[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་ཁུལ་གསར་འགྱུར།
  • “གངས་ལྗོངས་བོད་ཇས”པད་མའི་འབྲོག་པའི་ཕྱུག་འགྱུར་ལམ་བུ་གཏོད་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2017-07-17

     མཚོ་སྔོན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ས་མཐོའི་དཔྱིད་ཀར“ཚོན་མདོག་གསུམ་ལྡན་གྱི་པད་མའི”དུས་ཚིགས་ཡག་ཤོས་ཤར་ཤིང་། མཚོ་སྔོན་ཞིང་ཆེན་གྱི“གངས་ལྗོངས་བོད་ཇ”འཐུ་བའི་དུས་ཚིགས་གལ་ཆེན་འབའ་ཞིག་དེའང་རེད། པད་མ་རྫོང་གི་རྡོ་ཁོག་རྡོ་ཆུ་བརྒྱུད་ནས་སྐྱོད་སྐབས་ཐག་རིང་ནས་འབྲོག་པ་མང་ཚོགས་ཀྱིས“གངས་ལྗོངས་བོད་ཇ”འཐུ་བའི་བྲེལ་འཚུབ་ཀྱི་རྣམ་པ་མཐོང་ཐུབ།

    གྲོགས་པོ་རྙིང་པ་ཚེ་བརྟན་གྱིས་སྔ་ས་ནས་རང་ཁྱིམ་གྱི་སྒོ་འགྲམ་དུ་དཀར་གཙང་མཇལ་དར་ཁྱེར་ནས་ང་ཚོ་བསྒུགས་ནས་བསྡད་འདུག ཁྱིམ་དུ་འཛུལ་མ་ཐག་ཁོང་གིས་འཕྲལ་མར་འདི་ལོ་གསར་དུ་བཏུས་པའི“གངས་ལྗོངས་བོད་ཇ”ཧུའུ་གང་སྦངས་ནས་ང་ཚོར་བྲོ་བ་མྱོང་དུ་བཅུག་པ་དང་འབྲེལ་ཁོང་ཁྱིམ་གྱིས་འདི་ལོ་བཏབ་པའི“གངས་ལྗོངས་བོད་ཇའི”སྐྱེ་ཚུལ་དང་ཡོང་འབབ་གནས་ཚུལ་ངོ་སྤྲོད་བྱས་བྱུང་། ཁོང་གིས་ཉེ་བའི་ལོ་ཤས་རིང་རྫོང་གིས“ལྗང་མདོག་པད་མ”གཏོད་གང་ཐུབ་བྱས་ནས་ང་ཚོ་དུད་ཚང་དབུལ་པོར་གངས་ལྗོངས་བོད་ཇའི་སྡོང་ཕྲུག་རིན་མེད་མཁོ་འདོན་བྱས་བྱུང་། ངས་བཏབ་པའི་མུའུ་གཅིག་ཀྱང་མ་ཟིན་པའི་གངས་ལྗོངས་བོད་ཇར་ཚོད་དཔག་རགས་ཙམ་བྱས་ན་འདི་ལོ་ཡོང་འབབ་སྒོར་ཁྲི་2ཙམ་ཟིན་ངེས་ཡིན་པས“གངས་ལྗོངས་བོད་ཇར”ང་ཚོ་མི་སེར་གྱིས་དངོས་འབྲེལ་རེ་བ་གསར་པ་ཞིག་མཐོང་བྱུང་བས་སེམས་ཁོངས་ནས་ཏང་དང་སྲིད་གཞུང་ལ་དངོས་འབྲེལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད།

    པད་མ་རྫོང་ནགས་ལས་ཅུས་ཀྱི་འགན་འཁུར་བས། ཚེ་བརྟན་གྱི་གངས་ལྗོངས་བོད་ཇ་ང་ཚོའི་རྫོང་གི་ནགས་ཁྲོད་ཐོན་ལས་འཕེལ་རྒྱས་བཏང་བའི་མཚོན་ཚུལ་ཞིག་རེད། ཉེ་བའི་ལོ་ཤས་རིང་པད་མ་རྫོང་གིས་ཐུན་མོང་མ་ཡིན་པའི་རང་བྱུང་ཐོན་ཁུངས་གང་ལེགས་སྤྱད་དེ“ལྗང་མདོག་པད་མ”གཙོ་བོར་བྱས་པའི་གངས་ལྗོངས་བོད་ཇ་དང་ཨ་བྷི་ཥ་སོགས་གཙོ་བོར་བྱས་པའི་ནགས་ཁྲོད་དཔལ་འབྱོར་ཐོན་ལས་འཕེལ་རྒྱས་བཏང་བས་ཀུང་སི+ཆེད་ལས་མཉམ་ལས་ཁང+རྟེན་གཞི+ཞིང་དུད་ཀྱི་འཕེལ་རྒྱས་གཏོང་སྟངས་ཆགས་ནས་ནགས་ཁྲོད་ཐོན་ལས་དཔལ་འབྱོར་འཕེལ་རྒྱས་དུས་མཚམས་གསར་པ་ཞིག་ཏུ་སླེབས་ཡོད་ཅེས་ངོ་སྤྲོད་བྱས།

    ཤེས་རྟོགས་བྱུང་བར་གཞིགས་ན། 2016ལོར་པད་མ་རྫོང་གི་གངས་ལྗོངས་བོད་ཇ་ལ་མཚོ་སྔོན་ཞིང་ཆེན་གྱི་སྐབས་དང་པོའི་ས་མཐོའི་ཁྱད་ལྡན་གྱི་གསེར་གྱི་བྱ་དགའ་ཐོབ་ནས་གངས་ལྗོངས་བོད་ཇ་སྤྱི་རྒྱ་2000ཉོ་སྒྲུབ་དང་ལས་སྣོན་བྱས་པར་ཡོང་འབབ་དང་ཐོན་ཚད་སྒོར་ཁྲི་600ཟིན་པ་དང་ཆབས་ཅིག གནད་སྨིན་དབུལ་སྐྱོར་ལས་དོན་དང་ཟུང་འབྲེལ་གང་ལེགས་བྱས་ནས་དུད་ཚང་དབུལ་པོ་ཁེ་ལས་ཀྱི་ལས་སྣོན་ལ་བཅུག་སྟེ་གངས་ལྗོངས་བོད་ཇ་འདེབས་འཛུགས་ལས་སྣོན་དང་བྲིན་ཚོང་སོགས་བྱས་ཏེ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་200ཡི་མི་1000ལ་ཡོང་འབབ་འཕར་རྒྱུར་སྣེ་ཁྲིད་བྱས་པས་མི་རེར་ཆ་སྙོམས་ཡོང་འབབ་སྒོར་2800བྱུང་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།