[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཡུག་ཁུལ་དུ་དོ་དམ་སྲུང་སྐྱོང་ས་ཚིགས་ཁག་གཅིག་གསར་སྐྲུན་སྒྱུར་བཀོད་བྱེད་མཁན་ཡིན་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-16

    “བཟོ་ལྟ་གཅིག་གྱུར་དང་། ཟ་ཁང་གཅིག་གྱུར། གསང་སྤྱོད་གཅིག་གྱུར། མཚོན་རྟགས་གཅིག་གྱུར། གྱོན་ཆས་གཅིག་གྱུར”བཅས་ཀྱི་བླང་བྱ་གཞིར་བཟུང་། དོ་དམ་སྲུང་སྐྱོང་ས་ཚིགས་40ཕྱོགས་ཡོངས་ནས་སྐྲུན་འགོ་ཚུགས་པ་དང་། འདི་ལོ་འཛུགས་སྐྲུན་ལེགས་གྲུབ་ཟིན་ནས་བེད་སྤྱོད་གཏོང་མཁན་ཡིན་པ།

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་4ཚེས་14ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། འདི་ལོ་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཡུག་ཁུལ་དུ་དོ་དམ་སྲུང་སྐྱོང་ས་ཚིགས་18གསར་སྐྲུན་བྱེད་མཁན་ཡིན་པ་མ་ཟད། སྔར་ཡོད་ཀྱི་དོ་དམ་སྲུང་སྐྱོང་ས་ཚིགས་22ཀྱི་རིམ་པ་མཐོ་རུ་དང་སྒྱུར་བཀོད་ཀྱང་བྱེད་མཁན་ཡིན་པ་རེད།

    མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་ཁྲི་5.02ཡོད་པའི་ནང་མཚོ་སྔོན་ཡུག་ཁུལ་ལ་སྤྱི་ལེ་ངོས་གྲུ་ཁྲི་1.58ཡོད་པ་དེས་31.5%བཟུང་ཡོད། 

    མཚོ་སྔོན་ཞིང་ཆེན་མདོ་ལ་རིང་མོ་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུས་གཞུང་དོན་ཁང་གི་ཀྲུའུ་རེན་ཧན་ཆང་གིས་ངོ་སྤྲོད་བྱས་པར་གཞིགས་ན། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་སྲུང་སྐྱོང་ས་ཚིགས་ཀྱི་འཛུགས་སྐྲུན་ལས་གྲྭའི(དུས་ཐེངས་དང་པོ)རྣམ་གྲངས་ལ་མ་དངུལ་སྒོར་ཁྲི་6248བཏང་བ་དང་། མདོ་ལ་རིང་མོའི་རང་བྱུང་སྲུང་སྐྱོང་ཁུལ་སྲུང་སྐྱོང་ས་ཚིགས་ཀྱི་ཚད་ལྡན་ཅན་གྱི་འཛུགས་སྐྲུན་རྣམ་གྲངས་ལ་ཞིང་ཆེན་རིམ་པའི་མ་དངུལ་སྒོར་ཁྲི་3000བཏང་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། “བཟོ་ལྟ་གཅིག་གྱུར་དང་། ཟ་ཁང་གཅིག་གྱུར། གསང་སྤྱོད་གཅིག་གྱུར། མཚོན་རྟགས་གཅིག་གྱུར། གྱོན་ཆས་གཅིག་གྱུར”བཅས་ཀྱི་བླང་བྱ་གཞིར་བཟུང་། དོ་དམ་སྲུང་སྐྱོང་ས་ཚིགས་40ཕྱོགས་ཡོངས་ནས་སྐྲུན་འགོ་ཚུགས་པ་དང་། འདི་ལོ་འཛུགས་སྐྲུན་ལེཌ་གྲུབ་ཟིན་ནས་བེད་སྤྱོད་གཏོང་མཁན་ཡིན་པ་རེད།

    ཧན་ཆང་གིས་རྣམ་གྲངས་ལེགས་གྲུབ་ཟིན་རྗེས། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཡུག་ཁུལ་ལ་ཚད་གཞི་གཅིག་གྱུར་དང་། མཐོང་སྣང་མཛེས་པ། ནུས་པ་ཀུན་འཛོམས་བཅས་ཀྱི་དེང་རབས་ཅན་གྱི་དོ་དམ་སྲུང་སྐྱོང་ས་ཚིགས་ཡོད་ལ། རིག་ནུས་ཅན་དང་གྲངས་གཞི་ཅན་གྱི་ཕྱོགས་བསྡུས་དོ་དམ་སྲུང་སྐྱོང་གི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་འགྲོ་སྲིད། “གསར་དུ་བསྐྲུན་པའི་དོ་དམ་སྲུང་སྐྱོང་ས་ཚིགས་དེ་དག་རྒྱལ་ཁབ་སྤྱི་གླིང་གི་དྲིལ་བསྒྲགས་སློབ་གསོ་དང་། ཚན་ཞིབ་ལྟ་ཞིབ་ཚད་ལེན། སྤྱི་ཚོགས་ཞུགས་པ་བཅས་ཀྱི་ཕྱོགས་བསྡུས་ལས་སྟེགས་དང་ཞབས་ཞུའི་ས་ཚིགས་ལ་གྱུར་ནས་མང་ཚོགས་རྒྱལ་ཁབ་སྤྱི་གླིང་གི་ཚན་ཞིབ་ལྟ་ཞིབ་ཚད་ལེན་དང་སྣོད་བཅུད་སྲུང་སྐྱོང་ལ་ཞུགས་རྒྱུར་ཞབས་ཞུའི་འགན་ལེན་ནུས་ལྡན་མཁོ་འདོན་བྱེད་སྲིད”ཅེས་བཤད།

    མདོ་ལ་རིང་མོ་ནི་རང་རྒྱལ་ནུབ་རྒྱུད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་དང་། རང་རྒྱལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྔོན་ལ་སྲུང་སྐྱོང་བྱེད་པའི་ས་ཁོངས། གལ་འགངས་ཤིན་ཏུ་ཆེ་བའི་འཁྱག་རོམ་དང་ཆུ་ཁུངས་གསོ་བྱེད་ཀྱི་སྣོད་བཅུད་ནུས་པའི་ཁུལ་བཅས་ཡིན་པ་དེར་མཚོ་བོད་ས་མཐོའི་སྣོད་བཅུད་དོ་སྙོམས་ལ་སྲུང་སྐྱོང་དང་། རྨ་ཆུ་དང་རྨ་ནུབ་བར་ཁྱམས་ཀྱི་སྐམ་སའི་གཙང་པོའི་བཞུར་རྒྱུན་གསབ་སྤྲོད་འགན་ལེན་བཅས་ཀྱི་ནུས་པ་གལ་ཆེན་ལྡན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།