[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • ལྷིང་འཇགས་ཀྱི་ཁུ་ཁུ་ཤི་རིར་མེ་མདའི་སྒྲ་ཐོས་རྒྱུ་མེད།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-11

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་7ཚེས་9ཉིན་གློག་འཕྲིན་འབྱོར་གསལ། སྣོད་བཅུད་སྲུང་སྐྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་བསྟུན་ནས། 2006ལོ་ནས་ད་བར། ཁུ་ཁུ་ཤི་རིར་མེ་མདའི་སྒྲ་ཐོས་རྒྱུ་མེད། ལྐོག་ཏུ་རྔོན་རྒྱག་པ་དང་ལྐོག་ཏུ་གསེར་འདོན་པའི་བྱེད་སྤྱོད་རིམ་པས་གཏན་འགོག་ཐུབ་ཡོད། ཁུ་ཁུ་ཤི་རི་མངོན་མིན་རིག་གནས་ཤུལ་བཞག་ལ་གྲུབ་འབྲས་ཐོབ་པའི་ངང་བཅུག་ནས་ལོ་2འཁོར་རིང་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མང་པོས་ཁུལ་དེའི་རང་བྱུང་མཛེས་ལྗོངས་ཉམས་སུ་མྱོང་བ་དང་བདག་ཏུ་མ་བཟུང་བའི་སྲོག་ཆགས་ལ་ལྟ་བར་འགྲོ་མཁན་མང་དུ་སོང་ནས་མིའི་རིགས་ཐུན་མོང་ལ་དབང་བའི་རང་བྱུང་རྒྱུ་ནོར་མཉམ་སྤྱོད་བྱེད་ཀྱི་ཡོད།

    གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་འབྲི་ཆུའི་འགོ་ཁུངས་གླིང་ཁུལ་ཁུ་ཁུ་ཤི་རི་དོ་དམ་ཁྲུའུ་ཡི་ཀྲུན་རེན་འབུམ་འབྲུག་གིས། དུས་རབས་20པའི་ལོ་རབས་90ནས་བཟུང་ཁུ་ཁུ་ཤི་རིའི་རི་སྐོར་རུ་ཁག་གི་རུ་མིས་བྱེ་གསེར་ལྐོག་ཏུ་བཏོན་པ་དང་གཙོད་ལྐོག་ཏུ་རྔོན་རྒྱག་པའི་ཁྲིམས་འགལ་བ་དང་ཡུན་རིང་འཐབ་རྩོད་བྱས་ཡོད། སྐབས་དེར་འབྲི་སྟོད་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱས་བཟང་བསོད་ནམས་དར་རྒྱས་ཀྱིས་ཉི་མའི་མཚེའུ་འགྲམ་དུ་རྔོན་རྒྱག་མཁན་དང་འཛིན་སྐབས་མེ་མདའ་ཕོག་ནས་སྐུ་གཤེགས་པ་དང་སྐུ་གཤེགས་སྐབས་ལོ་40ཡིན་པ་རེད།

    འབུམ་འབྲུག་གིས་དུས་ཡུན་རིང་པོའི་ནང་ཡངས་ཤིང་རྒྱ་ཆེ་བའི་མི་མེད་ཁུལ་གྱི་ཁོར་ཡུག་ཧ་ཅང་ཞན་པའི་ཁུ་ཁུ་ཤི་རིར་རི་སྐོར་རྒྱག་མཁན་རུ་མི་ཚོས་ལྷོད་གཡེང་གཏན་ནས་མི་གཏོང་བར་ཁྲིམས་འགལ་བ་གཏན་འགོག་མཐའ་གཅིག་ཏུ་བྱས་ཡོད།

    2006ལོ་ནས་ད་བར་གྱི་ལོ་བཅུ་རིང་ཁུ་ཁུ་ཤི་རིར་མེ་མདའི་སྒྲ་ཐོས་རྒྱུ་མེད། སྣོད་བཅུད་མུ་མཐུད་སླར་གསོ་བྱུང་བ་དང་བསྟུན། ས་གནས་ཀྱི་རྩྭ་ཆུ་བཟང་བ་དང་གནམ་དྭངས་བའི་རྣམ་པ་སླར་ཡང་མངོན་ནས་ས་ཁོངས་ཀྱི་གཙོད་རིམ་བཞིན་མང་དུ་ཕྱིན་ནས་ཁྲི་6ལྷག་ཙམ་ཟིན་ཡོད་པ་རེད།

    རང་བྱུང་གི་རིན་ཐང་ཆེན་པོར་བརྟེན་ནས་ལོ་2གོང་། ཕོ་ལན་ཁོ་ལ་ཁོ་ཧྥུར་འཚོགས་པའི་སྐབས་41པའི་འཛམ་གླིང་མངོན་མིན་རིག་གནས་ཤུལ་བཞག་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་ཁུ་ཁུ་ཤི་རི་འདི་ཉིད་འཛམ་གླིང་གི་རང་བྱུང་ཤུལ་བཞག་ནང་བཅུག་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།