
དཔེ་མཛོད་ཁང་འདི་ནི་ལོ་གཉིས་ཀྱི་གོང་དུ་ཀོང་ཏུང་ཞིང་ཆེན་རིག་གནས་ཐིང་གིས་སྐྲུན་རོགས་བྱས་པ་དང་། ཀླུ་ནང་ཕུགས་འདུན་ཀུན་གཏོད་ཀྱིས་གཉེར་འགན་འཁུར་བ་ཞིག་རེད། དཔེ་མཛོད་ཁང་གིས་ཡུལ་སྐོར་བ་དང་། ཀློག་པ་པོར་རིན་མེད་ངང་དཔེ་དེབ་ལྟ་ཀློག་དང་། གཡར་བ། བཏུང་བྱ་མཁོ་འདོན་བཅས་བྱེད་ཀྱི་ཡོད་པ་མ་ཟད། དཔེ་མཛོད་ཁང་དུ་བོད་ཀྱི་རིག་གནས་སྐོར་གྱི་དཔེ་དེབ་ཁག་གཅིག་ཆེད་མངགས་བཀོད་སྒྲིག་བྱས་ཡོད་ཅིང་། འདི་ནི་ཡུལ་སྐོར་བ་ཞིག་གིས་བོད་ལྗོངས་ཉིང་ཁྲི་ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུའི་ཀོང་ཏུང་ཞིང་ཆེན་ལི་ཀྲུང་ཧྲན་དཔེ་མཛོད་ཁང་ཀླུ་ནང་ཡན་ལག་ཁང་དུ་དཔེ་དེབ་ལ་ལྟ་བཞིན་པ།