[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • “སྔོན་ཚུད་གཅིག་དང་མཐོ་བ་གཉིས”ཀྱི་འཐབ་ཇུས་ལ་བརྟེན་ནས་གཙང་གསུམ་ཆུ་འགོའི་བརྗིད་ཆེའི་འཆར་གཞི་བཀོད།

    མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་བྱས་པའི་སྐོར་བཀོད་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།   ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཅང་ཧྲི་ཆང་དང་། ཁྲེན་ཁའེ། ཀྲང་ཏ་ཁྲོན།    |    སྤེལ་དུས།   2019-03-03

    597378_yis_1551163954332.jpg

    མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་ནང་ཞུགས་པའི་བདམས་ཐོན་པ་ཚོས་མཚོ་སྔོན་འཇུ་ལག་ཧུད་རིགས་རང་སྐྱོང་རྫོང་གི་པད་ཁའི་ཞིང་འགྲམ་ནས་བསྐྱོད་བཞིན་པ།

    597376_yis_1551163952570.jpg

    མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་འཇུ་ལག་ཧུད་རིགས་རང་སྐྱོང་རྫོང་གི་སློབ་ཆུང་དང་པོའི་འཕྲུལ་མིའི་ཚོགས་པའི་སློབ་མས་བྱེད་སྒོ་སྤེལ་བཞིན་པ།

    597377_yis_1551163953443.jpg

    མཚོ་སྔོན་ཞིང་ཆེན་ཁོར་ཡུག་སློབ་གསོ་མཐུན་ཚོགས་ཀྱི་ལས་དོན་མི་སྣ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་མང་རྫོང་མགོ་མང་གཞོངས་གྲོང་རྡལ་བྲག་དཀར་གྲོང་ཚོའི་དབྱར་དུས་ཀྱི་འབྲོག་རར་ཡོང་ནས་ཡུལ་དེ་གའི་གྲོང་ཚོ་11གི་འབྲོག་པ་200ལྷག་ཙམ་ལ་གད་སྙིགས་གཙང་སེལ་གྱི་འབྲེལ་ཡོད་ཤེས་བྱ་འཆད་ཁྲིད་བྱས་ཤིང་། འདི་ནི་འབྲོག་པ་ལྕགས་བྱམས་རྒྱལ(གཡས་ཀྱི་མདུན་ངོས)གྱིས་ཁོར་ཡུག་སྲུང་སྐྱོང་གི་འཆད་ཁྲིད་ཉན་བཞིན།

    597375_yis_1551163951696.jpg

    མཚོ་སྔོན་ཞིང་ཆེན་མདོ་ལ་རྫོང་གི་འབྲོག་རར་ལུག་ཁྱུ་རྩྭ་ཆུར་རོལ་བཞིན་པ། 

    སྔོན་ཚུད་གཅིག

    སྣོད་བཅུད་སྲུང་སྐྱོང་སྔོན་ལ་བྱ་རྒྱུ་མཐའ་འཁྱོངས། 

    མཐོ་བ་གཉིས།

    སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྤུས་ཀ་དག་པའི་འཚོ་བ་གསར་གཏོད་བྱེད་པ།

    མུའུ་ཁྲི་406

    2018ལོ་ཁོ་ནར་ནགས་བཟོ་མུའུ་ཁྲི་406བྱས་པ།

    མི་འབོར་ཁྲི་108.3

    རིམ་རྩིས་ལྟར་ན་མི་འབོར་དབུལ་པོ་ཁྲི་108.3ཉུང་དུ་ཕྱིན་པ།

    སློབ་མ་མི་གྲངས་6000

    ལོ་གསུམ་རིང་མཚོ་སྔོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས“སྣོད་བཅུད་སྲུང་སྐྱོང་སྔོན་ལ་བྱ་རྒྱུ་མཐའ་འཁྱོངས་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བའི་འཚོ་བ་གཏོད་པ”བཅས་ཀྱི“སྔོན་ཚུད་གཅིག་དང་མཐོ་བ་གཉིས”ཀྱི་འཐབ་ཇུས་ལག་བསྟར་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཁྲི་600ཡིས་དཀའ་ངལ་བསུ་བཞིན་མདུན་སྐྱོད་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་ནས་སྤྱི་ལེ་ངོས་གྲུ་ཁྲི་72ཡོད་པའི་ཡངས་ཤིང་རྒྱ་ཆེ་བའི་ས་མཐོ་དང་། འབྲི་ཆུ། རྨ་ཆུ། རྫ་ཆུ་བཅས་ཀྱི་ཆུ་འགོར་སྔོ་ཞིང་དྭངས་བའི་རི་ཆུ་རྨང་གཞིར་བྱེད་པ་དང་། སྤུས་ཚད་མཐོ་བའི་འཚོ་བ་གཙོ་བོར་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་བཀྲག་མདངས་འཚེར་སར་བྱེད་པ་བཅས་བྱས་ཏེ་མཛེས་སྡུག་ལྡན་ལ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་མཚོ་སྔོན་གསར་པ་བསྐྲུན་རྒྱུའི་འཆར་གཞི་ཞིག་བཏིང་བ་རེད།

    སྣོད་བཅུད་སྒྲིག་གཞི་སྒྱུར་བཅོས་བྱས་པས་སྔོ་ཞིང་དྭངས་བའི་རི་ཆུ་ཀླུང་གསུམ་གྱི་མཚོ་སྔོན་གྱི་ཐོག་མའི་བསམ་འདུན་མངོན་པ།

    ལོ་གསུམ་གྱི་གོང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས‘མིག་འབྲས་ལ་གཅེས་སྤྲས་བྱེད་པ་ལྟར་སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པ་དང་ཚེ་སྲོག་ལ་ལྟ་སྟངས་འཛིན་པ་ལྟར་སྣོད་བཅུད་ཁོར་ཡུག་ལ་ལྟ་སྟངས་འཛིན་དགོས’ཞེས་གསུངས་མྱོང་ཡོད་ལ་ད་ཆ་མཚོ་སྔོན་དུ་འདུ་ཤེས་དེ་མི་སེམས་སུ་གཏིང་ཟབ་ཟུག་ཡོད”ཅེས་དེ་སྔ་ཚོགས་རར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ཉན་མྱོང་ཡོད་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པ་དང་བཅུ་གསུམ་པའི་འཐུས་མི་པི་ཧྲེང་ཀྲུང་གིས་བཤད།

    ལོ་གསུམ་རིང་གཙང་གསུམ་ཆུ་འགོ་ནས་མདོ་ལ་རིང་མོ་བར་དང་མཚོ་སྔོན་པོ་ནས་ཁུ་ནུ་རི་བོའི་བར་མཚོ་སྔོན་གྱི་ས་མཐོའི་སྣོད་བཅུད་མ་ལག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དུ“དུད་ཚང་རེར་ལས་གནས་རེའི”སྣོད་བཅུད་བདག་སྐྱོང་པ་ཡོད་པ་དང་འབྲོག་པ་ཁྲི་1.7གྱིས་ཕྱུགས་འཚོ་མཚམས་བཞག་སྟེ་སྣོད་བཅུད་ལ་བརྟེན་ནས་ཡོང་འབབ་གསོག་འགོ་ཚུགས་ཡོད། གླེང་རིན་ཡོད་པ་ཞིག་ནི་མཚོ་སྔོན་དུ་2018ལོ་ཁོ་ནར་ནགས་བཟོ་མུའུ་ཁྲི་406བྱས་པས་ནགས་ཚལ་ཁྱབ་ཚད་7.26%ཟིན་པ་དང་ཆུ་ངོས་དང་། འདམ་ར། ནགས་ཚལ་དང་སྤང་བཅས་ཡོད་པའི་སྔོ་ལྗང་བར་མཐོངས་ཀྱིས་བསྡུར་གྲངས་བཟུང་ཚད་70%ལྷག་ཙམ་ཟིན་ཡོད་པ་རེད།

    “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་ཀྲུང་གོའི་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞིའི་ཚོད་ལྟའི་ལས་དོན་ཡག་པོ་སྤེལ་ནས་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇཌ་སྲུང་ཡོལ་བརྟན་པོ་བསྐྲུན་ནས་མཚོ་སྔོན་འདི་ཉིད་མཛེས་སྡུག་ལྡན་པའི་ཀྲུང་གོའི་བཀྲག་མདངས་འཚེར་བའི་མིང་བྱང་ཞིག་ཏུ་གྱུར་བ་བྱེད་དགོས་ཞེས་བཀའ་མངགས་གནང་ཡོད”ཅེས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་ཅུས་ཀྲང་ལི་ཞའོ་ནན་གྱིས་བཤད།

    འཕེལ་རྒྱས་གཏོང་སྟངས་བསྒྱུར་བར་སྐུལ་འདེད་གཏོང་ཆེད་མཚོ་སྔོན་གྱིས་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་ལྗང་མདོག་འཕེལ་རྒྱས་གཏོང་རྒྱུ་འགན་ལེན་བྱས་པ་དང་། རང་བྱུང་སྲུང་སྐྱོང་ཁུལ་གྱི་གཏེར་ལས་དབང་ཆ་ཚང་མ་མེད་པ་བཟོས་པ་དང་། མཚོ་སྔོན་པོའི་འདབ་ཆགས་གླིང་ཕྲན་དང་བྱེ་གླིང་དང་གཉན་པོ་གཡུ་རྩེ་སོགས་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་གཉེར་སྐྱོང་བྱེད་སྒོ་གཅིག་རྗེས་གཉིས་མཐུད་ངང་སྤེལ་མཚམས་བཞག་པ། ཁུ་ཁུ་ཤིས་རི་འཛམ་གླིང་ཤུལ་བཞག་ཁུལ་དུ“ཁྲིམས་འགལ་ངང་འགྲོ་རྒྱུ་བཀག་སྡོམ”བྱས་པ། སྣོད་བཅུད་སྲུང་སྐྱོང་བྱ་ཆེད་གཙང་གསུམ་ཆུ་འགོའི་འབྲོག་དུད་ཁྲི་1.1ཕ་ཡུལ་སྤོས་པ་སོགས་བྱས་ཏེ་ག་དུས་ཡིན་རུང་སྣོད་བཅུད་སྲུང་སྐྱོང་སྔོན་ལ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དེ་མཚོ་སྔོན་གྱི་ལས་བྱེད་པ་དང་མང་ཚོགས་ཀྱི་ཐུན་མོང་གི་ངོས་འཛིན་དུ་གྱུར་ཡོད།

    2019ལོར་མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གི་ཞིང་ཆེན་སྐྲུན་འགོ་བཙུགས་ནས་ས་མཐོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་སྤྱི་གླིང་གི་ཚོམ་བུ་བསྐྲུན་རྒྱུ་འཚོལ་ཞིབ་བྱས་ཏེ་འཛམ་གླིང་གི“སྣེ་གསུམ་པའི”སྣོད་བཅུད་ཤེས་དཔལ་ལ་སྐུལ་འདེད་གཏོང་རྒྱུ་རེད།

    སྤུས་ཚད་མཐོ་བའི་འཚོ་བས་དབུལ་སྒྲོལ་འགག་སྒྲོལ་གྱི་མཚོ་སྔོན་གྱི་དཔེ་དབྱིབས་བཏོད་པ།

    ལོ་21ལ་སླེབས་པའི་ཆི་ཚའེ་ལིན་ནི་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་སན་ཧོ་གྲོང་རྡལ་ཡར་ལངས་གྲོང་ཚོའི་སློབ་ཆེན་སློབ་མ་ཞིག་ཡིན་པ་དང་། 2016ལོའི་དགུན་གསེང་སྐབས་ཕ་ཡུལ་དུ་ལོག་ནས་ཡུལ་གཞན་དུ་གནས་སྤོས་བྱས་པའི་ཁང་པ་གསར་པ་མཐོང་བས་སེམས་ནང་དགའ་ཚོར་ཆེན་པོ་བྱུང་། གང་ཡིན་ཟེར་ན། “ལོ་20ཙམ་ས་ཕུག་ནང་སྡོད་པ་དང་། ཆུ་མེད་པའི་གསང་སྤྱོད་སྤྱོད་པ། རྡོ་སོལ་དང་ལྕི་བ་བུད་ཤིང་བྱེད་པ་བཅས་ཀྱི་འཚོ་བ་སྐྱེལ་མཇུག་འགྲིལ་ནས་ཐོག་སོ་དྲུག་ལྡན་གྱི་རྒྱ་ཆེ་ཞིང་གཙང་སྦྲ་དོད་པའི་གྲོང་མིའི་ཐོག་ཁང་དུ་བསྡད་དེ་ཆུ་ཚ་པོ་བཟོ་ཆས་དང་། གསང་སྤྱོད། སོལ་རླངས་ཐབ་བཅས་གང་དགོས་འཛོམས་ཡོད་པ་མ་ཟད། ཁྱིམ་གྱི་སྒོ་རྩར་སློབ་གྲྭ་ཡོད་པ་དང་རྒན་ཁོག་ནད་ལྟ་ཐུབ་ཀྱི་ཡོད་པ་རེད”

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“སེམས་ནུས་གཅིག་སྒྲིལ་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་དགོས་པའི”དགོངས་དོན་གྱི་མཛུབ་ཁྲིད་འོག“ཡར་ལངས་གྲོང་ཚོ”འབོར་ཆེན་ཞིག་ཐོན། མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུས་ཀྱི་ཅུས་ཀྲང་མཱ་ཧྥུང་ཧྲེང་གིས་2017ལོར་གཏན་འཁེལ་བྱས་པའི་རྫོང་དབུལ་པོ(གྲོང་ཁྱེར་དང་ཆུས)7བདེ་བླག་ངང་དབུལ་ཞྭ་ཕུད་པ་དང་། 2018ལོར་གཏན་འཁེལ་བྱས་པའི་རྫོང་12བདེ་བླག་ངང་དབུལ་ཞྭ་འབུད་ཐུབ་རེ་ཡོད་པ། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི“ལོ་ལྔ་ཚན་བཅུ་གསུམ་པའི”ལས་གྲྭའི་སྤྱི་འབོར་གྱི་97%ལེགས་གྲུབ་ཟིན་ཡོད། 2013ལོ་ཚུན་དུ་མི་འབོར་ཁྲི་600ཙམ་ལས་མེད་པའི་མཚོ་སྔོན་ཞིང་ཆེན་དུ་རིམ་རྩིས་ལྟར་ན་མི་འབོར་དབུལ་པོ་ཁྲི་108.3ཉུང་དུ་ཕྱིན་པ་དང་། དབུལ་པོ་ཐོན་ཚད་2012ལོའི་26.4%ནས་2018ལོའི་ལོ་མཇུག་གི་2.5%བར་ཆག་ཡོད་ཅེས་ངོ་སྤྲོད་བྱས།

    ལོ་གསུམ་རིང་མཚོ་སྔོན་ཞིང་ཆེན་གྱིས་ཟི་ལིང་མཚོ་ཤར་གྱི་ཁྱིམ་ཚང་དབུལ་པོའི་སློབ་མ་དང་བོད་རིགས་ས་ཁུལ་གྱི་སློབ་མ་ཡོངས་ལ་ལོ་15རིང་གི་སློབ་ཡོན་མི་དགོས་པའི་སློབ་གསོ་དང་ལེན་བྱེད་པའི་ལས་དོན་ལ་རྒྱུན་མཐུད་སྐུལ་འདེད་བཏང་བ་དང་། སློབ་མཚམས་མི་ཆད་པ་བྱས་ནས་སློབ་གྲྭར་ཞུགས་ཚད་འགན་སྲུང་བྱེད་རྒྱུར་གཅིག་སྡུད་སྐུལ་འདེད་བཏང་སྟེ་སློབ་ཤོར་སློབ་མ་27271སླར་ཡང་སློབ་གྲྭར་ཞུགས་ཐུབ་པ་དང་། འོས་འགན་སློབ་གསོའི་གྲུབ་འབྲས་སྲ་བརྟན་གཏོང་ཚད་96.71%བར་འཕར་བ། བོད་རིགས་ས་ཁུལ་གྱི་སློབ་མ་6000ལྷག་ཙམ་ས་མཐོ་ནས་ཕྱིར་ཐོན་ཏེ་ཡུལ་གཞན་དུ་སློབ་གྲྭ་འགྲིམ་ཐུབ་པ་བྱུང་བ་བཅས་རེད།

    ཐོན་ལས་ཀྱི་གྲུབ་ཆ་བསྐྱར་སྒྲིག་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མཚོ་སྔོན་གྱི་ཇུས་གཞི་ལག་བསྟར་བྱས་པ།

    མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཐེམ་ཆེན་རྫོང་གི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཆོས་དབྱིངས་རྒྱལ་མཚན་གྱིས་ད་ཆ་མེ་རི་གཏེར་ཁུལ་ལེགས་སྒྲིག་བྱས་ནས་རྩྭ་བཏབ་པ་དང་སྣོད་བཅུད་འབྲོག་ལས་ཚན་རིག་དང་མཐུན་པའི་སྒོ་ནས་རྩྭ་ས་རེས་སྐོར་སོགས་བྱེད་ཀྱི་ཡོད་པས་རྩྭ་ར་སྔོ་ལྗང་ཅན་དུ་གྱུར་བ་མ་ཟད། ནོར་ལུག་ཉུང་དུ་ཕྱིན་པ། རིན་གོང་མཐོ་རུ་ཕྱིན་པ་བཅས་ལས་འཚོ་བ་ཇེ་ཡག་ཏུ་ཕྱིན་ཡོད་ཅེས་བརྗོད།

    མེ་རི་གཏེར་ཁུལ་གྱི་འགྱུར་ལྡོག་ནི་མཚོ་སྔོན་གྱིས་མི་རིགས་ས་ཁུལ་གྱི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་བསྡུས་རིས་ཤིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་གྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་མི་རིགས་ས་ཁུལ་གྱི་ཁྱད་ལྡན་ལེགས་ཆའི་ཐོན་ལས་སྐྱེད་སྲིང་ཧུར་ཐག་བྱེད་པ་དང་། མི་རིཌ་ས་ཁུལ་གྱི་ཁྱད་ལྡན་ལེགས་ཆའི་ཐོན་ཁུངས་གོ་རིམ་ལྡན་པའི་སྒོ་ནས་གསར་སྤེལ་བྱེད་པ། མི་རིགས་ས་ཁུལ་གྱི་ཐོན་ལས་ཀྱི་གྲུབ་ཆའི་རིམ་པ་མཐོ་རུ་གཏོང་བ་བཅས་བྱེད་དགོས་པའི་ནན་བཤད་གནང་བར་བརྟེན་མཚོ་སྔོན་གྱིས་སྣོད་བཅུད་བཟང་བའི་ཞིང་འབྲོག་ལས་དང་། རིག་གནས་ཡུལ་སྐོར་ལས་རིཌ། ནུས་རྒྱུ་གསར་པ་གཙོ་བོར་བྱེད་པ་བཅས་ཀྱི་ལྗང་མདོག་ཐོན་ལས་གྲུབ་ཆ་གཏན་འཁེལ་བྱས་ཏེ་མཚོ་བོད་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་། མཚོ་སྔོན་དུ་ཆེད་ལས་མཉམ་ལས་ཁང་སྲིད་འཛིན་གྲོང་ཚོ་ཡོངས་ལ་ཁྱབ་པ་དང་། འབྲི་གཡག་དང་། ནས། འདྲེ་ཚེར་མ་སོགས་ཞིང་ཞོར་ཐོན་རྫས་ལས་སྣོན་གཞན་སྒྱུར་བྱེད་ཚད་56%ཟིན་ཡོད།

    2018ལོར་མཚོ་སྔོན་གྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་4000ལྷག་ཙམ་ལ་སྣེ་ལེན་ཞུས་པ་དེ་ཞིང་ཆེན་ཡོངས་ཀྱི་མི་འབོར་གྱི་ལྡབ་7ཙམ་ཡིན་པ་རེད། ད་ཆ་ཡུལ་སྐོར་བའི་མི་གྲངས་དང་སྤྱིའི་ཡོང་འབབ་གཉིས་ཀ་འཕར་ནས་ཞིང་འབྲོག་པ་ཁྲི་12ལ་ཡུལ་སྐོར་གྱི་ཕན་པ་ཐོབ་ཡོད།

    སྤུས་ཚད་མཐོ་བའི་འཕེལ་རྒྱས་བཏང་ནས“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”དེ་མཚོ་སྔོན་གྱི་ལྗང་མདོག་འཕེལ་རྒྱས་འགྲོ་བའི་སྒུལ་ཤུགས་སུ་གྱུར་ཞིང་། 2018ལོའི་ལོ་མཇུག་བར་མཚོ་སྔོན་གྱིས་ནུས་རྒྱུ་གསར་པའི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་1200ལས་བརྒལ་ནས་2018ལོར་ནུས་རྒྱུ་གཙང་མའི་གློག་འདོན་ཚད་50.9%འཕར་བ་རེད།

    མཚོ་སྔོན་གྱིས་གསར་གཏོད་ལག་ལེན་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱས་པ་དང་འབྲེལ། འཛམ་གླིང་གི་སྐྱེ་བོར་མུ་མཐུད་སྒྱུར་བཅོས་བྱེད་པའི་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་མངོན་པར་བྱས་ཡོད། 

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་འབྱོར་པའི་གློག་འཕྲིན། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།