་རྒྱལ་ཁབ་སྤྱི་གླིང་སྲུང་སྐྱོང་དང་དོ་དམ་ནང་ཞུགས་ཐུབ་ཆེད། སྣོད་བཅུད་སྤྱི་ཕན་ལས་གནས་ཁྲི་1.72མཁོ་འདོན་བྱས་པ་དང་། དུད་ཚང་རེར་ལོར་ཆ་སྙོམས་འབབ་འཕར་སྒོར་ཁྲི་2.16བྱུང་ཡོད།

    མཛེས་སྡུག་ལྡན་པའི་མཚོ་སྔོན། གཙང་གསུམ་ཆུ་འགོ་ནས་རྒྱལ་ཁབ་སྤྱི་གླིང་ཞིང་ཆེན་བར་གྱི་སྣོད་བཅུད་ཀྱི་འགྱུར་ལྡོག

    གཙང་གསུམ་ཆུ་འགོ་དང་མདོ་ལ་རི་བོར་མཚོ་བོད་ས་མཐོའི་བྱང་ཤར་རྒྱུད་ཀྱི“ལྗང་མདོག་མུ་ཏིག”གི་ མཚན་སྙན་ཡོད་ཅིང་། དེ་ནི་ཀྲུང་གོའི་སྣོད་བཅུད་ས་བཀྲའི་ནང་གི་བཀྲག་མདངས་འཚེར་ས་ཞིག་རེད།

    མཚོ་སྔོན་ནི་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ལས་དོན་སྤེལ་སྔ་ཤོས་ཀྱི་ཞིང་ཆེན་ཞིག་རེད་ལ། མིག་སྔར་ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འབའ་ཞིག་དེ་ཡང་རེད། ལོ་མང་རིང་ས་གནས་དེ་གའི་མི་རིགས་ཁག་གི་མང་ཚོགས་ཚོས་སྣོད་བཅུད་སྲུང་སྐྱོང་བྱ་རྒྱུ་དེ་རང་ཉིད་ཀྱི་ལས་འགན་ལ་བརྩིས་ནས་ཟམ་མི་ཆད་པར་ལག་ལེན་འཚོལ་ཞིབ་བྱས་ཏེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་སའི་གོ་ལའི་ཚེ་སྲོག་གཅིག་མཐུན་འདུས་གྲུབ་ཅིག་བཏོད་དེ་འཛམ་གླིང་ལ་ཀྲུང་གོའི་ཇུས་གཞི་མཁོ་འདོན་བྱས་ཡོད།

    རི་བོ་སྔོ་ལ་ཆུ་མོ་རབ་ཏུ་དྭངས། འདི་གར་འཛམ་གླིང་ཀུན་ཧང་སངས་དགོས་པའི་རིན་ཐང་ཆེན་པོ་ལྡན་ཡོད།

    གཙང་གསུམ་ཆུ་འགོ་ནི་འཛམ་གླིང་གི་ས་བབ་མཐོ་ཤོས་ས་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་གཅིག་སྡུད་ཁུལ་ཞིག་རེད་ལ། ཀུན་གྱིས་ཁས་ལེན་བྱེད་པའི་ཨེ་ཤེ་ཡའི་ཆུ་རྩྭ་གསོ་ཁུལ་དང་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཀྱང་རེད།

    གཙང་གསུམ་ཆུ་འགོར་མུ་ཏིག་སྟར་ལ་རྒྱུས་འདྲའི་གངས་རི་དང་དྲག་ཏུ་རྒྱུག་པའི་ཆུ་བོ་ཡོད་ལ། ལོ་ལྟར་ཆུ་བོའི་སྨད་རྒྱུད་དུ་དྭངས་གཙང་ཆུ་མཁོ་འདོན་བྱེད་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་600ལས་བརྒལ་ཅིང་། འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་ཆུ་འབོར་དེ་25%དང་། 49% 15%བཅས་སོ་སོར་བཟུང་ཡོད།

    དག་ཞིང་དེ་སྲུང་སྐྱོང་ཡག་པོ་བྱ་ཆེད། 2005ལོ་ནས་བཟུང་རང་རྒྱལ་གྱིས་སྔ་རྗེས་སུ་གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་དུས་ཐེངས་དང་པོ་དང་གཉིས་པའི་འདུ་འགོད་ལག་བསྟར་བྱས་ཏེ། ད་བར་རིམ་རྩིས་བྱས་ན། མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་180ལས་བརྒལ་ཡོད། 2016ལོར་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་དང་པོ་དེ་གར་སྤེལ་འགོ་ཚུགས་པ་དང་གླིང་ཁུལ་གྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་12.31ཡོད་ལ། གཤམ་འོག་ཏུ་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་ཆུ་འགོའི་གླིང་ཁུལ་གསུམ་ཡོད།

    ལོ་བཅུ་ལྷག་ཙམ་གྱི་སྲུང་སྐྱོང་བརྒྱུད་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱིས་མཁོ་འདོན་བྱས་པའི་གྲངས་གཞི་ལས་མངོན་པར། མིག་སྔར་གཙང་གསུམ་ཆུ་འགོའི་ཁུལ་དུ་གཙོད་ཀྱི་གྲངས་འབོར་དང་སྣ་ཁ་སྲུང་སྐྱོང་གི་ཐོག་མའི་དུས་ལས་ལྡབ་གཉིས་ཡན་འཕར་ཡོད་པ་དང་གཙང་གསུམ་ཆུ་འགོའི་གསའ་ཡི་གྲངས་འབོར་1000ལས་བརྒལ་ཡོད། 2004ལོ་དང་བསྡུར་ན། གཙང་གསུམ་ཆུ་འགོས་ལོར་ཆུ་སྨད་ཁུལ་དུ་ཆུ་སྤུས་ལེགས་མཁོ་འདོན་བྱེད་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་58ཟིན་པར་བརྟེན་རྩྭ་ཐང་གི་རྩྭ་ཁ་ལེགས་ཚད་30%མཐོ་རུ་ཕྱིན་པ་མ་ཟད། གཙང་པོའི་ཆུ་འགོའི་མཛེས་ལྗོངས་ལ་མཐོང་ཆེན་ཐུབ་པ་བྱུང་ཡོད།

    ཀུན་སེམས་གཅིག་སྒྲིལ། མཚོ་བོད་ས་མཐོའི་སྣོད་བཅུད་ཀྱི་མཐོ་ས་སྐྲུན་པ།

    ལོ་65ལ་སླེབས་པའི་བོད་རིགས་བགྲེས་སོང་ཀུན་དགའ་རྣམ་རྒྱལ་གྱིས་རྟག་ཏུ་རང་ཉིད་འཚར་ས་དང་འཚོ་བ་སྐྱེལ་སའི་རྩྭ་ཐང་རྨི་ལམ་རྨིས་བཞིན་མཆིས།

    ལོ་15ཡི་གོང་དུ་ཀུན་དགའ་རྣམ་རྒྱལ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་5000ཙམ་ཡོད་པའི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཧོར་རིགས་བོད་རིགས་རང་སྐྱོང་ཀྲོའུ་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ་མཚོ་བརྒྱ་མ་གྲོང་ཚོར་སྡོད་ཀྱི་ཡོད། རྩྭ་ཐང་ལེགས་སུ་གཏོང་ཆེད་ཀུན་དགའ་རྣམ་རྒྱལ་གྱིས་འབྲོག་པ་མང་ཚོགས་406གི་སྣེ་ཁྲིད་དེ་སྤྱི་ལེ་400ལྷག་ཙམ་ཡོད་པའི་གོར་མོ་གྲོང་ཁྱེར་གྱི་ལྷོ་འདབས་སུ་སྤོས། “གནས་དེར་འབྲི་ཆུའི་ཆུ་འགོའི་གྲོང་ཚོ་ཞེས་འདོགས་དོན་ནི་མི་རབས་རྗེས་མས་ང་ཚོ་འབྲི་ཆུའི་ཆུ་འགོ་ནས་ཡིན་པ་ངེས་པའི་ཆེད་དུ་ཡིན”ཞེས་ཁོང་གིས་དེ་ལྟར་བཤད།

    ཀུན་དགའ་རྣམ་རྒྱལ་ནི་གཙང་གསུམ་ཆུ་འགོའི་འབྲོག་པ་མང་ཚོགས་ཀྱི་ཚབ་མཚོན་ཞིག་རེད།

    2004ལོ་ནས་བཟུང་། གཙང་གསུམ་ཆུ་འགོའི་ཁུལ་གྱི་འབྲོག་པ་ཁྲི་10ཙམ་རྩྭ་ཐང་ནས་གནས་སྤོ་བྱས་པ་དང་། 2006ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱིས་གཙང་གསུམ་ཆུ་འགོའི་ས་ཁུལ་གྱི་GDPཡི་དཔྱད་ཞིབ་མེད་པ་བཟོས་པ། ཆུ་སྨད་ཀྱི་སྣོད་བཅུད་རྣམ་པ་རང་སོར་གནས་ཐུབ་ཆེད། 2018ལོར་མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་རིམ་པའི་ཞིང་ཞོར་ཐོན་ཟོག་ཐོན་ཁུལ་གཙོ་བོའི་ཁོངས་གཏོགས་རྫོང་8དང་གཙོ་གནད་སྣོད་བཅུད་ཁོངས་གཏོགས་རྫོང་20ཡི་GDPདང་། བཟོ་ལས་འཕར་སྣོན་རིན་ཐང་། གཏན་འཇགས་རྒྱུ་ནོར་མ་འཇོག ནོར་སྲིད་ཡོང་འབབ་བཅས་དཔྱད་ཞིབ་དམིགས་ཚད་བཞི་མེད་པ་བཟོས་ཡོད། 2018ལོའི་ཟླ་བཅུ་པར་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་དངོས་སུ་བཙུགས་པ་རེད།

    རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ལས་དོན་འཕེལ་རིམ་མགྱོགས་ཤིང་། ས་གནས་མང་ཚོགས་རྒྱལ་ཁབ་སྤྱི་གླིང་སྲུང་སྐྱོང་དང་དོ་དམ་ནང་དེ་བས་ལེགས་པའི་སྒོ་ནས་ཞུགས་ཐུབ་ཆེད། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱིས་སྣོད་བཅུད་སྤྱི་ཕན་ལས་གནས་ཁྲི་1.72མཁོ་འདོན་བྱས་པ་དང་དུད་ཚང་རེར་ལོར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2.16འཕར་སྣོན་བྱུང་ཡོད།

    རྒྱལ་ཁབ་སྤྱི་གླིང་། སྣོད་བཅུད་སྟོབས་ཤུཌ་མཚོ་སྔོན་ས་གཞི་ཆེ་མོར་ཡོངས་སུ་ཁྱབ།

    འཛམ་གླིང་ཐོག་ས་བབ་མཐོ་ཤོས་ས་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་ཆེས་གཅིག་སྡུད་ཁུལ་གྱི་གྲས་ཤིག་ཡིན་པའི་མཚོ་སྔོན་གྱིས་ད་ཕན་ལོ་ཤས་རིང་གཙང་གསུམ་ཆུ་འགོ་དང་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་གཉིས་ཀྱི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་མ་ཟད། རྒྱལ་ཡོངས་ཀྱི་སྔོན་དུ་རྒྱལ་ཁབ་སྤྱི་གླིང་གིས་གཙོ་བོར་བྱེད་པའི་རང་བྱུང་སྲུང་སྐྱོང་མ་ལག་དཔེ་སྟོན་ཞིང་ཆེན་བསྐྲུན་ཡོད།

    རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་སྐབས་དང་པོའི་ཐོག་རིགས་གཅིག་མཁས་ཅན་ཚོས་མི་རབས་ནས་མི་རབས་བར་གཙང་གསུམ་ཆུ་འགོའི་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ཁུལ་ནང་སྡོད་མཁན་འབྲོག་པ་ཚོའི་ངོས་ནས་བརྗོད་ན། གཙང་གསུམ་ཆུ་འགོ་ནི་ཁོ་ཚོའི་སྲོལ་རྒྱུན་རིག་གནས་ཀྱི་ཆ་ཤས་ཡིན་ཞིང་། ས་གནས་མང་ཚོགས་གཙང་གསུམ་ཆུ་འགོའི་སྣོད་བཅུད་དོ་དམ་སྲུང་སྐྱོང་ནང་ཐད་ཀར་ཞུགས་པ་དེ་ནི་ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ནང་གི་བཀྲག་མདངས་འཚེར་ས་ཞིག་དང་མི་དང་རང་བྱུང་ཁམས་འཆམ་མཐུན་མཉན་གནས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་དེ་ཡང་འབྱུང་འགྱུར་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་པའི་འགག་རྩ་ཞིག་ཀྱང་རེད།

    མཚོ་སྔོན་འདི་ཉིད་ཀྲུང་གོ་དང་ཐ་ན་གོ་ལ་ཧྲིལ་པོའི་སྣོད་བཅུད་ཤེས་དཔལ་སྲོལ་གཏོད་ཀྱི་གལ་འགངས་ཆེ་བའི་ནང་ཞུགས་མཁན་དང་། ལེགས་སྐྱེས་འབུལ་མཁན། སྣེ་ཁྲིད་བྱེད་མཁན་བཅས་སུ་འགྱུར་བཞིན་ཡོད། ཀྲུང་གོའི་འབྱུང་འགྱུར་གྱི་རྒྱལ་ཁབ་སྤྱི་གླིང་ལ་འཛམ་གླིང་གིས་རེ་སྒུག་བྱེད་བཞིན་ཡོད། གཙང་གསུམ་ཆུ་འགོར་རྟོག་ཞིབ་ཐེངས་མང་བྱེད་མྱོང་བའི་དབྱིན་ཇིའི་ཁོར་ཡུག་དང་འདབ་ཆགས་རིགས་གཅིག་མཁས་ཅན་ཐང་རུའེ་ཡིས་གསར་འགོད་པར། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ནང་མི་རྣམས་ཀྱིས་རང་བྱུང་དང་འབྲེལ་འདྲིས་ཀྱི་ཐུན་མོང་མིན་པའི་མྱོང་རོལ་ཐུབ་པ་དང་། རྒྱལ་ཁབ་སྤྱི་གླིང་གི་དམིགས་བསལ་རང་བྱུང་ཐོན་ཁུངས་དང་ས་གནས་ཀྱི་དམིགས་བསལ་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལས་འབྱུང་འགྱུར་ཀྲུང་གོར་ཆེད་ལས་རྩེ་གྲའི་འཛམ་གླིང་རིམ་པའི་རྒྱལ་ཁབ་སྤྱི་གླིང་ཞིག་དབང་རྒྱུ་རེད་ཅེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།