[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • སི་ཁྲོན་འཛམ་ཐང་གིས་མོག་རོ་བཏབ་ནས་ཡོང་འབབ་མཐོ་རུ་བཏང་བ།

  • ཡོང་ཁུངས།   མི་དམས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-14

    651916_yis_1565672951954.jpg

    འདི་ནི་ཟླ་8ཚེས་10ཉིན། སི་ཁྲོན་འཛམ་ཐང་གི་དར་རྐུ་ཞོལ་མ་གྲོང་ཚོའི་གྲོང་མིས་བེ་ཤིང་མོག་རོའི་ཞིང་ཁར་གཡོག་བྱེད་བྱེད་པའི་གནས་ཚུལ་ཡིན་པ།

    2018ལོ་ཚུན་དུ། སི་ཁྲོན་ཞིང་ཆེན་འཛམ་ཐང་རྫོང་སི་ལི་ཤང་དར་རྐུ་ཞོལ་མ་གྲོང་ཚོར་བཅའ་སྡོད་ཤར་ཕྱོགས་གློག་ཤུགས་ཚོགས་པ་ཤར་ཕྱོགས་རླངས་སྒུལ་འཕྲུལ་འཁོར་ཚད་ཡོད་ཀུང་སིའི་ལས་དོན་རུ་ཁག་གི་དབུལ་སྐྱོར་ལས་བྱེད་པས་ས་གནས་དེ་གའི་ཐོན་ཁུངས་སྔོག་འདོན་བྱས་ཐོག བོད་རིགས་མང་ཚོགས་ཀྱིས་འབུད་ཤིང་དུ་སྤྱོད་པའི་བེ་ཤིང་གཞི་རྟེན་དུ་བྱས་ནས། གྲོང་མི་ཚོར་ཁང་པའི་རྒྱབ་མདུན་གྱི་ས་སྟོང་དང་ཞིང་ལས་སྐྱེ་དངོས་འདེབས་རྒྱུར་མི་འཚམ་པའི་ས་རྒོད་ཐོག་བེ་ཤིང་མོག་རོ་འདེབས་རྒྱུའི་སྣེ་ཁྲིད་བྱས་པ་དང་། མིག་སྔར་བེ་ཤིང་རྐང་ཁྲི་3.5ཚད་ལྡན་འདེབས་འཛུགས་བྱས་ཡོད་པར་ལོ་ལྔའི་ནང་ཆ་སྙོམས་ལོ་རེར་མོག་རོ་ཐེངས་7ཐོན་སྐྱེད་ཐུབ་ནས། གྲོང་མི་ཚོར་འབབ་འཕར་གྱི་ཐབས་ལམ་གསར་པ་ཞིག་བཏོད་དེ་དབུལ་སྒྲོལ་གྲུབ་འབྲས་སྲ་བརྟན་དུ་བཏང་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།