[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་པོར་སྲུང་བ་དང་འགན་འཁུར་ཕོད་པ་དང་བྱས་རྗེས་འཇོག་ཕོད་པ།

    བོད་ཀྱིས“དུས་རབས་ཀྱི་མིག་དཔེ”སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གི་སྔོན་ཐོན་བྱས་རྗེས་སྙན་ཞུའི་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-20

    “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་སྤེལ་རྒྱུའི་སྐོར་གྱི་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང་། ཚེས་16ཉིན་གྱི་སྔ་དྲོར། “དུས་རབས་ཀྱི་མིག་དཔེ”སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གི་སྔོན་ཐོན་བྱས་རྗེས་སྙན་ཞུའི་ཚོགས་འདུ་བོད་ལྗོངས་མི་དམངས་ཚོགས་ཁང་ཆེ་མོར་འཚོགས་པ་རེད།

    སྙན་ཞུའི་ཚོགས་འདུའི་ཐོག “དུས་རབས་ཀྱི་མིག་དཔེ”སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གི་སྔོན་ཐོན་བྱས་རྗེས་ལ་སློབ་སྦྱོང་གཏིང་ཟབ་བྱེད་པ་ལས་འགན་གཙོ་བོར་བྱས་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་ཕུགས་བསམ་དང་དད་སེམས་བརྟན་པོར་སྲུང་བ་དང་། བླ་ན་མེད་པའི་བསམ་བློ་གཏོང་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཐོག་མའི་བསམ་འདུན་གྱི་འགན་འཁྲི་བརྟན་པོར་སྲུང་བ། འགན་འཁུར་ཕོད་པ་དང་བྱས་རྗེས་འཇོག་ཕོད་པ་བཅས་བྱས་ནས་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་པའི་སྐུལ་ལྕག་བྱས་པ་དང་འབྲེལ། སློབ་གསོ་ཡང་བཏང་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་སྙན་ཞུའི་ཚོགས་འདུར་མི་800ལྷག་ཙམ་ཞུགས་ཡོད་པ་དང་། སྙན་ཞུའི་ཚོགས་འདུས་ད་དུང་བརྙན་འཕྲིན་ཁ་པར་ཚོགས་འདུའི་འཚོག་སྟངས་སྤྱད་དེ། ཤང་དང་གྲོང་རྡལ་རིམ་པ་དང་པོར་འཚོགས་པ་མ་ཟད། ལྷོ་ཁ་དང་ཆབ་མདོ་སོགས་གྲོང་ཁྱེར་དང་ས་ཁུལ་6ལ་ཡན་ལག་ཚོགས་ར་ཡང་བཙུགས་ཡོད་པ་རེད།

    དེ་དང་ཆབས་ཅིག་སྙན་ཞུའི་ཚོགས་འདུའི་ཐོག་ལྷུན་རྩེ་རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཡུལ་སྨད་ཤང་ཏང་ཀྲི་པུའི་ཧྲུའུ་ཅི་ཟླ་བ་དང་། ཡུལ་སྨད་ཤང་མི་དམངས་སྲིད་གཞུང་གི་ལས་བྱེད་པ་བསོད་ནམས་དོན་གྲུབ(གཡང་འཛོམས་ཀྱི་བུ) ལྷུན་རྩེ་རྫོང་མི་སྤྱི་ཅུས་ཀྱི་ལས་བྱེད་པ་ལི་ཅན་ཕིང་། བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགོད་པ་ཚེ་རིང་ལྷ་མོ་བཅས་སྙན་ཞུ་ཚོགས་པའི་ཁོངས་མི་6གདན་དྲངས་པ་དང་། ཁོ་ཚོས་ལྟ་སྟངས་མི་འདྲ་བ་ནས“མི་གསུམ་ཤང”གི“རྒྱལ་གཅེས་མཐའ་སྲུང་གི་སྐལ་བཟང་མེ་ཏོག་མཛེས་ཤོས”ཀྱི་མི་སེམས་འགུལ་བའི་ཡུལ་སྨད་ཀྱི་གཏམ་རྒྱུད་བརྗོད་དེ་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་གསོན་ཉམས་ལྡན་པའི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་སློབ་ཚན་ཞིག་ཁྲིད་པས། ཚོགས་ཞུགས་བློ་མཐུན་ཚོའི་བསམ་བློར་ཞུན་བརྡར་དང་སེམས་འགུལ་ཐེབས་ཡོད་པ་རེད། ཁོ་ཚོའི་བྱས་རྗེས་ལས་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་གྱི་དར་ཆ་མཐོན་པོར་སྒྲེང་བ་དང་། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ཀུན་སེམས་གཅིག་མཐུན། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་བཅས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་རྩོམ་ཆེད། འབད་བརྩོན་ལྷོད་མེད་བྱེད་པའི་བསམ་པའི་ཉམས་འགྱུར་གཅིག་སྡུད་མངོན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།