[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • ཡུལ་ཤུལ་དྭ་ཕྲུག་སློབ་གྲྭའི་ནང་གི་ལྷད་མེད་བརྩེ་སེམས།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-18

    613461_yis_1555476308431.jpg

    འདི་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་བརྒྱད་གཅིག་དྭ་ཕྲུག་སློབ་གྲྭའི་སློབ་མ་ལྷག་སྐྱིད་སྒྲོལ་མ་ཡིན་པ།

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་4ཚེས་16ཉིན་གློག་འཕྲིན་འབྱོར་གསལ། བློ་གྲོས་རྒྱ་མཚོ་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་བརྒྱད་གཅིག་དྭ་ཕྲུག་སློབ་གྲྭའི་དམའ་རིམ་སློབ་འབྲིང་འཛིན་གྲྭ་གསུམ་པའི་སློབ་མ་རེད། ཚེས་13ཉིན་གསར་འགོད་པར་སློབ་གྲྭའི་ནང་དུ་ཁོང་འཕྲད་སྐབས་ཁོང་སློབ་གྲོགས་ཚོ་དང་རྒྱང་བསྒྲགས་ལུས་རྩལ་རྩེ་བཞིན་འདུག ས་མཐོར་རབ་ཏུ་འཚེར་བའི་ཉི་འོད་འོག་ཁོང་གི་བོད་ཆས་གསེར་པོ་དེ་དེ་བས་མཛེས་པར་སྣང་།

    བློ་གྲོས་རྒྱ་མཚོ་ཆུང་དུས་ནས་ཨ་མ་གྲོངས་པ་དང་། ལོ་9ཡི་གོང་ས་ཡོམ་ཁྲོད་པ་ཕའང་གྲོངས་པ་དེས་སྐབས་དེ་དུས་སློབ་ཆུང་ལོ་རིམ་དང་པོར་སྐྱོད་བཞིན་པའི་ཕྲུ་གུ་དེར་སེམས་སྡུག་ཚད་མེད་བཟོས། ཡིན་ནའང་སློབ་གྲྭའི་དགེ་རྒན་དང་གཅེན་པོ་གཅེན་མོ་ཚོའི་སེམས་ཁུར་ཚད་མེད་འོག་སྡུག་རུས་འཁྱོགས་པའི་ཁམས་པའི་བུ་དེ་གཞི་ནས་སེམས་རྣལ་དུ་ཕབ་ཐུབ་ཙམ་བྱུང་ཡོད།

    སློབ་གྲྭའི་ཀུན་སྤྱོད་སློབ་གསོ་ཁྲུའི་ཀྲུའུ་རེན་པད་མ་དབང་ཆེན་གྱིས་སློབ་གྲྭར་ད་ཆ་སློབ་མ་467ཡོད་པ་དེ་དག་ཡུལ་ཤུལ་གྲོང་ཁྱེར་དང་རྫོང་ལྔ་ནས་ཡོང་བ་ཤ་སྟག་ཡིན་པ་དང་མང་ཆེ་བ་བློ་གྲོས་རྒྱ་མཚོ་དང་འདྲ་བར་ས་ཡོམ་ཁྲོད་ཕ་མ་གྲོངས་ནས་དྭ་ཕྲུག་ཏུ་གྱུར་བ་ཞིག་རེད་ཅེས་བཤད།

    ཡུལ་ཤུལ་བརྒྱད་གཅིག་དྭ་ཕྲུག་སློབ་གྲྭར་ལོ་རིམ་9ཡོད་པ་དང་སློབ་མ་ཚོ་སློབ་ཆུང་ནས་དམའ་རིམ་སློབ་འབྲིང་བར་སྐྱོད་ཆོག་པ་དང་ནང་སའི་ཕྲུ་གུ་ཚོར་ལོ་དགུའི་འོས་འགན་སློབ་གསོར་ཡོད་དགོས་ངེས་ཀྱི་སློབ་ཚན་རྣམས་ཡོད་པ་ཕུད། བློ་གྲོས་རྒྱ་མཚོར་ད་དུང་གཟའ་འཁོར་རེར་བོད་ཡིག་ཚོགས་དུས་8ཡོད་པ་དང་། དུས་ཚིགས་ཚང་མར་སློབ་གྲྭས་སློབ་མ་ཚོ་སྒྲིག་འཛུགས་བྱས་ནས་ཡུལ་ཤུལ་དུ་གསར་དུ་བཙུགས་པའི་ཆུ་རྐྱལ་ཁང་དུ་ཆུ་རྐྱལ་ཚོགས་དུས་རེ་འཚོགས་ཀྱི་ཡོད་པ་རེད།

    སློབ་གྲྭ་དེའི་སློབ་སྤྱི་ཉི་མ་རིག་འཛིན་གྱིས“ལོ་9ཡི་ནང་དྭ་ཕྲུག་སློབ་གྲྭ་ནི་ས་ཡོམ་བརྒྱབ་རྗེས་ཀྱི་གཅེས་སེམས་སློབ་གྲྭ་ཞིག་ཡིན་པ་དང་སློབ་གྲྭའི་སྒྲིག་ཆས་ཐད་སྤུས་ཚད་ཀྱི་མཆོང་སྐྱོད་བྱུང་བ་དང་སྤྱི་ཚོགས་ཧྲིལ་པོའི་གཅེས་སེམས་གཅིག་ཏུ་བསྡུས་ཡོད་པས་ད་ཆ་ང་ཚོས་སློབ་མ་ཚོ་འཚར་ལོངས་ཆེད་སྟོབས་ཤུགས་དེ་བས་ཆེ་བ་སྐྱེས་སུ་འབུལ་བཞིན་ཡོད”ཅེས་བཤད།

    ལོ་30ལ་སླེབས་པའི་པ་སངས་ནི་བློ་གྲོས་རྒྱ་མཚོའི་འཛིན་གྲྭའི་ཀྲུའུ་རེན་དང་རྒྱ་ཡིག་དགེ་རྒན་གཅིག་ལྕོགས་ཡིན་པ་མ་ཟད། སློབ་མའི་སེམས་ཁམས་བདེ་ཐང་གི་ཟུར་ཁྲིད་པའང་ཡིན་པ་རེད།

    པད་མ་དབང་ཆེན་གྱིས“ཕྲུ་གུ་ཚོའི་འཚོ་བའི་མྱོང་བརྒྱུད་མི་འདྲ་ཡང་སེམས་ཁམས་ཀྱི་རྨ་ཁ་དེ་ཁོང་ཚོའི་ངོས་ནས་བརྗོད་ན་གཅིག་པ་རེད། དགེ་རྒན་ཞིག་ཡིན་པའི་ངོས་ནས་ང་ཚོས་ཕྲུ་གུ་ཚོའི་འཚོ་བ་དང་ཕྱོགས་གང་ཅིའི་ཐད་ལྟ་རྟོག་བྱེད་དགོས་པས། ས་ཡོམ་བརྒྱབ་ནས་ལོ་9སོང་ནའང་ང་ཚོས་སྔར་བཞིན་ཁོང་ཚོའི་ཕོག་ཐུག་བྱུང་བའི་སེམས་ཁམས་གསོ་བཞིན་ཡོད”ཅེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།