[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • གཙང་གསུམ་ཆུ་འགོའི་ས་ཁུལ་རིམ་བཞིན“ཚན་ཞིབ་ཀྱི་གཤིན་ས”དང“ཤེས་ལྡན་པའི་མཐོ་ས”ལ་གྱུར་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-16

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་4ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། སྣོད་བཅུད་ཚན་ཞིབ་མི་སྣ་སྔར་བས་མང་བས་མཚོ་བོད་ས་མཐོར་གནས་པའི་གཙང་གསུམ་ཆུ་འགོའི་ས་ཁུལ་དུ་གཞིས་བཙུཌ་ཏེ་ཡུལ་དེའི་སྣོད་བཅུད་སྲུང་སྐྱོང་ལ་རིག་སྟོབས་ཀྱི་རྒྱབ་སྐྱོར་བྱེད་བཞིན་ཡོད། ད་ཆ་ས་ཁོངས་དེ་རིམ་བཞིན་སྣོད་བཅུད་ཚན་ཞིབ་ཀྱི་གཤིན་སར་འགྱུར་བཞིན་ཡོད་པས་སྔོན་ཆད་ཤེས་ལྡན་པ་ཁ་ཐང་བའི་གནས་བབ་ལ་ལེགས་བཅོས་ཆེན་པོ་བྱུང་ཡོད་པ་རེད།

    མཚོ་སྔོན་ཞིང་ཆེན་གྱི་ལྷོ་རྒྱུད་དུ་གནས་པའི་གཙང་གསུམ་ཆུ་འགོའི་ས་ཁུལ་ནི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་འབྱུང་ཁུངས་ཡིན་ལ་ཨེ་ཤེ་ཡའི་ཆུ་རྩ་གསོ་ཁུལ་གལ་ཆེན་དུ་ངོས་འཛིན་བྱེད་ཀྱི་ཡོད་ཅིང་། མངའ་ཁོངས་སུ་ཆུ་བོ་དང་། འཁྱག་རོམ། འདམ་ར། གཅན་གཟན་སྣ་ཚོཌ་ཡོད་པས་སྣོད་བཅུད་ཚན་ཞིབ་ཀྱི་རིན་ཐང་ཆེན་པོ་ལྡན་ཡོད། དེ་སྔོན་ས་རྒྱ་ཆེ་ལ་མི་འབོར་ཉུང་བ་དང་། གནམ་གཤིས་ཆ་རྐྱེན་ཞན་པ། ཆ་སྙོམས་ས་བབ་སྨི་4000བཅས་ཡོད་པའི་ཡུལ་གྲུ་དེར་འབྲེལ་ཡོད་ཀྱི་ཤེས་ལྡན་པ་ཁ་ཐང་པོ་ཡོད་པ་རེད།

    གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་ཅུས་ཀྲང་ལི་ཞའོ་ནན་གྱིས། ཉེ་བའི་ལོ་ཤས་རིང་དང་ལྷག་དོན་དུ་2016ལོར། རང་རྒྱལ་གྱིས་གཙང་གསུམ་ཆུ་འགོའི་ས་ཁུལ་དུ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་ཐོག་མར་བྱས་ཚུན། ཡུལ་དེར་བསྐྱོད་ནས་ཡུན་རིང་སྣོད་བཅུད་ཚན་ཞིབ་བྱེད་མཁན་རིགས་གཅིག་མཁས་ཅན་ཉིན་བཞིན་མང་དུ་འགྲོ་གི་ཡོད། མིག་སྔའི་བར། ཀྲུང་གོ་ཚན་རིག་ཁང་དང་། ཆིང་ཧྭ་སློབ་ཆེན། པེ་ཅིང་སློབ་ཆེན་སོགས་ཚན་ཞིབ་ཁང་གིས་རིམ་རྩིས་བྱས་ན་ཚོགས་པ་ཁག་ཐེངས་87མངགས་ཏེ་གཙང་གསུམ་ཆུ་འགོའི་ས་ཁུལ་གྱི་ས་གཤིས་དང་། འཁྱག་ས། ཆུ་དཔྱད། སྐྱེ་དངོས་སྣ་མང་རང་བཞིན་སོགས་ཞིབ་འཇུག་ཁྱབ་ཁོངས་སུ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་ཅེས་བརྗོད།

    པེ་ཅིང་སློབ་ཆེན་རང་བྱུང་སྲུང་སྐྱོང་དང་སྤྱི་ཚོགས་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་མཆོག་རམས་པ་ཞའོ་ལིན་ཡུན་གྱིས། སྣོད་བཅུད་ཚན་ཞིབ་ཀྱི“ཐོན་ཁུངས་འབེལ་བའི”གཙང་གསུམ་ཆུ་འགོའི་ས་ཁུལ་གྱི་ཆ་རྐྱེན་སྐྱོ་པོ་ཡིན་ནའང་ཚན་ཞིབ་མི་སྣ་མང་པོའི་ཡིད་སྨོན་བྱ་ཡུལ་རེད། འདས་པའི་ལོ་3གྱི་རིང་། ངས་ཡུལ་འདིར་ལོར་ཆ་སྙོམས་བརྟག་ཞིབ་ཉིན་80ཙམ་བྱས་ཏེ《ཨེ་ཤེ་ཡ་དབུས་མའི་རི་ཐང་གི་སྣོད་བཅུད་མ་ལག་ནང་གི་གསའི་སྣོད་བཅུད་བྱེད་ནུས》སོགས་ཞིབ་འཇུག་བྱ་གཞི་བྲིས་ཚར་ནས་རིག་གཞུང་ལས་རིགས་སུ་ཤུགས་རྐྱེན་ངེས་ཅན་ཡོད་ཅེས་བརྗོད།

    ངོ་སྤྲོད་བྱས་པར་གཞིགས་ན། གཙང་གསུམ་ཆུ་འགོ་རྒྱལ་ཁབ་སྤྱི་གླིང་གིས་སྤྱི་ཚོགས་ཀྱི་སྟོབས་ཤུགས་སྣོད་བཅུད་སྲུང་སྐྱོང་ལ་ཞུགས་རྒྱུར་སྐུལ་ལྕག་བྱེད་ཀྱི་ཡོད་པ་དང་། ཚན་ཞིབ་ཁང་ཕུད། གཞན་སྲིད་གཞུང་མིན་པའི་རྩ་འཛུགས་ཀྱང་ཡུལ་དེ་གའི་ཚན་ཞིབ་ཀྱི་འདེགས་སྐྱོར་གལ་ཆེན་དུ་འགྱུར་བཞིན་ཡོད། ཉེ་བའི་ལོ་ཤས་རིང་། སྤྱི་གླིང་གིས་འཛམ་གླིང་རང་བྱུང་ཐེབས་རྩ་ལྷན་ཚོགས་དང་། པེ་ཅིང་རི་ཆུ་རང་བྱུང་སྲུང་སྐྱོང་ལྟེ་གནས། པེ་ཅིང་བུད་མེད་ཤེས་ལྡན་ཐེབས་རྩ་ལྷན་ཚོགས་སོགས་རྩ་འཛུགས་དང་མཉམ་ལས་བྱས་ནས་སྣོད་བཅུད་ཚན་ཞིབ་དང་། ཁོར་ཡུག་སློབ་གསོ། འབྲོག་པ་གསོ་སྦྱོང་སོགས་ཀྱི་ལས་དོན་ལ་སྐུལ་འདེད་ཀྱང་བཏང་བ་རེད།

    པེ་ཅིང་རི་ཆུ་རང་བྱུང་སྲུང་སྐྱོང་ལྟེ་གནས་གཙང་གསུམ་ཆུ་འགོ་རྣམ་གྲངས་ཀྱི་ཀྲུའུ་རེན་ཀྲའོ་ཞང་གིས། 2013ལོར་གཙང་གསུམ་ཆུ་འགོའི་ས་ཁུལ་དུ་ཚན་རིག་བརྟག་དཔྱད་བྱས་ནས་ད་བར། ང་ཚོའི་ཚོགས་པས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ས་ཡ་ལྷག་ཙམ་ལ་པར་བརྒྱབ་པའི་ནང་གསའ་ཡིས་རྩེད་གྲོགས་འཚོལ་བ་དང་། ས་ཁོངས་གཅིག་པའི་གསའ་དང་གཟིག་འགྲོ་སྐྱོད་སོགས་ཀྱི་འབྲེལ་ཡོད་གསར་རྙེད་སྐོར་ནི་རྒྱལ་ཡོངས་སུ་ཐོག་མར་གྱུར་ཡོད་ཅེས་བཤད་བྱུང་།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།