[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • མཚོ་སྔོན་གྱིས“ཁ་གསལ་གཅིག་དང་མཐོར་གཏོང་གཉིས”ལ་བརྟེན་ནས་གྲོང་སྡོད་ལས་བྱེད་པའི་འཚོ་བ་འགན་སྲུང་རིམ་སྤོར་གྱི་བྱ་ཐབས་བཟོས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-11

    གསར་འགོད་པས་མཚོ་སྔོན་ཞིང་ཨུད་རྩ་འཛུགས་པུའུ་ནས་ཤེས་རྟོགས་བྱས་པར། མཚོ་སྔོན་གྱིས་གྲོང་སྡོད་ལས་བྱེད་པའི་འཚོ་བ་འགན་སྲུང་བྱ་ཐབས་ནན་དུ་གཏོང་བ་དང“ཁ་གསལ་གཅིག་དང་མཐོར་གཏོང་གཉིས”ལ་དམ་འཛིན་མངོན་གསལ་དོད་པོ་བྱས་ནས་དབུལ་སྐྱོར་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་པའི་ཧྲུའུ་ཅི་དང་པོ་དང་གྲོང་སྡོད་ལས་དོན་རུ་མི་7030ཡིས་བློ་སྟོབས་གཅིག་ཏུ་བསྒྲིལ་ནས་འཐབ་ཕྱོགས་དང་པོར་གཞི་ཚུགས་ཏེ་དབུལ་སྒྲོལ་ལས་ལ་གཞོལ་རྒྱུའི་འགན་ལེན་བྱས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། མཚོ་སྔོན་གྱིས་གྲོང་སྡོད་ལས་བྱེད་པའི་འཚོ་བའི་ཁ་གསབ་ཚད་གཞི་ཁ་གསལ་བཟོས་ཤིང་། 《ཧྲུའུ་ཅི་དང་པོ་དང་གྲོང་སྡོད་ལས་དོན་རུ་ཁག་གི་དོ་དམ་བྱ་ཐབས》ལག་བསྟར་ནན་ཏན་བྱས་ནས་དཀའ་ཚེགས་ཆེ་བའི་ཐག་རིང་ལུང་ཁུག་ཁུལ་གྱི་ཁ་གསབ་དངུལ་དང་། མཚོ་སྔོན་གྱི་ཁ་གསབ་དངུལ། ཤང་དང་གྲོང་རྡལ་ལས་དོན་གྱི་ཁ་གསབ་དངུལ་བཅས་འདང་ངེས་དོན་འཁྱོལ་བྱས་པའི་རྨང་གཞིའི་ཐོག གྲོང་སྡོད་ལས་བྱེད་པའི་འཚོ་བའི་ཁ་གསབ་དངུལ་གྱི་ཚད་གཞི་སྔར་བས་ཚད་ལྡན་དུ་བཏང་ནས་དེ་སྔོན་གྱི་གཞུང་དོན་ཕྱིར་སྐྱོད་གྲོན་དངུལ་ཁྲོད་ནས་ཟས་གྲོན་གྱི་ཁ་གསབ་དངུལ་གྱི་ཚད་གཞི་གཞིར་བཟུང་མི་རེར་ཉིན་རེར་སྒོར་60སྤྲོད་རྒྱུ་གསལ་པོ་བཟོས་པ་དང་འབྲེལ། རྒྱུན་གཏན་གྱི་ལས་ཞུགས་ཞིབ་བཤེར་དང་ཟུང་འབྲེལ་བྱས་ཐོག དེ་སྔོན་གྱི་གྲོང་སྡོད་ལས་བྱེད་པའི་འཚོ་བའི་ཁ་གསབ་སྤྲོད་པའི་ཚད་གཞི་གཅིག་པ་མིན་པ་དང་། འགན་འཁྲི་གསལ་པོ་མེད་པ། དོན་འཁྱོལ་བྱེད་དཀའ་བ་བཅས་ཀྱི་གནད་དོན་ཐག་གཅོད་བྱས་ཡོད་པ་རེད།

    དེ་དང་དུས་མཚུངས། གྲོང་སྡོད་ལས་དོན་གྱི་གྲོན་དངུལ་ཚད་གཞི་མཐོ་རུ་བཏང་ཞིང་། 《མཚོ་སྔོན་ཞིང་ཆེན་གྱི་གྲོང་སྡོད་ལས་དོན་གྱི་གྲོན་དངུལ་བེད་སྤྱོད་དོ་དམ་བྱ་ཐབས(ཚོད་ལྟའི་ལག་བསྟར)》བཏོན་ནས་གྲོང་སྡོད་ལས་དོན་གྱི་གྲོན་དངུལ་གཏོང་སྤྲོད་དང་། འགྲོ་སོང་རྩིས་ཞུ། དོ་དམ་བཅས་ཚད་ལྡན་དུ་བཏང་ཡོད། གྲོང་སྡོད་ལས་བྱེད་པ་གྲོང་ཚོར་བཅའ་སྡོད་བྱེད་རིང་སྤྱི་འཁོར་བེད་སྤྱོད་མ་བྱས་པར་ལས་དོན་སྤེལ་བའི་སྤྱི་པའི་འགྲིམ་འགྲུལ་གྲོན་དངུལ་དང་། སྣུམ་གྲོན། ལམ་གྲོན་བཅས་ཀྱི་འགྲོ་སོང་རྩིས་ཞུ་བྱེད་ཆོག་པ་ཐོག་མར་ཁ་གསལ་བཟོས་པས་གྲོང་སྡོད་ལས་བྱེད་པས་ཡོངས་ཁྱབ་ངང་ཤོད་པའི“སྒེར་འཁོར་གཞུང་སྤྱོད”ཀྱི་གྲོན་དངུལ་རྩིས་ཞུ་བྱེད་ཐབས་མེད་པའི་གནད་དོན་རྦད་དེ་ཐག་གཅོད་ཐུབ་ཡོད། གྲོན་དངུལ་གཏོང་སྤྲོད་ཀྱི་ཞིབ་མཆན་འགོད་པ་དང་འགྲོ་སོང་རྩིས་ཞུ་བྱེད་པའི་བརྒྱུད་རིམ་ཞིབ་ཚགས་སུ་བཏང་སྟེ་རྫོང་རིམ་པའི་རྩ་འཛུགས་དང་། ནོར་སྲིད། རྩིས་བཤེར་སོགས་སྡེ་ཚན་དང་ཤང་དང་གྲོང་རྡལ་སྲིད་གཞུང་གི་དོ་དམ་ལྟ་སྐུལ་འགན་འཁྲི་ནན་དུ་བཏང་ཐོག་གྲོང་སྡོད་ལས་བྱེད་པས་རོགས་སྐྱོར་ལས་དོན་སྤེལ་རྒྱུར་འགན་ལེན་ནུས་ལྡན་བྱས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།