[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • ཤེས་བཀྲའི་སེམས་ནང་གི་ཁུ་ཁུ་ཤི་རི།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2017-11-14

    ཤེས་བཀྲ་ནི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཆུ་དམར་རྫོང་ཆུ་དམར་ཤང་ངམ་ར་གྲོང་ཚོའི་ཀུང་ཧྲེ་གཉིས་པའི་སྣོད་བཅུད་ཁོར་ཡུག་ལྟ་སྲུང་བ་ཞིག་རེད། དེ་རིང་ཁོང་ཆུ་དམར་ཆུ་འགོའི་ཆུ་རྒྱུག་ཚུལ་དང་ཆུ་འགོར་གད་སྙིགས་ཡོད་མེད་ལྟ་བར་འགྲོ་མཁན་རེད།

    ཤེས་བཀྲའི་ཟིན་བྲིས་དེབ་ཁ་ཕྱེ་སྐབས་དེར་ཆུ་འགོ་སྲུང་སྐྱོང་བྱས་ཚུལ་གྱི་ཐོ་ཞིབ་ཅིང་ཕྲ་བ་འཁོད་ཡོད་པ་མ་ཟད། པར་ཡང་སྦྱར་ཡོད་པ་རེད། འདི་ལོ་ལོ་51ལ་སླེབས་པའི་ཤེས་བཀྲས་སྣོད་བཅུད་ཁོར་ཡུག་ལྟ་སྲུང་བ་བྱས་ནས་བགྲང་བྱ་བཅུ་ཙམ་སོང་ཞིང་། གཙང་གསུམ་ཆུ་འགོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་ལས་གྲྭ་འགོ་ཚུགས་པ་ནས་བཟུང་། ཤེས་བཀྲར་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་ཐད་རང་ཉིད་ཀྱི་ལྟ་ཚུལ་ཞིག་ཡོད་པ་སྟེ། “རྩྭ་ར་ནི་ང་ཚོ་འབྲོག་པའི་འཚོ་རྟེན་ཡིན་པ་དང་། བདག་ཏུ་མ་བཟུང་བའི་སྲོག་ཆགས་ནི་ང་ཚོའི་གྲོགས་པོ་ཡིན་པས། རྩྭ་ར་དང་ཆུ་འགོ་སྲུང་སྐྱོང་བྱ་རྒྱུ་ནི་བདེན་དོན་སྙོན་མེད་ཅིག་ཡིན་སྟབས། ལས་འགན་གཙོ་བོ་ནི་རྩྭ་ར་སྲུང་སྐྱོང་ཡག་པོ་བྱ་རྒྱུ་དེ་ཡིན”ཞེས་ཤེས་བཀྲས་སྦ་གསང་མེད་པར་བཤད།

    སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་བྱེད་མཁན་ཤེས་བཀྲ་གཅིག་པུ་མིན་པར་ཆུ་དམར་ཤང་གི་གཤམ་དུ་འབྲོག་པ་ཨུ་ལྷན་བཞི་ཡོད་པ་དང་། ཨུ་ལྷན་རེར་སྣོད་བཅུད་ཁོར་ཡུག་ལྟ་སྲུང་བ་100ལྷག་དང་ཁྱོན་བསྡོམས་མི་400ཙམ་ཡོད། ཤེས་བཀྲ་ནི་དེ་དག་ཁྲོད་ཀྱི་གཅིག་ཡིན། ཁོང་ཚོར་ཐུན་མོང་གི་དམིགས་ཡུལ་ཞིག་ཡོད་པ་ནི་གཙང་གསུམ་ཆུ་འགོ་དང་ཁུ་ཁུ་ཤི་རི་སྲུང་སྐྱོང་ཡག་པོ་བྱ་རྒྱུ་དེ་རེད།

    ཁུ་ཁུ་ཤི་རི་འཛམ་གླིང་རང་བྱུང་ཤུལ་བཞག་ནང་འདུན་ཞུ་བྱེད་པའི་ལས་དོན་སྤེལ་འགོ་ཚུགས་རྗེས། ཤེས་བཀྲ་དང་སྣོད་བཅུད་ཁོར་ཡུག་ལྟ་སྲུང་བ་སྔར་ལས་མང་བར“ཐོབ་ཐང”གསར་པ་ཞིག་ཡོད་པ་ནི། ཁུ་ཁུ་ཤི་རིའི་ཆུ་དམར་སྲུང་སྐྱོང་ས་ཚིགས་ཀྱི་སྐོར་གཡེང་བ་བྱ་རྒྱུ་དེ་རེད། ཤེས་བཀྲ་ལྟ་སྲུང་བ་ཞིག་ཡིན་པའི་ངོས་ནས། ངམ་ར་གྲོང་ཚོའི་ཀུང་ཧྲེ་གཉིས་པའི་འབྲོག་དུད་བཞི་ལ་དོ་དམ་བྱེད་ཀྱི་ཡོད། ཁོང་གི་འོས་འགན་ནི་ཤང་ནང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་གཅིག་གྱུར་ཐོག་སྒྲིག་འཛུགས་བྱེད་པ་ཕུད། ད་དུང་འབྲོག་དུད་བཞི་སྒྲིག་འཛུགས་ཀྱིས་རང་རང་སོ་སོའི་རྩྭ་ར་སྲུང་སྐྱོང་ཡག་པོ་བྱས་ནས་འབྲོག་པར་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་དྲིལ་བསྒྲགས་དང་རྩྭ་ར་འབྲོག་པར་ཤིན་ཏུ་གལ་འགངས་ཆེ་ལུགས་སྐོར་འགྲེལ་བཤད་རྒྱག་གི་ཡོད།

    སྔོན་མའི་སྣོད་བཅུད་ཁོར་ཡུག་ལྟ་སྲུང་བ་ཡིན་ན་འདྲ། ཡང་ན་ད་ཆའི་ཁུ་ཁུ་ཤི་རིའི་ཆུ་དམར་སྲུང་སྐྱོང་ས་ཚིགས་ཀྱི་སྐོར་གཡེང་བ་ཡིན་ནའང་འདྲ། ཤེས་བཀྲའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྱོང་ལས་ཀར་འགྱུར་ལྡོག་གཏན་ནས་ཕྱིན་མེད། དེ་ནི་ཁུ་ཁུ་ཤི་རི་འཛམ་གླིང་རང་བྱུང་ཤུལ་བཞག་ནང་འདུན་ཞུ་བྱས་རྗེས་ཕན་པ་ཅི་ཡོང་རྒྱུའི་སྐོར་གླེང་སྐབས། ཤེས་བཀྲའི་ནག་ཅིང་རིད་པའི་ངོ་གདོང་ལས་སྤོབས་པའི་འཛུམ་མདངས་འཕྱུར་བཞིན“སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་སྲིད་ཇུས་ཉིན་རེ་བཞིན་ཇེ་མང་དང་ཇེ་ཡག་ཏུ་ཕྱིན་ནས་ང་ཚོའི་ནམ་མཁའ་སྔོ་ཞིང་དྭངས་བར་འགྱུར་བ་དང་། རྩྭ་ཐང་སྔར་བས་སྔོ་བ། ཆུ་རྒྱུན་སྔར་བས་དྭངས་ཤིང་གཙང་བ། བདག་ཏུ་མ་བཟུང་བའི་སྲོག་ཆགས་དེ་བས་ཇེ་མང་དུ་འགྲོ་ངེས་རེད”ཅེས་རྒྱ་སྐད་དེ་ཙམ་་བྱང་ཆུབ་པོ་མེད་པའི་སྒོ་ནས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།