[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • གངས་རི་དང་རྩྭ་ཐང་ཁྲོད་ཐོག་མའི་བསམ་འདུན་མངོན་འགྱུར་བྱེད།

    —ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པའི་བྲག་ཡིབ་ཆུས་ཏུང་ཀོན་ལས་དོན་ཚོགས་ཆུང་གི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2020-01-29

    རང་བྱུང་ཁམས་ཀྱི་མཛེས་ལྗོངས་ངོ་མཚར་ཆེ་ལ་གསོན་ཉམས་ལྡན་ཞིང་། དབྱར་དུས་ས་ཕྱོགས་གང་སར་སྔོ་ཐིང་ངེར་གྱུར་བ་དང་དགུན་དུས་ཁ་བའི་འདབ་མ་ལྷབ་ལྷུབ་ཏུ་གཡོ་བ་ནི་བྱིས་སྒྲུང་ནང་གི་རྨི་འཕྲུལ་ལྟ་བུར་སྣང་། དེ་དག་ཐམས་ཅད་ལས་ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པའི་བྲག་ཡིབ་ཆུས་ཏུང་ཀོན་ལས་དོན་ཚོགས་ཆུང་གི་ལས་བྱེད་པའི་སེམས་ནང་བབ་ཆགས་གཏིང་ཟབ་བཞག་ཡོད། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སུ་བསྐྱོད་པ་ནས་བཟུང་ཁོང་ཚོ་ས་གཞི་དེར་དགའ་སྣང་ཆེན་པོ་བྱུང་ཡོད།

    ལོ་ཕྱེད་ནང་ཏུང་ཀོན་གྲོང་ཁྱེར་ནས་ཡིན་པའི་བོད་སྐྱོར་ལས་བྱེད་པ་ཚོས་བྲག་ཡིབ་ཀྱི་ས་གཞི་ཆེ་མོའི་སྟེང་རྔུལ་ཆུ་འདོན་ཞིང་བརྩེ་སེམས་ཟབ་མོ་བཅངས།

    འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་བོད་སྐྱོར་ལས་དོན་གྱི་འགོ་ཡག་པོ་བརྩམས་པ།

    ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པའི་བྲག་ཡིབ་ཆུས་ཏུང་ཀོན་ལས་དོན་ཚོགས་ཆུང་གིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་ཁྲིད་སྟོན་དང་ཐོན་ལས་ལ་བརྟེན་ནས་འཛུགས་སྐྲུན་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཐོག་ཕྱི་ཚུལ་ཙམ་མ་ཡིན་པར“ཐ་སྐྱོང་ལ་གཟིགས་སྐྱོང་གིས་འཛུཌ་སྐྲུན་འགན་ལེན་དང་། ཏང་འཛུགས་སྐྱོང་ལ་ཤུཌ་སྣོན་བརྒྱབ་ནས་ཡག་ཐོག་ཡག་བརྩེགས་ཡོང་རྒྱུར་ཁྲིད་སྟོན། རང་བརྟེན་ཧུར་ཐག་བྱས་ནས་ཐོན་ལས་ལ་རོགས་སྐྱོར”བཅས་བྱེད་པའི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་འཛུཌ་སྐྲུན་གྱི་བསམ་ཕྱོགས་གསལ་པོ་བཟོས་ཏེ་མ་དངུལ་སྒོར་ཁྲི་4000བཏང་ནས་སྟག་ལྤགས་གྲོང་ཚོ་དང་ཁམས་རགས་གྲོང་ཚོ་སོགས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་བརྒྱད་འཛུཌ་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་ད་ཆ་འོས་འགུག་འོས་དཔོད་བྱེད་བཞིན་ཡོད་པ་རེད། “ཁྱད་ལྡན་ལེགས་གཏོང་དང་། ལས་སྟེཌ་འཐུས་ཚང་། མི་སྣ་གཅིག་སྡུད”བཅས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་འཆར་འགོད་ལག་བསྟར་བྱས་པ་དང་བྲག་ཡིབ་གྲོང་རྡལ་ཡུལ་མི་གྲོང་ཚོའི་ཞིང་ལས་ལྟ་སྐོར་ཕྱོགས་བསྡུས་སྒྲིག་གཞི་དང་། བུ་ཆུ་ཤང་གི་སྔོ་ཚལ་ཤིང་འབྲས་རྟེན་གཞི། དགུན་ཚང་ཤང་ཉང་གསར་གྲོང་ཚོའི་གླིང་ཁའི་དཔལ་འབྱོར་སོགས་ཐོན་ལས་རྣམ་གྲངས་གཏན་འཁེལ་བྱས་པ་རེད།

    “སེམས་ནུས་གཅིག་སྒྲིལ་ངང་དམངས་འཚོར་ཞབས་འདེགས་ཞུས་པ།

    ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པའི་བྲག་ཡིབ་ཆུས་ཏུང་ཀོན་ལས་དོན་ཚོགས་ཆུང་གིས་དམངས་འཚོར་འགན་ལེན་དང་ལེགས་སུ་གཏོང་བའི་གཙོ་གནད་མངོན་གསལ་དོད་པོ་ཡོང་བར་བྱེད་པ་དང་། སློབ་གསོ་དང་། ལས་ཞུགས། བདེ་སྡོད། དབུལ་སྐྱོར་སོགས་མང་ཚོགས་ཀྱི་ཁེ་ཕན་དང་ཐད་ཀར་འབྲེལ་བ་ཡོད་པའི་གཙོ་གནད་རྣམ་གྲངས་ལ་དམ་པོར་དམིགས་ནས་སློབ་གསོའི་སྤུས་ཚད་མཐོར་གཏོང་དང་། སྨན་བཅོས་ཆུ་ཚད་མཐོར་གཏོང་། ལས་ཞུགས་ལས་གཏོད་ལ་སྐུལ་གཏོང་། སྡོད་མལ་ཁོར་ཡུག་ལེགས་གཏོང་། བསམ་བློ་དང་རིག་གནས་ལ་ཁྲིད་སྟོན་བཅས་བྱེད་པའི་དམངས་འཚོ་ལེགས་གཏོང་གི་བྱ་སྤྱོད་ཆེན་པོ་ལྔ་སྤེལ་ཤུགས་ཆེ་རུ་བཏང་ཡོད། བྲག་ཡིབ་ཆུས་ཀྱི་སློབ་གྲྭ་འབྲིང་ཆུང་གི་རིག་ལྡན་སློབ་ཁང་རྣམ་གྲངས་རེ་ཞུའི་འཆར་གཞི་ཡོད་པ་དང་བྲག་ཡིབ་ཆུས་ཀྱི་སློབ་གྲྭ་འབྲིང་ཆུང་ཚང་མར་ཁྱབ་པ་སྟེ། དམའ་རིམ་སློབ་འབྲིང་གཅིག་དང་། ཆུས་སློབ་ཆུང་གཅིག ཤང་དང་གྲོང་རྡལ་གྱི་ལྟེ་བའི་སློབ་ཆུང་དྲུག་བཅས་ཚུད་ཡོད།

    བྲག་ཡིབ་ཆུས་ཀྱི་མིག་སྔའི་གྲོང་ཚོ་30ལ་སྔར་བཞིན་གྲོང་ཚོ་རིམ་པའི་ཚད་ལྡན་འཕྲོད་བསྟེན་ཁང་འཛུགས་སྐྲུན་ཐུབ་མེད་པའི་དོན་དངོས་ལ་དམིགས་ནས་ལོ་ལྟར་འཕྲོད་བསྟེན་ཁང་6བསྐྲུན་རྒྱུ་དང་འཕྲོད་བསྟེན་ཁང་རེར་མ་དངུལ་སྒོར་ཁྲི་35གཏོང་རྩིས་ཡོད་པ་དང་ཆ་སྙོམས་རྒྱ་ཁྱོན་སྨི་ངོས་གྲུ་80ཟིན་རྒྱུ་རེད།

    “གསུམ་མངོན་གསལ་དོད་པོ”ཡོང་བ་བྱས་ཏེ་རྣམ་གྲངས་ཀྱི་ཁྲིད་སྟོན་ནུས་པ་བཏོན་པ།

    ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པའི་བྲག་ཡིབ་ཆུས་ཏུང་ཀོན་ལས་དོན་ཚོགས་ཆུང་གིས་རྣམ་གྲངས་སྐུལ་འདེད་དང་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་ནས་ནང་སའི་ཁེ་ལས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་ཚོང་འགུགས་ཀྱི་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་ཐོག་བོད་སྐྱོར་ལས་དོན་ལ་ཕན་འབྲས་དངོས་ཐོབ་པའི་འགན་ལེན་བྱས་པ་རེད།

    རྣམ་གྲངས་ཀྱི་ཁྲིད་སྟོན་ནུས་པ་མངོན་གསལ་དོད་པོ་བྱས་ཏེ་བརྟག་ཞིབ་བྱེད་ཤུགས་ཆེ་རུ་བཏང་བ་དང་བྲག་ཡིབ་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས“ལོ་ལྔ་ཚན་བཅུ་བཞི་པའི”བོད་སྐྱོར་རྣམ་གྲངས་འཆར་འགོད་ལས་དོན་སྒྲིག་འཛུགས་དང་ཇུས་འགོད་བྱས་ཡོད། དེ་དང་དུས་མཚུངས་བཀྲག་མདངས་འཚེར་ས་དང་རྩེར་སོན་འཛུགས་སྐྲུན་བྱེད་པའི་འདུ་ཤེས་མཐའ་འཁྱོངས་ཀྱིས་ཚད་གཞི་མཐོ་བའི་འཆར་འགོད་འཛུགས་སྐྲུན་བྱས་ནས་འཆར་འགོད་རྣམ་གྲངས་འཛུགས་སྐྲུན་བྱེད་པའི་གོམ་སྟབས་མགྱོགས་སུ་བཏང་བ་རེད།

    གྲོང་ཁྱེར་དང་གྲོང་རྡལ་གྱི་ཁྲིད་སྟོན་ནུས་པ་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ། སྨན་རི་ཤང་དང་དགུན་ཚང་ཤང་གཉིས་ཡུལ་སྐོར་གྲགས་ཅན་གྲོང་རྡལ་དང་། ཡུལ་སྲོལ་གོམས་གཤིས་ཟབ་པའི་གྲོང་རྡལ་ཆུང་ངུ་། ཉམས་འགྱུར་ལྡན་པའི་གྲོང་རྡལ་ཆུང་ངུ་བཅས་སུ་ཧུར་ཐག་གཏོད་རྒྱུ་ཡིན་པ་རེད། ཡུལ་སྐོར་གྲོང་རྡལ་དང་གྲོང་ཚོའི་དཔེ་སྟོན་ས་ཚུགས་2འཛུགས་སྐྲུན་བྱ་རྩིས་ཡོད་ཅིང་། བྲག་ཡིབ་གྲོང་རྡལ་དང་། བུ་ཆུ་ཤང་། སྨན་རི་ཤང་། དགུན་ཚང་ཤང་། ཉིང་ཁྲི་གྲོང་རྡལ་སོགས་ཤང་དང་གྲོང་རྡལ་དྲུག་དུ་གྲོང་ཚོ་3བཀོད་སྒྲིག་བྱས་ནས་བྲག་ཡིབ་ཀྱི་སྡོད་མལ་ཁོར་ཡུག་རིམ་སྤོར་གྱི་དཔེ་སྟོན་གྲོང་ཚོ་18བསྐྲུན་རྒྱུ་རེད།

    ཚོང་འགུགས་ཀྱི་ཁྲིད་སྟོན་ནུས་པ་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ“མ་འདྲེན་གྱི་འགག་སྒོ”ནན་པོར་བསྲུངས་ནས་བྲག་ཡིབ་ཆུས་ཀྱི་ཚོང་འགུགས་མ་འདྲེན་གྱི་གཟིགས་སྐྱོང་སྲིད་ཇུས་དྲིལ་བསྒྲགས་ཡག་པོ་བྱས་ཐོག ཏུང་ཀོན་གྱི་ཁེ་ལས་ནང་འདྲེན་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ཚོང་འགུགས་འོས་སྦྱོར་བྱས་ཏེ་ཚོང་འགུགས་མ་འདྲེན་གྱི་གནད་སྨིན་དང་རྣམ་གྲངས་དོན་འཁྱོལ་བྱེད་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ་རེད། དེ་དང་དུས་མཚུངས་དངུལ་རྩའི་བོད་སྐྱོར་བྱ་ཐབས་འཚོལ་ཞིབ་བྱས་ནས་སྐྱེད་གསབ་དང་འགན་བཅོལ་ཁ་གསབ་ཀྱི་བྱ་ཐབས་སྤྱད་དེ་དངུལ་རྩའི་བོད་སྐྱོར་ཀྱི་བསམ་ཕྱོགས་གསར་པ་བཏོན་ནས་ཞིང་འབྲོག་པ་ཚུད་པའི་ཁེ་ལས་ཀྱི་གསོག་ནུས་དང་། ཐོན་ནུས། སྒུལ་ནུས་བཅས་སྐུལ་སྤེལ་བྱས་ཏེ་བྲག་ཡིབ་ཆུས་ཀྱི་རང་བརྟེན་ནུས་པ་ཆེ་རུ་ཏན་ཏིག་བཏང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།