[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ཀྲུང་དབྱང་གི་བོད་སྐྱོད་བརྟག་ཞིབ་ཚོགས་ཆུང་གིས་བཞུགས་མོལ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-18

    ཚེས་15ཉིན། ཀྲུང་དབྱང་གི་བོད་སྐྱོད་བརྟག་ཞིབ་ཚོགས་ཆུང་གིས་བཞུགས་མོལ་ཚོགས་འདུ་འཚོགས་ཏེ། “བོད་རིགས་ས་ཁུལ་གྱི་དོན་དངོས་དང་འཚམ་པའི་སྲིད་ཁྲིམས་སྟོབས་ཤུགས་བཀོད་སྒྲིག་མ་ལག་འཛུགས་སྐྱོང”དང་། “བོད་རིགས་ས་ཁུལ་གྱི་དོན་དངོས་དང་འཚམ་པའི་སྲིད་ཁྲིམས་ཉེན་རྟོག་ལས་བྱེད་པ་བསྡུ་བ་དང་། གསོ་སྐྱོང་། བེད་སྤྱོད། འགན་ལེན་བཅས་ལམ་ལུགས་ཀྱི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ”དང་འཚམ་པར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཆེད་དོན་བརྟག་ཞིབ་བྱས་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཧོ་ཝུན་ཧའོ་ཚོགས་འདུར་ཕེབས་ནས་གསུང་བཤད་ཀྱང་གནང་བ་རེད།

    ཧོ་ཝུན་ཧའོ་ཡིས། ལྗོངས་ཡོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་ཀྱིས་ཆབ་སྲིད་ལ་བརྟེན་ནས་ཉེན་རྟོག་པ་འཛུགས་པ་དང་། བྱང་ཚད་ལ་བརྟེན་ནས་ཉེན་རྟོག་པ་སྟོབས་ཆེར་གཏོང་བ། སྒྱུར་བཅོས་ལ་བརྟེན་ནས་ཉེན་རྟོག་པ་སྟོབས་ཆེར་གཏོང་བ། ཉེན་རྟོག་པ་ནན་པོས་སྐྱོང་བ། ཉེན་རྟོག་པར་གཟིགས་སྐྱོང་བྱེད་པ་བཅས་མུ་མཐུད་མཐའ་འཁྱོངས་བྱས་ཐོག སྟོབས་ཤུགས་བཀོད་སྒྲིག་མ་ལག་འཛུགས་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། རང་ལྗོངས་ཀྱི་དོན་དངོས་དང་འཚམ་པའི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་བསྡུ་བ་དང་། གསོ་སྐྱོང་། བེད་སྤྱོད། འགན་ལེན་བཅས་ཀྱི་ལམ་ལུགས་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས། ལས་དོན་ཏན་ཏིག་སྒྲུབ་པ་དང་གསར་འབྱེད་ཡར་བརྩོན་གྱིས་ཡུན་རིང་དམག་འཐབ་དང་རྒྱུན་མཐུད་དམག་འཐབ་བྱེད་པའི་བསམ་བློའི་གྲ་སྒྲིག་དང་། སྟོབས་ཤུགས་གྲ་སྒྲིག ནུས་པ་གྲ་སྒྲིག་བཅས་ཡག་པོ་བྱས་ཏེ། རང་ལྗོངས་ཀྱི་བརྟན་ལྷིང་ལས་དོན་ལ་ཐོབ་པའི་ད་ཡོད་གྲུབ་འབྲས་ཀྱི་རྨང་གཞིའི་ཐོག་འཕེལ་རྒྱས་གསར་པ་ཡོང་བ་དང་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ཧོ་ཝུན་ཧའོ་ཡིས་བརྟག་ཞིབ་ཀྱི་ནང་དོན་དེ་རང་ལྗོངས་ཀྱི་སྲིད་ཁྲིམས་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་བརྟག་ཞིབ་ཚོགས་ཆུང་དང་བསམ་འཆར་བརྗེ་རེས་བྱས་པ་མ་ཟད་གྲོས་འགོ་ཡང་བཏོན་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།