[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • གཞིས་རྩེ་གྲོང་ཁྱེར་གྱིས།

    གནད་སྨིན་དབུལ་སྐྱོར་གྱི་རང་འགུལ་རྣམ་པའི་གནམ་གཤིས་ས་ཚིགས་167གསར་དུ་བཙུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-31

    ཉེ་ཆར། རྒྱལ་རྩེ་རྫོང་ལྕང་ར་ཤང་གི་གནད་སྨིན་དབུལ་སྐྱོར་གྱི་རང་འགུལ་རྣམ་པའི་གནམ་གཤིས་ས་ཚིགས་ཀྱིས་འཚོལ་བསྡུ་བྱས་པའི་གྲངས་གཞི་ལེགས་གྲུབ་ལྡན་པའི་ངང་བརྒྱུད་བསྐུར་བྱས་པ་ལས་གཞིས་རྩེ་གྲོང་ཁྱེར་དུ་གསར་དུ་བཙུགས་པའི་གནད་སྨིན་དབུལ་སྐྱོར་གྱི་རང་འགུལ་རྣམ་པའི་གནམ་གཤིས་ས་ཚིགས་167ཚང་མ་བསྐྲུན་ཟིན་ནས་བེད་སྤྱོད་གཏོང་འགོ་ཚུགས་པ་མཚོན་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། གནད་སྨིན་དབུལ་སྐྱོར་གྱི་རང་འགུལ་རྣམ་པའི་གནམ་གཤིས་ས་ཚིགས་167ཚང་མ་ནི་སྣང་ཚུལ་ལྔའི་གནམ་གཤིས་ས་ཚིགས་ཡིན་ཞིང་། གཙོ་བོ་དྲོད་ཚད་དང་། བཞའ་ཚན་ཆེ་ཆུང་། ཆར་ཆུ་མང་ཉུང་། རླུང་ཕྱོགས། རླུང་ཤུགས་བཅས་གནམ་གཤིས་ཀྱི་གྲངས་གཞི་འཚོལ་བསྡུ་བྱེད་ཀྱི་ཡོད། དེ་གོང་། གཞིས་རྩེ་གྲོང་ཁྱེར་དུ་སྤྱོད་བཞིན་པའི་གནམ་གཤིས་ས་ཚིགས་སྣ་ཚོགས་42ལས་མེད་པ་དང་ལྟ་དཔྱད་ཚད་ལེན་བྱ་ཡུལ་ཧ་ཅང་དཀོན་པོ་ཡོད། རྣམ་གྲངས་བསྐྲུན་ཟིན་པ་དང་སྦྲགས་གཞིས་རྩེ་གྲོང་ཁྱེར་གྱི་གནམ་གཤིས་གནོད་འཚེའི་ལྟ་དཔྱད་ཚད་ལེན་དྲ་བའི་ཚགས་དམ་ཚད་དང་ཁྱབ་ཚད་སྔར་བས་ཆེ་རུ་སོང་བ་དང་། གནད་ལ་སྨིན་པའི་ངང་ལྟ་དཔྱད་ཚད་ལེན་དང་། སྔོན་བརྡ་གཏོང་བ། ཞབས་ཞུ་བཅས་ཀྱི་ནུས་པ་ཆེ་རུ་སོང་བ། གྲོང་ཁྱེར་ཡོངས་ཀྱི་གཞི་རིམ་གནམ་གཤིས་ཞབས་ཞུའི་འགན་སྲུང་ནུས་པ་དང་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ནུས་པའང་ཆེ་རུ་སོང་ཡོད་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།