[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • “པར་རིས་གཅིག”ལས་ཡུལ་ཤུལ་ཀྲོའུ་ཡི་གྲོང་ཁྱེར་འཛུགས་སྐྲུན་བྱ་རྒྱུ་དེ་བས་བློ་གྲོས་ལྡན་པར་གྱུར་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-02-13

    “‘པར་རིས་གཅིག’གི་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་ལས་སྟེགས་བསྐྲུན་རྗེས་ལས་སྟེགས་སྟེང་གི་ས་ཆ་བེད་སྤྱོད་བྱས་ཚུལ་དང་། ཁྲིམས་འགལ་གྱི་འཛུགས་སྐྲུན། གཞུང་ལམ་གྱི་ལམ་ཐིག་དབྱེ་མཚམས། ས་ཆ་བསྡུ་སྤྱོད་སོགས་གསལ་གསལ་ཐིང་ཐིང་མཐོང་ཐུབ་པ་དེས་ལས་འབོར་ཉུང་དུ་ཆེས་ཆེར་ཕྱིན་པ་ཕུད་ལས་ཀ་བྱེད་སྟངས་དང་ཐབས་ཤེས་ལེགས་སུ་ཕྱིན་ཏེ་ལས་ཕྱོད་ཆེ་རུ་སོང་ཡོད”ཅེས་མཚོ་སྔོན་ཞིང་ཆེན་ཚད་འཇལ་རིས་འབྲི་ཁང་གཉིས་པ་ཡུལ་ཤུལ་ཡན་ལག་ཁང་གི་ལག་རྩལ་ཆེ་མོ་བས་ངོ་སྤྲོད་བྱས།

    ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཆུ་དམར་ལེབ་རྫོང་དུ་གཏན་འཇགས་རྒྱུ་ནོར་ཐོ་འགོད་དང་ལག་ཁྱེར་སྤྲོད་པའི་ལས་དོན་སྤེལ་རིང་གཏན་འཇགས་རྒྱུ་ནོར་ཐོ་འགོད་དང་ལག་ཁྱེར་སྤྲོད་པའི་ལས་སྟེགས་དང་རྒྱལ་ཁབ་ས་ཆའི“པར་རིས་གཅིག”གི་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་ལས་སྟེགས་སྲུབས་ཀ་མེད་པའི་ངང་འབྲེལ་མཐུད་བྱས་པ་བརྒྱུད་དབང་ཁོངས་ཀྱི་ས་ཆ་དང་ཁང་པ་སོགས་གཏན་འཇགས་རྒྱུ་ནོར་གྱི་དམིགས་ཚད་ལ་གནས་གཏན་འཁེལ་ཐུབ་པ་དང་འབྲེལ་དམིགས་འཛུགས་ཀྱི་གཏན་འཇགས་རྒྱུ་ནོར་དང་འབྲེལ་བ་ཡོད་པའི་པར་རིས་ཀྱི་གྲངས་གཞི་དང་། བརྙན་པར་གྱི་གྲངས་གཞི། དེ་བཞིན་དེ་མཚུངས་ཀྱི་བརྟག་དཔྱད་དང་ཁེ་དབང་ཆ་འཕྲིན་གྱི་གྲངས་གཞི་བཅས་ལྟ་ཐུབ་རྒྱུ་རེད། དུས་མཚུངས་ད་དུང་བཙལ་འཚོལ་དང་ཚད་འཇལ་སོགས་ཀྱི་ནུས་པ་མཁོ་འདོན་ཐུབ་ནས་བར་མཐོངས་ས་ཁམས་ཆ་འཕྲིན་གྱི་ཞབས་ཞུ་མིག་མཐོང་ཐུབ་པ་མ་ཟད་ཞབས་ཞུའི་བཀོལ་སྤྱོད་རང་བཞིན་ཡང་ཆེ་རུ་འགྲོ་ཐུབ་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།