[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • མཚོ་སྔོན་གྱི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལས་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་འཕེལ་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-13

     2018ལོར་མཚོ་སྔོན་ཞིང་ཆེན་གྱིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་བཏང་ཚུན། ཞིང་ཆེན་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་སྐྱོན་བྲལ་དང་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་བ་དང་། དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱས་པའི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཏེ་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་འཕེལ་ཡོད་པ་རེད།

    2018ལོར་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པས་མཉམ་འདྲེས་གསར་གཏོད་ཁྲོད་གྲུབ་འབྲས་གསར་པ་དང་ཕན་འབྲས་གསར་པ་ཐོན་པ་དང་། བོད་རིགས་དང་། ཆའང་རིགས། དབྱིས་རིགས་བཅས་ཀྱི་རིག་གནས་ཐོན་ལས་བར་ཁྱམས་འཛུགས་སྐྱོང་ལ་སྐུལ་འདེད་ཧུར་ཐག་བཏང་བས་རྣམ་གྲངས་7ལ་རིག་གནས་དང་ཡུལ་སྐོར་པུའུ་ཡི་རོགས་སྐྱོར་ཐོབ་པ་དང་རྣམ་གྲངས་20ལ་ཞིང་ཆེན་ནོར་སྲིད་ཀྱི་རོགས་སྐྱོར་ཐོབ་ཅིང་། ས་ཁོངས་ཡོངས་ཀྱི་ཡུལ་སྐོར་རིམ་བཞིན་དར་བ་དང་། གསར་བརྗེའི་རིག་གནས་ཡུལ་སྐོར་དང་གྲོང་གསེབ་ཀྱི་རིག་གནས་ཡུལ་སྐོར་འཕེལ་རྒྱས་མགྱོགས་པོ་བྱུང་ཡོད་པ་རེད། རིག་གནས་དང་ཡུལ་སྐོར་པུའུ་དང་ཞིང་ཆེན་སྲིད་གཞུང་གིས《ཤིན་ཏུ་དབུལ་བའི་ས་ཁུལ་གྱི་རིག་གནས་འཛུགས་སྐྱོང་དང་ཡུལ་སྐོར་འཕེལ་རྒྱས་ལས་དོན་ལ་རྒྱབ་སྐྱོར་བྱེད་པའི་ལག་བསྟར་ཇུས་གཞིར(2018ལོ་ནས་2020ལོའི་བར)》མཉམ་དུ་མིང་རྟགས་བཀོད་ནས། ཉེ་བའི་ལོ་གསུམ་རིང་གི་མཚོ་སྔོན་གྱི་རིག་གནས་དང་ཡུལ་སྐོར་འཛུགས་སྐྱོང་གི་ཕྱོགས་13ཐད་ཀྱི་རྣམ་གྲངས་79ལ་རྒྱབ་སྐྱོར་བྱ་རྒྱུ་གཏན་འཁེལ་བྱས་པ་རེད། ཡུལ་སྐོར་འཕེལ་རྒྱས་གཏོང་བའི་ཆེད་དོན་མ་དངུལ་སྒོར་ཁྲི་2710བཀོད་སྒྲིག་བྱས་ཏེ་གྲོང་གསེབ་ཀྱི་རིག་གནས་དང་ཡུལ་སྐོར་དབུལ་སྐྱོར་ཐད་བཏང་བ་དང་། “མངོན་མིན་རིག་གནས་ཤུལ་བཞག+”དང“མངོན་མིན་རིག་གནས་ཤུལ་བཞག་གི་དབུལ་སྐྱོར་ལས་ཞུགས་བཟོ་ཁང”གི་ལས་དོན་ལ་སྐུལ་འདེད་བརྟན་པོ་བཏང་ཡོད་པ་རེད།

    2019ལོར་མཚོ་སྔོན་ཞིང་ཆེན་གྱིས་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་ཡོངས་བཤེར་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་བཙུགས་ཏེ། གསར་བརྗེའི་རིག་གནས་ཡུལ་སྐོར་ལ་སྐུལ་འདེད་བཏང་ནས་གངས་འཁྱགས་རིག་གནས་ཀྱི་ཡུལ་སྐོར་དང་། ཆུ་ཚན་གྱི་ཡུལ་སྐོར། སྒེར་འཁོར་བཏང་ནས་ཡུལ་སྐོར། བོད་ཀྱི་གསོ་བ་རིག་པའི་སྐྱོན་བྲལ་ཡུལ་སྐོར་སོགས་ལས་རྣམ་འཕེལ་རྒྱས་ཡོང་བར་གོ་རིམ་ལྡན་པའི་ངང་ཁྲིད་སྟོན་དང་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།