[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • མཚོ་བོད་ས་མཐོའི་རང་བྱུང་སོལ་རླངས་སྤྱོད་མང་ཤོས་ཀྱི་དུས་བརྟན་པོའི་ངང་སྒྲོལ་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-03-02

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་2ཚེས་28ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། དགུན་དུས་དྲོད་རླངས་མཁོ་འདོན་གྱི་དུས་ཚིགས་སླེབས་ཚུན། འབྲེལ་ཡོད་སྡེ་ཚན་གྱིས་བྱ་ཐབས་མང་པོ་མཉམ་དུ་སྤྱད་དེ་དགུན་དུས་རང་བྱུང་སོལ་རླངས་མཁོ་འདོན་བྱས་པས། མཚོ་སྔོན་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་གཉིས་དྲོད་ལེན་དུས་ཚིགས་ཀྱི་རང་བྱུང་སོལ་རླངས་སྤྱོད་མང་བའི་དུས་བརྟན་པོའི་ངང་སྒྲོལ་ནས་གྲོང་མིས་རང་བྱུང་སོལ་རླངས་སྤྱོད་པའི་ཐད་རང་བྱུང་སོལ་རླངས་དཀོན་པའི་གནད་དོན་གཅིག་ཀྱང་ཐོན་མེད་པ་རེད།

    མཚོ་སྔོན་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་གཉིས་ཀྱི་སོལ་རླངས་ཐོན་ཁུངས་གཅིག་པུ་དེ་ཡིན་པའི་མཚོ་སྔོན་སྣུམ་ཞིང་ལ་དགུན་དུས་དྲོད་རླངས་མཁོ་འདོན་གྱི་དུས་ཚིགས་སླེབས་ཚུན། རང་བྱུང་སོལ་རླངས་དངོས་སུ་སྤྱོད་པའི་དགོས་མཁོ་དང་བསྟུན་ནས་དུས་མཚམས་རང་བཞིན་གྱི་སོལ་རླངས་ཐོན་སྐྱེད་ཀྱི་དམིགས་ཚད་བཀོད་སྒྲིག་བྱས་ནས་དགུན་དུས་སུ་སྨད་རྒྱུད་ཀྱི་རང་བྱུང་སོལ་རླངས་སྤྱོད་པའི་དགོས་མཁོ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཡོད་པ་རེད། ལྷག་པར་དུ་དཔྱིད་གསར་དུས་ཆེན་རིང་། སྣུམ་ཞིང་དུ་རང་བྱུང་སོལ་རླངས་མཁོ་འདོན་འགན་ལེན་གྱི་འཕྲལ་སྡོམ་སྔོན་ཇུས་ལག་ལེན་བསྟར་འགོ་ཚུགས་པ་དང་། གློག་ཤུགས་ཐེག་ཚད་ལས་བརྒལ་ཏེ་ཐོན་སྐྱེད་བྱས་པས་རང་བྱུང་སོལ་རླངས་ཉིན་རེར་ཐོན་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི་1900ཟིན་ཡོད་པ་རེད།

    དེ་དང་ཆབས་ཅིག་རང་བྱུང་སོལ་རླངས་ཕྱིར་ཚོང་སྡེ་ཚན་གྱིས“དམངས་འཚོ་འགན་ལེན་དང་། སྤྱི་སྤྱོད་འགན་ལེན། གཙོ་གནད་འགན་ལེན། བརྟན་ལྷིང་འགན་ལེན”བཅས་ཀྱི་རྩ་དོན་གཞིར་བཟུང་། གྲོང་མི་དང་། དྲོད་རླངས་མཁོ་འདོན། སྤྱི་སྤྱོད་རླངས་འཁོར། བདལ་གཏོང་རླངས་འཁོར་སོགས་དམངས་འཚོའི་རང་བྱུང་སོལ་རླངས་སྔོན་ལ་སྤྱོད་པའི་རྩ་དོན་མཐའ་འཁྱོངས་བྱེད་པ་དང་དྲོད་རླངས་མཁོ་འདོན་འགན་ལེན་བྱེད་རིང་གི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ལེགས་པར་བསྒྲུབས་ཏེ་ས་མཐོའི་མང་ཚོགས་རྣམས་དྲོད་སྐྱིད་ལྡན་པའི་ངང་དགུན་སྒྲོལ་ཐུབ་པའི་འགན་ལེན་བྱས་ཡོད་པ་རེད།

    དགུན་དུས་ཁ་བ་བབས་པ་དང་འཁྱགས་པ་ཐེབས་པ་སོགས་ཀྱི་གནམ་གཤིས་ལ་ཁ་གཏད་གཅོག་ཆེད། འབྲེལ་ཡོད་ཚན་པས་སྐྱེལ་འདྲེན་རླངས་འཁོར་དང་ཁ་ལོ་བ་མང་དུ་བཏང་བ་དང་ཆབས་ཅིག ཆེད་མི་བཀོད་སྒྲིག་བྱས་ནས་མཚོ་བོད་གཞུང་ལམ་ལམ་རྒྱུད་ཀྱི་གནམ་གཤིས་དང་ལམ་གྱི་གནས་ཚུལ་ལ་ཆུ་ཚོད་24ཕྱོགས་ཡོངས་ནས་ལྟ་སྐུལ་ཚོད་འཛིན་བྱས་པ་དང་ཆབས་ཅིག མཚོ་བོད་གཞུང་ལམ་དོ་དམ་སྡེ་ཚན་དང་མཐུན་སྦྱོར་ཧུར་ཐག་བྱས་ཏེ་སོལ་རླངས་སྐྱེལ་འདྲེན་རླངས་འཁོར་དམིགས་བསལ་དུས་སྐབས་ནང་སྔོན་ལ་གཏོང་ཐུབ་པའི་འགན་ལེན་བྱས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།