[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་ཉེན་རྟོག་པའི་སྟོབས་ཤུགས་གཞི་རིམ་དུ་ཕྱོགས་ནས“གྲོང་ཚོའི་ཉེན་རྟོག་པ”གསོ་སྦྱོང་བྱས་རྗེས་ལས་གནས་ཐོག་བསྐྱོད་དགོས་པ།

  • ཡོང་ཁུངས།   ​ མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2015-11-17

    ཉེ་ཆར་གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་ནས་ཤེས་རྟོགས་བྱུང་བར། “གྲོང་ཚོའི་ཉེན་རྟོག་པའི”དཔུང་ཁག་གི་ཕྱོགས་བསྡུས་བྱང་ཚད་སྔར་བས་མཐོ་རུ་གཏོང་ཆེད་ཟླ་11ཚེས་10ཉིན་ནས་བཟུང་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱིས་ཞིང་ཆེན་དེ་ཡོངས་ཀྱི་གསར་དུ་བསྡུས་པའི“གྲོང་ཚོའི་ཉེན་རྟོག་པ”4530ལ་དུས་ཡུན་ཉིན་10ཡི་གཅིག་སྡུད་གསོ་སྦྱོང་བྱས་པ་དང་དུས་མཚུངས་གསར་དུ་བསྡུས་པའི“གྲོང་ཚོའི་ཉེན་རྟོག་པར”ལོ་རེར་དཔྱད་ཞིབ་ཐེངས་རེ་དང་དཔྱད་བསྡུར་དང་གདན་ཞུ་རེ་བྱེད་པའི་ལམ་ལུགས་ལག་ལེན་བསྟར་ནས“གྲོང་ཚོའི་ཉེན་རྟོག་པའི”སྤུས་ཚད་འགན་ལེན་བྱ་རྒྱུ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། མཚོ་སྔོན་དུ“ས་ཚིགས་མང་བ་དང་། ལམ་ཐག་རིང་བ། ས་རྒྱ་ཆེ་བ། སྡོད་གནས་ཁ་ཐོར་ཡིན་པ”སོགས་ཀྱི་ཁྱད་ཆོས་མངོན་གསལ་དོད་པས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་རེའི་ཆ་སྙོམས་དོ་དམ་ཁྱབ་ཁོངས་སྤྱི་ལེ་ངོས་གྲུ་284ཟིན་པ་དང་གྲོང་གསེབ་དང་འབྲོག་ཁུལ་མངགས་གཏོང་ཁང་མང་ཆེ་བར་ཁོངས་གཏོགས་ཁུལ་རྒྱ་ཆེ་བ་དང་ཁྲིམས་འཛིན་གྱོད་སྒྲུབ་ཀྱི་མ་གནས་མཐོ་བ་སོགས་ཀྱི་གནད་དོན་འཕྲད་ཡོད། དུས་ཡུན་རིང་པོའི་ནང་གཞི་རིམ་དུ་བྱ་དགའ་ཉུང་བ་དང་དཔུང་ཁག་གི་འགན་ལེན་ལམ་སྲོལ་འཐུས་སྒོ་མི་ཚང་བ་སོགས་ཀྱི་རྒྱུ་རྐྱེན་གྱི་ཚོད་འཛིན་ཕོག་ནས་ཞིང་འབྲོག་ཁུལ་གྱི་སྤྱི་བདེའི་རྨང་གཞིའི་ལས་དོན་ཧ་ཅང་ཞན་པར་བརྟེན། མཚོ་སྔོན་ཞིང་ཆེན་གྱིས་ཉེན་རྟོག་པའི་སྟོབས་ཤུགས་གཞི་རིམ་དུ་ཕྱོགས་པའི་འབྲེལ་ཡོད་ལས་དོན་ལ་འཚོལ་ཞིབ་བྱས་ནས་ཞིང་ཆེན་དང་གྲོང་ཁྱེར་ཀྲོའུ་ཡི་སྤྱི་བདེའི་ལས་ཁུངས་ཀྱིས་གཞི་རིམ་མངགས་གཏོང་ཁང་དུ་ཁ་གཏད་རོགས་སྐྱོར་བྱེད་པའི་རྒྱུན་རྣམ་ཅན་གྱི་ལས་ཀའི་ལམ་སྲོལ་བཙུགས་པ་དང་འབྲེལ་དེའི་རྨང་གཞིའི་ཐོག“གྲོང་ཚོའི་ཉེན་རྟོག་པའི”ལས་ཀའི་ལམ་སྲོལ་ཁྱབ་གདལ་བཏང་བ་རེད། “གྲོང་ཚོའི་ཉེན་རྟོག་པས”སྤྱི་ཚོགས་ཀྱི་བདེ་འཇགས་སྔོན་འགོག་ཚོད་འཛིན་དང་། ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག ཆ་འཕྲིན་འཚོལ་བསྡུ་དང་འཚོལ་ཞིབ་ཐོ་འགོད། དངོས་ཡོད་མི་འབོར་དོ་དམ་སོགས་སྤྱི་བདེའི་རྨང་གཞིའི་ལས་དོན་ནང་ཁྱོན་ཡོངས་ནས་ཞུགས་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། “གྲོང་ཚོའི་ཉེན་རྟོག་པའི”ལས་ཀར་མཁོ་བའི་འགྲོ་གྲོན་ཁག་རྒྱལ་དམངས་དཔལ་འབྱོར་གྱི་འཆར་གཞི་དང་ནོར་སྲིད་ཀྱི་སྔོན་རྩིས་ནང་བཅུག་ནས་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་35%འགན་འཁུར་རྒྱུ་དང་གྲོང་ཁྱེར(ཀྲོའུ)རྫོང་རིམ་གཉིས་ནོར་སྲིད་ཀྱིས་65%འགན་འཁུར་རྒྱུའི་བསྡུར་ཚད་གཞིར་བཟུང་སྤྲོད་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།