[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • ཁོང་ནི་ཕོ་ཉ་ཞིག་རེད་ལ་གཉེན་ཉེ་ཞིག་ཀྱང་རེད།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-02-03

    འཆི་མེད་རྡོ་རྗེས་གངས་ལྗོངས་ས་མཐོར་སྦྲག་སྐྱེལ་རླངས་འཁོར་བཏང་ནས་ལོ་30སོང་ཞིང་། “སྤྲིན་གསེབ་ཏུ་གནས་པའི་ཁྲོན་བོད་གཞུང་ལམ་གྱི་ཉེན་ཁ་ཆེ་བའི་སྡེ་དགེའི་ཁྲོ་ལ་འཆི་མེད་རྡོ་རྗེས་ཟླ་བ་རེར་ཐེངས་20ལྷག་ཙམ་བརྒྱབ་ཀྱི་ཡོད། འཆི་མེད་རྡོ་རྗེས་གངས་ལྗོངས་ས་མཐོར་ལོ་30ལས་དོན་བསྒྲུབ་རྒྱུའི་འགྱུར་མེད་ཀྱི་སྙིང་སྟོབས་དེ་གང་ནས་བྱུང་བ་རེད་དམ།

    ཁ་བས་བཀླུབས་པའི་སྦྲག་ལམ་ཐོག་སྐྱོད་སྐབས། ཉེན་ཁ་འཕྲད་རིམ་བཞིན་ཁོང་གིས་རང་ཉིད་ཀྱི་སྦྲག་སྐྱེལ་རླངས་འཁོར་སྔོན་ལ་གཏོང་གི་ཡོད། སྦྲག་སྐྱེལ་རླངས་འཁོར་སྔོན་ལ་བསྐྱོད་རྗེས། རླངས་འཁོར་གཞན་གཞི་ནས་དལ་བུས་ཁོང་གི་རླངས་འཁོར་འཁོར་རྗེས་བརྒྱུད་དེ་ཡོང་གི་ཡོད། རླངས་འཁོར་གཞན་ལ་སྐྱོན་ཤོར་བ་དང་ཁ་ལོ་བར་ལ་དུག་ཕོག་སྐབས་ཀྱང་ཁོང་གིས་དེ་མ་ཉིད་དུ་རོགས་རམ་བྱེད་ཀྱི་ཡོད། ཁོང་གིས་དུས་རྟག་ཏུ་ཉེན་ཁར་མ་འཛེམས་པར་གཞན་ལ་སྟབས་བདེ་བསྐྲུན་གྱི་ཡོད། དེ་ཐོག་ནས་ང་ཚོས་གཞན་ཕན་གྱི་ལས་ལ་དགའ་ཞིང་མཐུན་སྒྲིལ་མཛའ་གྲོགས་ལྡན་པའི་འཆི་མེད་རྡོ་རྗེའི་སྤྱོད་བཟང་མཐོང་ཐུབ།

    “མི་སེར་ཚོས་རེ་སྒུག་བྱེད་པའི་བསྐུར་མ་ལག་སོན་བྱུང་བ་མཐོང་སྐབས། སེམས་ནང་དགའ་ཚོར་ཆེན་པོ་སྐྱེ་གི་འདུག”བབ་ཆགས་པའི་སྐད་ཆ་དེ་ལས་ཁམས་པའི་ཕོ་གཞོན་དེའི་གངས་ལྟར་དཀར་བའི་བརྩེ་སེམས་མཚོན་ཐུབ། “འཆི་མེད་རྡོ་རྗེ་ནི་ཕོ་ཉ་ཞིག་རེད་ལ། གཉེན་ཉེ་ཞིག་ཀྱང་རེད”ཅེས་པའི་ལམ་སྐྱོང་བཟོ་པའི་བསྔགས་བརྗོད་དེ་ལས་མི་སེར་གྱིས་ཁོང་ལ་ཡིད་ཆེས་དང་རྒྱབ་སྐྱོར་བྱེད་པ་མཚོན་ཐུབ།

    འཆི་མེད་རྡོ་རྗེར་གདམ་ག་གཞན་མེད་པ་མ་ཡིན་པར། ནད་ཀྱིས་རྐྱེན་པས་སྔ་སྣུར་དུ“རྒན་ཡོལ”ཞུ་ཆོག་ལ་མི་གཞན་དང་མཉམ་དུ་ཚོང་རྒྱག་རྒྱུའི་རེ་བ་འདོན་མཁན་ཡང་ཡོད། ཁོང་གིས་སྔར་བཞིན་སྦྲག་སྐྱེལ་རླངས་འཁོར་གཏོང་བའི་ལས་ཀ་གདམ་ག་བྱས། གང་ལགས་ཤེ་ན། ཁོང་གི་སེམས་ནང་ལས་ཀ་ཡག་ཤོས་ནི་རང་ཉིད་ཀྱི་ལས་ཀ་དེ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།