[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་བྱ་ཐབས་སྣ་མང་སྤྱད་དེ་ཆུ་སྤྱོད་པའི་ཕན་འབྲས་མཐོ་རུ་བཏང་བ།

  • ཡོང་ཁུངས།   མི་དམས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-20

    སེམས་ཀྱི་ཉི་ཟླའི་དྲ་བའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཉེ་བའི་ལོ་ཤས་རིང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་སྤྱི་ཚོགས་ལས་རིགས་ཁག་ཆུ་གྲོན་ཆུང་རྣམ་པའི་སྤྱི་ཚོགས་འཛུགས་སྐྲུན་ལ་ཞུགས་རྒྱུར་ཁྲིད་སྟོན་དང་སྐུལ་སློང་ཧུར་ཐག་བྱས་པ་དང་ཆུ་གྲོན་ཆུང་ལ་བརྟེན་ནས་ཆུ་སྤྱོད་པའི་ཕན་འབྲས་ཆེ་རུ་བཏང་སྟེ་ཆུ་གྲོན་ཆུང་སྤྱི་ཚོགས་ཀྱི་དར་སྲོལ་ཞིག་བཏོད་ཡོད།

    སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཆུ་གྲོན་ཆུང་གི་དཔྱད་ཞིབ་དོ་དམ་ལ་ཤུགས་སྣོན་དང་། ཆུ་གྲོན་ཆུང་གི“དུས་མཚུངས་གསུམ”གྱི་དོ་དམ་ལ་ཤུགས་སྣོན། ཆུ་གྲོན་ཆུང་ཐོན་རྫས་ཀྱི་ཁྲོམ་རའི་འཇུག་འཐུས་ལམ་ལུགས་བཟོ་བ་དང་འཐུས་སྒོ་ཚང་དུ་གཏོང་བ། ཆུ་གྲོན་ཆུང་གི་འགན་འཁྲིའི་ལམ་ལུགས་དང་ལས་རྗེས་དཔྱད་ཞིབ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། དཔྱད་ཞིབ་ལྟ་སྐུལ་ནན་དུ་གཏོང་བ་བཅས་བྱས་ཏེ་རིམ་པ་བཞིན་འགན་འཁྲི་ཡོད་པ་དང་རིམ་པ་བཞིན་དོན་འཁྱོལ་ལ་དམ་འཛིན་བྱས་པ་དང་། ཆུ་གྲོན་ཆུང་གི་ལག་རྩལ་ཁྱབ་གདལ་ཤུགས་ཆེན་བཏང་ནས་ས་མཐོའི་ཁྱད་ལྡན་ཞིང་ལས་དང་། ཐོན་ལས། ཁྱད་ལྡན་འདེབས་འཛུགས་ལས་རིགས་ཀྱི་ཆུ་འདྲེན་ཁུལ་སོགས་ཞིང་ལས་ཀྱི་ཆུ་འདྲེན་མ་ཡུར་དང་ཡན་ལག་ཆུ་ཡུར་ལྷན་སྦྱར་དང་མདོང་ལམ་ཆུ་འདྲེན་སོགས་ཆུ་གྲོན་ཆུང་གི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་ཡུལ་བབ་དང་བསྟུན་ནས་ཐིགས་ཆུ་གཏོང་བ་དང་སིམ་ཆུ་གཏོང་བ་སོགས་ནུས་པ་ཆེ་བའི་ཆུ་གྲོན་ཆུང་གི་འདྲེན་སྟངས་ཁྱབ་གདལ་ཤུགས་ཆེན་བཏང་ནས་ཞིང་ལས་ཀྱི་ཆུ་སྤྱོད་པར་ཚད་འཇལ་རིན་པ་བསྡུ་རྒྱུར་སྐུལ་འདེད་བཏང་བ། ཞིང་ལས་ཀྱི་ནུས་པ་ཆེ་བའི་ཆུ་གྲོན་ཆུང་མ་ལག་འཛུགས་སྐྱོང་མྱུར་དུ་བཏང་བ་དང་ཆུ་གྲོན་ཆུང་ངང་འདྲེན་པའི་འདུ་འགོད་འཛུགས་སྐྲུན་དང་ཆུ་གྲོན་ཆུང་གི་སྒྱུར་བཀོད་ལ་ཤུགས་སྣོན་བརྒྱབ་ནས་སྲུང་སྐྱོང་རང་བཞིན་གྱི་རྨོ་འདེབས་དང་། ཞིང་ལས་ལག་རྩལ་ལ་བརྟེན་ནས་ཆུ་གྲོན་ཆུང་དང་སེར་སྲུང་བ། ཆུ་ལུད་གཞི་གཅིག་ཅན། ཐིགས་ཆུ་གཏོང་བ་སོགས་ཀྱི་ལག་རྩལ་ཁྱབ་གདལ་བཏང་བ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་གྲོང་ཁྱེར་རིམ་པའི་ལས་ཁུངས་40%ཆུ་གྲོན་ཆུང་གི་ཚན་པའི་ཚད་གཞིར་སླེབས་པ་དང་། གློག་ཤུགས་དང་། ངར་ལྕགས། རྫས་འགྱུར། བཟའ་བཅའ་བསྙལ་བ་སོགས་ཆུ་ཟད་གྲོན་ཆེ་བའི་ལས་རིགས་དག་སྔོན་ཐོན་གྱི་བཅད་གྲངས་ཚད་གཞིར་སླེབས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།