[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • སི་ཁྲོན་འདབ་པ་རྫོང་ར་ལམ་གྲོང་ཚོའི་རྣམ་པ་གསར་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2017-11-14

    451552_yis_1510462267950.jpg

    2016ལོའི་ཟླ་དགུ་པར། སི་ཁྲོན་ཞིང་ཆེན་ལུའུ་ཀྲོའུ་གྲོང་ཁྱེར་གྱི་འདབ་པ་རྫོང་ལ་རོགས་སྐྱོར་བྱེད་མཁན་ལས་དོན་ཚོགས་ཆུང་ཁག་བཞི་པས་ར་ལམ་གྲོང་ཚོ་བདམས་ནས་ཁ་གཏད་དབུལ་སྐྱོར་བྱས་ཏེ་ཕྱོགས་ཁག་གི་མ་དངུལ་སྒོར་ཁྲི་300ལྷག་ཙམ་གྲབས་གསོག་བྱས་ནས་ཡུལ་བབ་དང་བསྟུན་པ་དང་ཡུལ་སྐོར་དབུལ་སྐྱོར་ལ་བརྟེན་ནས་གྲོང་ཚོ་གསར་པ་འཛུགས་སྐྲུན་བྱ་རྒྱུ་འཆར་འགོད་དང་གཏན་འཁེལ་བྱས་ཡོད། གཞུང་ལམ་འཛུགས་སྐྲུན་དང་། གྲོང་མིའི་འཚོ་སྡོད་ཁོར་ཡུག་ལེགས་གཏོང་། ཡུལ་སྐོར་སྒྲིག་བཀོད་འཛུགས་སྐྲུན། ཡུལ་ལྗོངས་ལེགས་གཏོང་། སྔོ་ཚལ་དྲོད་ཁང་ཆེ་མོ་དང་སྒོ་ཕྱུགས་གསོ་ཚགས་ཁྱབ་གདལ་བཏང་བ་དང་། ལོ་གཅིག་ལྷག་ཙམ་འཛུགས་སྐྲུན་བྱས་པ་བརྒྱུད། ར་ལམ་གྲོང་ཚོའི་རྣམ་པ་གསར་རྐྱང་དུ་གྱུར་ཞིང་། འདི་ནི་ཟླ་11ཚེས་7ཉིན་ར་ལམ་གྲོང་ཚོའི་གྲོང་མི་སྒྲོལ་མ(གཡོན་གྱི་དང་པོ)དང་བཟའ་ཟླ་ཝ་ཤིས(དཀྱིལ)ཀྱིས་རང་ཁྱིམ་གྱི་སྔོ་ཚལ་དྲོད་ཁང་དུ་ལས་ཀ་བྱེད་པའི་གནས་ཚུལ་ཡིན་པ།


    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།