[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • མཚོ་སྔོན་གྱི་གནས་གཏན་འཁེལ་གྱི་སྨན་རྫས་སྒྲིག་གཞི་42ལ་ཆད་པ་ཕོག་པ།

    སྨན་བཅོས་འགན་བཅོལ་གྱི་ཐེབས་རྩ་སྒོར་ཁྲི་314.4ཚུར་བླངས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-16

    མིག་སྔའི་བར། མཚོ་སྔོན་ཞིང་ཆེན་གྱིས་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་6652ཀྱི་སྨན་བཅོས་འགན་བཅོལ་ཞབས་ཞུའི་བྱ་སྤྱོད་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་པ་དང་། ཁྲིམས་འགལ་སྒྲིག་འགལ་གྱི་གནས་གཏན་འཁེལ་གྱི་སྨན་རྫས་སྒྲིག་གཞི་537ལ་ཞིབ་བཤེར་ཐག་གཅོད་བྱས་པ་རེད། སྨན་བཅོས་སྒྲིག་གཞི་13གྱི་ཞབས་ཞུའི་གྲོས་མཐུན་རྩིས་མེད་བཏང་བ་དང་གནས་གཏན་འཁེལ་གྱི་ཐོབ་ཐང་མེད་པར་བཟོས་པ། སྨན་བཅོས་སྒྲིག་གཞི་29ཡི་གཱ་ནས་འགྲོ་གྲོན་རྩིས་ཞུ་གནས་སྐབས་མཚམས་བཞག་པ་རེད།

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་4ཚེས་14ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཉེ་ཆར་མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུས་ནས་ཤེས་རྟོགས་བྱས་པར། སྨན་རྫས་སྒྲིག་གཞི་ཁ་ཤས་ཀྱིས་འགན་བཅོལ་དངུལ་གཡོ་ལེན་བྱེད་པའི་བྱེད་ཐབས་སྣ་མང་སྤྱད་པས་སྨན་རྫས་་སྒྲིག་གཞི་42ལ་ཆད་པ་ནན་པོ་ཕོག་པ་དང་། སྨན་བཅོས་འགན་བཅོལ་གྱི་ཐེབས་རྩ་སྒོར་ཁྲི་314.4ཚུར་བླངས་པ་རེད།

    མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུས་ཐེབས་རྩ་ལྟ་འདོམས་ཀྱི་ཁྲུའུ་ཡི་འགན་འཁུར་མི་སྣས་ངོ་སྤྲོད་བྱས་དོན། མིག་སྔར་སྨན་བཅོས་འགན་བཅོལ་གྱི་དངུལ་གཡོ་ལེན་བྱེད་ཐབས་མང་དུ་བཏང་བ་སྟེ་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིས་འགན་བཅོལ་ལ་ཞུགས་པའི་མི་སྣ་སྨན་ཁང་དུ་སྡོད་རྒྱུར་བསླུ་བྲིད་དང་མགོ་སྐོར་གཏོང་བ་དང་། ད་དུང་ཉལ་ཁང་ནང་སྡོད་ཁུལ་གྱིས་སྨན་བཅོས་འགན་བཅོལ་གྱི་དངུལ་གཡོ་ལེན་གྱི་བྱེད་སྤྱོད་ཀྱང་ཡོད་ལ། ཐ་ན་གཏོང་སྒོ་དང་ནད་ཐོ་རྫུན་བཟོའི་གནས་ཚུལ་ཡང་ཐོན་ཡོད། གནས་གཏན་འཁེལ་གྱི་སྨན་རྫས་སིལ་ཚོང་ཁང་ཁ་ཤས་སུ་སྨན་བཅོས་འགན་བཅོལ་གྱི་ཐེབས་རྩ་གཡོ་ལེན་གྱིས་བྱུག་རྫས་དང་འཚོ་བའི་མཁོ་ཆས་སོགས་སྨན་རྫས་མིན་པའི་དངོས་པོ་ཕྱིར་ཚོང་བྱེད་ཀྱི་ཡོད།

    ན་ནིང་ཟླ་9པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནང་སྨན་བཅོས་འགན་བཅོལ་ཐེབས་རྩའི་ཁ་བསླུས་སུ་གཡོ་ལེན་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་ནས་ཕྱོགས་གསུམ་ཐད་ཀྱི་སྨན་བཅོས་འགན་བཅོལ་དངུལ་གཡོ་ལེན་བྱེད་པའི་བྱེད་སྤྱོད་ལ་གཅིག་སྡུད་རྡུང་རྡེག་བཏང་བ་སྟེ། གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིར་དམིགས་ནས་སྨན་བཅོས་འགན་བཅོལ་ལ་ཞུགས་མཁན་སྨན་ཁང་དུ་སྡོད་དུ་འཇུག་པའི་བསླུ་བྲིད་དང་། སྨན་བཅོས་འགན་བཅོལ་ལ་ཞུགས་མཁན་གྱི་སྤྱི་ཚོགས་འགན་སྲུང་གཱ་རྐུ་ལེན་དང་གང་བྱུང་དུ་སྤྱོད་པ། སྨན་བཅོས་ཡིག་ཆ་དང་སྤ་སེ་རྫུན་མ་བཟོ་བ། སྨན་བཅོས་འགན་བཅོལ་ལ་ཞུགས་མཁན་ལ་སྨན་བཅོས་ཐེབས་རྩ་གཡོ་ལེན་བྱེད་རོགས་བྱེད་པ། སྨན་བཅོས་ཞབས་ཞུའི་འགྲོ་གྲོན་རྫུན་བཟོ་དང་གྲངས་འབོར་མང་དུ་གཏོང་བ་སོགས་ཀྱི་བྱེད་སྤྱོད་ལ་གཙོ་གནད་ཞིབ་བཤེར་ཐག་གཅོད་བྱས་པ་དང་། གནས་གཏན་འཁེལ་གྱི་སྨན་རྫས་སིལ་ཚོང་ཁང་ལ་དམིགས་ནས་སྨན་རྫས་བརྗེ་རེས་དང་གཱ་ནས་ཐེབས་རྩ་གཡོ་ལེན་བྱེད་པ་སོགས་ཀྱི་བྱེད་སྤྱོད་གཙོ་གནད་ཞིབ་བཤེར་ཐག་གཅོད་བྱས་པ། སྨན་བཅོས་འགན་བཅོལ་ལ་ཞུགས་མཁན་ལ་དམིགས་ནས་སྤ་སེ་རྫུན་མ་བཟོས་ནས་ཐེབས་རྩ་གཡོ་ལེན་སོགས་ཀྱི་བྱེད་སྤྱོད་ལ་གཙོ་གནད་ཞིབ་བཤེར་ཐག་གཅོད་བྱས་པ་རེད།

    མིག་སྔའི་བར། མཚོ་སྔོན་ཞིང་ཆེན་གྱིས་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་6652ཀྱི་སྨན་བཅོས་འགན་བཅོལ་ཞབས་ཞུའི་བྱ་སྤྱོད་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་པ་དང་། ཁྲིམས་འགལ་སྒྲིག་འགལ་གྱི་གནས་གཏན་འཁེལ་གྱི་སྨན་རྫས་སྒྲིག་གཞི་537ལ་ཞིབ་བཤེར་ཐག་གཅོད་བྱས་པ་རེད། སྨན་བཅོས་སྒྲིག་གཞི་13གྱི་ཞབས་ཞུའི་གྲོས་མཐུན་རྩིས་མེད་བཏང་བ་དང་གནས་གཏན་འཁེལ་གྱི་ཐོབ་ཐང་མེད་པར་བཟོས་པ། སྨན་བཅོས་སྒྲིག་གཞི་29ཡི་གཱ་ནས་འགྲོ་གྲོན་རྩིས་ཞུ་གནས་སྐབས་མཚམས་བཞག་པ་རེད།

    མཚོ་སྔོན་གྱིས་སྨན་བཅོས་འགན་བཅོལ་ཐེབས་རྩའི་ཁ་བསླུས་གཡོ་ལེན་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་མུ་མཐུད་སྤེལ་རྒྱུ་དང་། སྨན་བཅོས་འགན་བཅོལ་ཐེབས་རྩའི་ལྟ་འདོམས་ཀྱི་ཕུགས་ཕན་ལམ་སྲོལ་མགྱོགས་མྱུར་བཙུགས་ཏེ་སྨན་བཅོས་འགན་བཅོལ་ཐེབས་རྩའི་ལྟ་འདོམས་ཀྱི་ཆུ་ཚད་མཐོ་རུ་བཏང་ནས་མི་དམངས་མང་ཚོགས་ཀྱི་ནད་ལྟ་སྨན་སྤྱོད་ཀྱི“སྲོག་སྐྱོབ་དངུལ”སྲུང་སྐྱོང་ཡག་པོ་བྱ་རྒྱུ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།