[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • རིག་གནས་ཐོན་ཁུངས་མཉམ་སྤྱོད་ཀྱིས། མང་ཚོགས་ཚང་མར་ཕན་པ་ཐོབ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-20

    ཉིན་ཤས་གོང་། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་རིག་གནས་ཡུལ་སྐོར་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས་ཀྱི་གློག་བརྙན་དོ་དམ་ས་ཚིགས་ཀྱིས་གོང་རིམ་ལས་སྒོའི་སྡེ་ཚན་གྱི་བླང་བྱ་ལྟར། དབུལ་སྒྲོལ་འགག་སྒྲོལ་གྱི་སྐར་འོད་བྱ་སྤྱོད་ཀྱི“ལྷ་ཡུལ་གློག་བརྙན་ཁང”གི་སྤྱི་ཕན་མཉམ་གཏོད་འཆར་གཞི་བརྗོད་དོན་གཙོ་བོར་བྱས་པའི་གློག་བརྙན་སློབ་གྲྭར་སྟོན་པའི་བྱེད་སྒོ་གཏིང་ཟབ་སྤེལ་བས་སློབ་གྲྭ་ཁག་གི་དགེ་སློབ་ཀྱི་དགའ་བསུ་ཐོབ་པ་རེད།

    616673_yis_1556252580845.jpg

    འདི་ནི་གློག་བརྙན་སྟོན་མཁན་གྱིས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་ནན་ཅིང་ཚོད་ལྟའི་སློབ་ཆུང་དུ་དགེ་སློབ་ཚོར་གློག་བརྙན་སྟོན་བཞིན་པ།

    616671_yis_1556252580517.jpg

    འདི་ནི་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་ཐོན་པ་ཤང་ཐོན་མདའ་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི“ཞིང་པའི་དཔེ་དེབ་ཁང”དུ་ལས་བྱེད་པ་དང་མང་ཚོགས་ཀྱིས་དཔེ་དེབ་ལྟ་བཞིན་པ།

    616672_yis_1556252580689.jpg

    འདི་ནི་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་ཐོན་པ་ཤང་ཐོན་མདའ་གྲོང་ཚོའི་གྲོང་མིས་གྲོང་ཚོ་ཨུ་ལྷན་གྱི་བྱེད་སྒོའི་ལྟེ་གནས་སུ་སྒྲོམ་སྟེགས་སྤོ་ལོ་རྒྱག་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།