[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • མཚོ་སྔོན་རྨ་ལྷོ་ཀྲོའུ་ཡིས་དམངས་ཀྱི་སེམས་ལ་ཟུག་པའི་སྒྲོག་འགྲེལ་བྱས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-13

     མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡིས་ཉིན་ཤས་བསྟུད་མར་ངོ་འཕྲད་གདོང་ཐུག་དང་ཕན་ཚུན་ལྕག་སྐུལ་གྱི་རྣམ་པའི་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ་དང་སྒྲོག་འགྲེལ་བྱེད་སྟངས་ཟམ་མི་ཆད་པར་གསར་གཏོད་དང་སྒྲོག་འགྲེལ་གྱི་ཁྱབ་ཁོངས་རྒྱ་ཆེར་བཏང་ནས། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གཞི་རིམ་གྱི་མང་ཚོགས་ཁྲོད་ཁྱབ་པ་དང་། མང་ཚོགས་ཚོས་ཐོས་ཐུབ་པ། ཁོང་དུ་ཆུད་ཐུབ་པ། དོན་འཁྱོལ་ཐུབ་པ་བཅས་བྱས་པ་རེད།

    མི་རིགས་ས་ཁུལ་གྱི་དོན་དངོས་གཞིར་བཟུང་། རྨ་ལྷོ་ཀྲོའུ་ཡིས་ཏང་སྲིད་འགོ་ཁྲིད་ལས་བྱེད་པ་དང་། རིགས་པའི་གཞུང་ལུགས་ཀྱི་ལས་དོན་པ། ཏང་ཡོན་རྐང་འཛིན་པ། “སྐད་གཉིས”ལས་བྱེད་པ། ཤང་གི་འཇོན་ཐང་ཅན། སྔོན་ཐོན་དཔེ་བཟང་བ་བཅས་ཁྲོད་ནས་ཕུལ་བྱུང་འཐུས་མི་56བདམས་ཏེ“1+4+6”གི་རྣམ་པའི་དར་དམར་སྒྲོག་འགྲེལ་ཚོགས་པ་བཙུགས་པ་རེད། སྒྲོག་འགྲེལ་ཚོགས་པའི་ཁོངས་མི་འབྲོག་ཁུལ་དང་། ཁེ་ལས། སློབ་གྲྭ ལས་ཁུངས། དམག་སྒར། དགོན་སྡེ། སྡེ་ཁུལ་སོགས་སུ་སྐྱོད་དེ། སྒྲོག་འགྲེལ་ཆུང་གྲས་དང་། སྙན་ངག་གྱེར་འདོན། གཞས་གཏོང་རོལ་དཀྲོལ། རིག་རྩལ་འཁྲབ་སྟོན་སོགས་ཀྱི་བྱེད་ཐབས་ཐོག་ནས་ཤང་གྲོང་གི་སྒོ་ར་དང་། ཞིང་ཁྱིམ་གྱི་དུད་ཚང་། རྩྭ་ཐང་གི་གུར་བཅས་འཆད་སྟེགས་བྱས་ཏེ་བོད་རྒྱ་སྐད་ཡིག་གཉིས་དང་མི་སེར་ཚོས་གོ་ཐུབ་པའི་སྐད་ཆའི་ཐོག་ནས་མང་ཚོགས་ཚོས་དོ་ཁུར་ཆེ་ཤོས་བྱེད་པའི་དཀའ་གནད་ལ་དམིགས་ཏེ་ཚོགས་ཆེན་བཅུ་དགུ་པའི་ནང་དོན་སྒྲོག་འགྲེལ་གཏིང་ཟབ་བྱས་ཤིང་། ཚོགས་ཆེན་གྱི་དགོངས་དོན་རྩྭ་ཐང་གི་འབྲོག་ཁུལ་དུ་ཁྱབ་ཐུབ་པ་བྱས་པ་རེད།

    དེ་དང་ཆབས་ཅིག་རྨ་ལྷོ་ཀྲོའུ་ཡིས“སྐད་འཕྲིན་དང་དཔོད་ཆུང་དང་སྤྲིན་ཚོམ་མཐའ་སྣེ”དང“སྤྲིན་ཚོམ་མཐའ་སྣེའི་རྨ་ལྷོ”སོགས་ལས་སྟེགས་བརྒྱུད། “དུས་ཐོག་ཏུ་ཕན་ཚུན་སྐུལ་གཏོང”གི་སྒྲོག་འགྲེལ་རྣམ་པའི་ཐོག་ནས་ཚོགས་ཆེན་བཅུ་དགུ་པ་དང་འབྲེལ་བ་ཡོད་པའི་རྩོམ་ཡིག་140བསྐྱལ་བ་དང་བརྙན་ལམ་ཆུང་གྲས་68བཟོས་པ་རེད། “མཛུབ་རྩེ་འགུལ་བ”བརྒྱུད་ནུས་པ་ཆེ་ལ་ཧེ་བག་ཆུང་བའི་སྒྲོག་འགྲེལ་གྱི་ཕན་འབྲས་ཐོན་པ་དང་། སྒྲོག་འགྲེལ་ཕྱོགས་ཡོངས་ལ་ཁྱབ་ནས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གཞི་རིམ་དུ་རྩ་བ་ཚུགས་ཐུབ་པ་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།