[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • “ཏང་གི་སློབ་ཚན་འཚོགས་ནས་ཏང་གི་གསུང་སྒྲ་བརྒྱུད་བསྒྲགས་བྱེད།

    མཚོ་སྔོན་གྱིས་ཏང་གཤིས་སློབ་གསོའི་སློབ་ཚན་གསར་གཏོད་བྱས་པའི་སྐོར་བཀོད་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-17

    613015_yis_1555392938638.jpg

     འདི་ནི་མཚོ་བྱང་ཀྲོའུ་ཨུད་ཏང་གི་སློབ་གྲྭའི་མཐོ་རིམ་གཙོ་ཁྲིད་དགེ་རྒན་ཐུའོ་ཡན་ཕེང་གིས་མཚོ་སྔོན་ཟི་ལིང་དུ་ཚོགས་པའི“ཧྲེང་ཀྲང་འབྲོག་པ་སྐལ་བཟང་གི་ཟོལ་མེད་སྙིང་སྟོབས”ཀྱི་ཏང་གི་སློབ་ཚན་གྱི་འཁྲབ་བྱའི་མི་སྣ་སྐལ་བཟང་འཁྲབ་བཞིན་པ།

    613014_yis_1555392938466.jpg

    འདི་ནི་སློབ་མས་མཚོ་སྔོན་ཟི་ལིང་དུ་ཚོགས་པའི“མུ་ཧྲེང་ཀྲུང་གི་ལམ་འབྱེད་སྙིང་སྟོབས”ཀྱི་ཏང་གི་སློབ་ཚན་ཉན་བཞིན་པ།

    གཞས་ཚིག་ནང་གི“ཐག་རིང་གི་ཡུལ”ཞེས་པའི་མཚོ་བོད་ས་མཐོར་གསར་དུ་བཏོན་པའི《ཐོག་མའི་བསམ་འདུན་དང་འགན་འཁྲི》ཡི་ཏང་གི་སློབ་ཚན་སྤུས་དག་ལྔ་ཚོགས་བཞིན་ཡོད། ལྟད་མོ་བ་ཁྲི་6ལྷག་ཙམ་གྱིས་ས་གནས་ས་ཐོག་ཏུ་ཡོངས་བསྒྲགས་སྒྲོག་འགྲེལ་ཐེངས་300ལྷག་ཙམ་ཉན་པའི་ཚོད་བགམ་བརྒྱུད། མཚོ་སྔོན་གྱིས་ཏང་གཤིས་སློབ་གསོའི་སློབ་ཚན་གསར་གཏོད་ལ་སྐུལ་འདེད་བཏང་བར་བསྔགས་བརྗོད་ཆེན་པོ་ཐོབ་པ་རེད།

    སྡིངས་ཆའི་ཐོག་སེམས་ནུས་ཡོད་རྒུ་བཏོན་པ་དང་སྡིངས་ཆའི་གཤམ་ལ་བློ་རྩེ་གཅིག་ཏུ་སྒྲིམ་པ།

    ཟླ་3ཚེས་20ཉིན་གྱི་ཕྱི་དྲོ་མཚོ་སྔོན་ཞིང་ཨུད་ཏང་གི་སློབ་གྲྭའི་ཚོགས་ཁང་ཆུང་ངུར་མིས་ཁེངས་པ་དང“མཚོ་བོད་གཞུང་ལམ་གྱི་ཕ་ཡབ་ཏུ་འབོད་པའི་མུ་ཧྲེང་ཀྲུང་གི་ལམ་འབྱེད་སྙིང་སྟོབས”ཞེས་འགོ་བརྗོད་དུ་འཁོད་པའི་ཏང་གི་སློབ་ཚན་སྒྲོག་འགྲེལ་འགོ་ཚུགས་གྲབས་ཡོད་པ་རེད། ཚོགས་ཁང་གི་སྡིངས་ཆའི་ཟུར་དུ་ལོ་55ལ་སླེབས་པའི་པའེ་ཅིས་ཧུང་གིས་དུས་རབས་གོང་མའི་ལོ་རབས་50པའི་སྐབས་ཀྱི་བཅིངས་འགྲོལ་དམག་གི་འདྲ་བཟོའི་དམག་ཆས་གོན་པ་དང་སྐེ་རགས་དམ་པོར་བཅིངས་པ་དང་སྟོད་ཐུང་གི་སྣེ་འཐེན་ཙམ་བྱས་རྗེས་ཁོང་གིས་མེ་ལོང་ལ་བལྟས་ནས་ཞྭ་མོ་ལེགས་པར་གོན་ཏེ“ད་ཐེངས་ནི་དམག་དཔོན་ཆེན་པོ་མུ་ཧྲེང་ཀྲུང་འཁྲབ་ཐེངས་31པ་ཡིན་མོད། འོན་ཀྱང་ཐེངས་དང་པོ་འཁྲབ་པ་ལྟར་གྱི་སྤྲོ་སེམས་འཕེལ་གྱི་འདུག ལྷོད་གཡེང་སྤུ་ཙམ་ཡང་ཤོར་མི་རུང”ཞེས་བཤད།

    ཉེ་བའི་ལོ་གསུམ་རིང་མཚོ་སྔོན་ཞིང་ཨུད་རྩ་འཛུགས་པུས་ཏང་གཤིས་སློབ་གསོའི་སློབ་ཚན་སྤུས་དག་ལྔ་ལེགས་པར་བཏོད་པ་དང“མུ་ཧྲེང་ཀྲུང་གི་ལམ་འབྱེད་སྙིང་སྟོབས”ཀྱི་ཏང་གི་སློབ་ཚན་ནི་དེའི་ཁྲོད་ཀྱི་གྲས་ཤིག་རེད། དེ་བྱིངས་ཀྱི་ཏང་གི་སློབ་ཚན་བཞི་པོ་དག་ནི“འབར་མདེལ་གཉིས་དང་སྲུང་སྐར་གཅིག་གི་ལེགས་སྐྱེས་སྙིང་སྟོབས”དང་། “ཧྲེང་ཀྲང་འབྲོག་པ་སྐལ་བཟང་གི་ཟོལ་མེད་སྙིང་སྟོབས” “ཡུལ་ཤུལ་གྱི་ཡོམ་འགོག་གེགས་སེལ་གྱི་འབད་འཐབ་སྙིང་སྟོབས” “ཁུ་ཁུ་ཤིས་རིའི་ལས་གནས་བརྟན་སྲུང་གི་སྙིང་སྟོབས”བཅས་རེད།

    སྡིངས་ཆའི་ཐོག་སེམས་ནུས་ཡོད་རྒུ་བཏོན་པ་དང་སྡིངས་ཆའི་གཤམ་ལ་བློ་རྩེ་གཅིག་ཏུ་སྒྲིམ། སེམས་འགུལ་ཐེབས་པའི་རྣམ་པ་འཆར་རིམ་བཞིན་ཚོགས་ཁང་ནང་གི་མི་ཚང་མའི་མིག་མཆི་མས་ཁེངས་པ་དེ་ནི་ཏང་གི་སློབ་ཚན་སྤུས་དག་ལྔ་ཞིང་ཆེན་ཕྱི་ནང་དུ་སྒྲོག་འགྲེལ་བྱེད་སྐབས་ཀྱི་རྒྱུན་གཏན་གྱི་རྣམ་པ་ཞིག་རེད། “2017ལོའི་ཟླ་3པར་ང་ཚོས་ནན་ཁའེ་སློབ་ཆེན་དུ‘འབར་མདེལ་གཉིས་དང་སྲུང་སྐར་གཅིག’གི་སྙིང་སྟོབས་སྒྲོག་འགྲེལ་བྱེད་སྐབས་འཕྲུལ་ཆས་ལ་སྐྱོན་ཤོར་ནས་མཇུག་བསྡུའི་གླུ་གཞས《མེས་རྒྱལ་ལ་བསྟོད་གླུ་ལེན》ཞེས་པའི་རོལ་དབྱངས་གཏོང་ཐབས་བྲལ་ནའང་ངས་གཞས་སྣེ་འཁྲིད་དེ་ལེན་འགོ་བརྩམས་པ་དང་ཚོགས་ར་ཡོངས་ཀྱི་སློབ་མ་300ལྷག་ཙམ་གྱིས་མཉམ་དུ་གླུ་གཞས་དེ་ཆ་ཚང་བ་ཞིག་བཏང་སོང”ཞེས་ཏང་གི་སློབ་ཚན་སྒྲོག་འགྲེལ་པ་ཀྲོའུ་ཀོང་ཅིང་གིས་བཤད།

    ཏང་གི་སློབ་ཚན་སྤུས་དག་ལྔ་ནི་ཇི་ལྟར་གྲུབ་པ་ཡིན་ནམ།

    འདི་ལོ་ལོ་37ལ་སླེབས་པའི་ཆོས་འཕེལ་བཀྲ་ཤིས་ནི་ཁུ་ཁུ་ཤིས་རི་ཅོ་ནེ་མཚོའི་སྲུང་སྐྱོང་ས་ཚིགས་ཀྱི་ཀྲན་ཀྲང་ཡིན་པ་དང་ཁོང་གི་ཨ་ཞང་རྗེ་བཟང་བསོད་ནམས་དར་རྒྱས་ལྐོག་རྔོན་རྒྱག་མཁན་གྱིས་བསད་པ་དང་། ཁོང་གི་པ་ཕ་ཆི་ཁ་གྲགས་པ་སྟོབས་རྒྱལ་ཡང་ཁུ་ཁུ་ཤིས་རི་སྲུང་སྐྱོང་བྱེད་སྐབས་སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར་བ་རེད། “གཉེན་ཉེ་ཚེ་ལས་འདས་པ་ནི་ཁྱིམ་ཚང་གི་སེམས་སྐྱོ་དགོས་པའི་གནས་ཚུལ་ཞིག་ཡིན་པ་དང་སྡིངས་ཆའི་ཐོག་དེ་སྔའི་གཏམ་རྒྱུད་ཤོད་པ་ནི་ཚོད་བགམ་ཆེན་པོ་ཞིག་རེད”ཅེས་ཆོས་འཕེལ་བཀྲ་ཤིས་ཀྱིས་བཤད། ཡིན་ནའང་ཁོང་གིས་དེ་སྔའི་གཏམ་རྒྱུད་བཤད་ནས་མི་དེ་བས་མང་བས་ཁུ་ཁུ་ཤིས་རིར་རྒྱུས་མངའ་ལོན་པ་དང་མི་དེ་བས་མང་བས་རང་བྱུང་ཁམས་ལ་གུས་སྐྲག་དང་དགའ་ཞེན་བྱེད་པའི་ཡིད་ཆེས་བྱེད་ཀྱི་ཡོད།

    ཏང་གི་སློབ་ཚན་གསར་གཏོད་དང་གསར་རྩོམ་བྱེད་པ་ནི་ལས་སླ་པོ་ཞིག་མིན། “དམག་དཔོན་ཆེན་པོ་མུ་ཧྲེང་ཀྲུང་ལ་སྔར་བས་རྒྱུས་མངའ་ལོན་ཆེད། ང་ཚོའི་དཔུང་ཁག་གིས་ལོ་རྒྱུས་ཡིག་ཆ་འབོར་ཆེན་ཞིག་འཚོལ་བསྡུ་བྱས་པ་དང་ཡིག་ཆ་གསར་རྩོམ་བྱེད་སྐབས་ཐོག་མའི་མ་ཟིན་ནས་མ་ཟིན་གཏན་འཁེལ་བའི་བར་བཟོ་བཅོས་ཆེན་པོ་ཐེངས་37བརྒྱབ་པ་ཡིན”ཞེས་མཚོ་ནུབ་ཀྲོའུ་ཨུད་ཏང་གི་སློབ་གྲྭའི་མཐོ་རིམ་དགེ་རྒན་ཡུས་ཤང་གིས་བཤད། ལམ་བཟོའི་དཔུང་ཆེན་གྱིས་ལམ་བཟོ་བའི་སྐབས་ཀྱི་དཀའ་སྡུག་སྔར་བས་ཤེས་རྟོགས་བྱ་ཆེད། ཁོང་ཚོས་མཚོ་བོད་ལམ་ཐིག་ཏུ་ཐེངས་གཉིས་བསྐྱོད་དེ་དམག་དཔོན་ཆེན་པོ་མུ་ཧྲེང་ཀྲུང་ལ་ལད་མོ་བྱས་ནས་ལྗིད་ཚད་ཕང་18ཡོད་པའི་ཐོ་བ་ཆེན་པོ་འཁྱར་བ་རེད།

    མཚོ་བྱང་ཀྲོའུ་ཨུད་ཏང་གི་སློབ་གྲྭའི་མཐོ་རིམ་གཙོ་ཁྲིད་དགེ་རྒན་ཐུའོ་ཡན་ཕེང་ནི་ཏང་གི་སློབ་ཚན“ཧྲེང་ཀྲང་འབྲོག་པ་སྐལ་བཟང་གི་ཟོལ་མེད་སྙིང་སྟོབས”བཟོ་མཁན་གཅོ་བོའི་གྲས་ཤིག་ཡིན་ལ། སྐལ་བཟང་འཁྲབ་མཁན་ཡང་རེད། ཁོང་གིས“སྐལ་བཟང་གི་འཚོ་བ་ཉམས་ལེན་བྱ་ཆེད། ང་ཚོས་ཁོང་གི་བཞུགས་གནས་རྙིང་པར་ཐེངས་མང་བསྐྱོད་དེ་ཁོང་གི་བུ་མོ་དང་ཚ་མོ་དང་སྤེལ་རེས་བྱས་པ་ཡིན། ཧྲེང་ཀྲང་ཁོང་གིས་ལོ་30ལྷག་ཙམ་བེད་སྤྱད་པའི་ཚ་ཕོར་རྙིང་པ་མཐོང་སྐབས་མིག་ཆུ་དབང་མེད་དུ་ཤོར་བྱུང”ཞེས་བཤད། ཉིན་མཚན་བལྟོས་མེད་ངང་འཁྲབ་བྱའི་མི་སྣ་བསམ་གཞིག་བྱས་པས་མཐར་ཐུའོ་ཡན་ཕེང་ནད་ཀྱིས་མནར་ནས་ལོ་གཅིག་རིང་རྒྱ་མ་30ལྷག་ཙམ་སྐམ་པ་རེད།

    སྙིང་སྟོབས་ནམ་ཡང་མི་ཉམས་ལ་གསར་གཏོད་ནམ་ཡང་མཚམས་འཇོག་བྱེད་མི་སྲིད།

    “ཞིང་ཨུད་རྩ་འཛུགས་པུས་ཡུལ་དེའི་མཐོ་སློབ་དང་ཏང་གི་སློབ་གྲྭ་ནས་ན་གཞོན་བསྡུས་ཏེ་ཤུལ་འཛིན་གྱི་དགེ་རྒན་སྟོབས་ཤུགས་སུ་བྱ་རྒྱུ་ཡིན་པ་ཐོས་སྐབས་ངས་གོ་སྐབས་ཤིག་བཙལ་ཏེ་ཚོད་ལྟ་ཞིག་བྱེད་དགོས་བསམ་བྱུང” “ཐེངས་གཅིག་ཉན་པ་ཁོ་ནས་ཡིད་ཚིམ་གྱི་མི་འདུག ཏང་གི་སློབ་ཚན་གྱི་དཔུང་ཁག་ནང་ཞུགས་ཏེ་མང་ཙམ་ཉན་པ་དང་མང་ཙམ་ཤོད་པའི་རེ་བ་ཡོད”ཏང་གི་སློབ་ཚན་ཚོགས་ཐེངས་ཚང་མ་ནི་སྒྲོག་འགྲེལ་པར་སྦྱོང་བརྡར་བྱེད་པ་ཞིག་ཡིན། སྒྲོག་འགྲེལ་ཐེངས་300ལྷག་ཙམ་བྱས་པ་ལས་ཕུལ་བྱུང་གི་ཏང་གི་སློབ་ཚན་ཁྲིད་མཁན་དགེ་རྒན་ཁག་གཅིག་སྦྱོང་བརྡར་ཐུབ་པ་དང་གྲུབ་འབྲས་ཐོབ་པའི་སྒྲོག་འགྲེལ་པ་དག་ཁྱབ་སྤེལ་བ་དང་། རྒྱུན་འཛིན་པ། སྐུལ་ཁྲིད་པ་བཅས་སུ་གྱུར་ཡོད། མཚོ་སྔོན་གྱི་མཐོ་སློབ་ཀྱི་སློབ་མ་མང་པོ་ཞིག་ལ་སྡིངས་ཆའི་རྒྱབ་མདུན་གྱི་གཏམ་རྒྱུད་ཀྱི་ཤུགས་རྐྱེན་ཐེབས་ནས་སྒྲོག་འགྲེལ་ལས་གནས་ལ་དགའ་པོ་བྱེད་ཀྱི་ཡོད་པ་རེད།

    “ལོ་རྒྱུས་ཀྱི་དྲན་ཤེས་ལ་སྲུང་སྐྱོང་བྱེད་པ་དང་ཁྱིམ་ཚང་དང་རྒྱལ་ཁབ་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱེད་པ་ནི་ང་ཚོ་སྒྲོག་འགྲེལ་པའི་དད་སེམས་རེད། ‘འབར་མདེལ་གཉིས་དང་སྲུང་སྐར་གཅིག’ཞིབ་བཟོ་བྱེད་མཁན་ཁྲོད་འཚོ་བཞུགས་པ་2000ལྷག་ཙམ་ཡོད་པ་དེའི་ནང་བཅར་འདྲིའི་རིན་ཐང་ལྡན་པ་200ལྷག་ཙམ་ཡོད། ང་ཚོས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་ཏེ་མྱུར་སྐྱོབ་རང་བཞིན་གྱི་སྔོག་འདོན་དང་། ཐོ་འགོད། ལེགས་སྒྲིག་བཅས་བྱེད་ཀྱི་ཡོད”ཅེས་ཀྲོའུ་ཀོང་ཅིང་གིས་བཤད། ཁོང་གིས་རྩ་ཆེའི་བསམ་པའི་རྒྱུ་ནོར་དག་ཐལ་རྡུལ་གྱིས་འཚོས་པའི་སྔར་བྱུང་ལོ་རྒྱུས་ལ་འགྱུར་མི་རུང་ཞེས་བཤད།

    “མཚོ་བོད་ས་མཐོའི་ལས་རིགས་ཁག་ཚང་མའི་ཁྲོད་མིག་དཔེ་མང་པོ་ཟམ་མི་ཆད་པར་ཐོན་བཞིན་ཡོད། ཏང་གི་སློབ་ཚན་སྤུས་དག་ལྔ་ནི་མཇུག་འགྲིལ་ས་ཞིག་མ་ཡིན་པར་དེ་ལས་ལྡོག་ཏེ་འགོ་འཛུགས་ས་ཞིག་ཡིན། དུས་རབས་ཡར་རྒྱས་འགྲོ་བ་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བཞིན་ཡོད། གོམ་སྟབས་རྗེས་མར་མཚོ་སྔོན་གྱིས་མུ་མཐུད་དཔེ་མཚོན་གསོ་སྐྱོང་དང་ལེགས་འདེམས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ་དུས་རབས་གསར་པའི་བླང་བྱ་དང་མཐུན་པ་དང་། སྒྱུར་བཅོས་གསར་གཏོད། འགན་ཁུར་ཕོད་པ་བཅས་ཀྱི་ལས་བྱེད་པ་ཡག་པོ་དང་། ཏང་ཡོན་ཡག་པོ། དཔེ་མཚོན་ཡག་པོ་བཅས་ཟམ་མི་ཆད་པར་ཐོན་པ་བྱེད་དགོས”ཞེས་ཆི་ཀོན་ཧའེ་ཡིས་བཤད། ཁོང་གིས་བརྗོད་པ་ལྟར་མཚོ་སྔོན་གྱིས་མུ་མཐུད་ཡུལ་དེའི་སྙིང་སྟོབས་ཀྱི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱེད་བཞིན་ཡོད་པ་དཔེར་ན“ཚ་འདམ་གཤོང་སའི་སྣུམ་ཞིང་སྙིང་སྟོབས”སོགས་ཏང་གི་སློབ་ཚན་གྱི་ནང་དོན་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་གཏོང་བཞིན་ཡོད།

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་4ཚེས་15ཉིན་གློག་འཕྲིན་འབྱོར་གསལ། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།