[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ཀོང་ཀྲོའུ་ཡི་སློབ་གསོའི་བོད་སྐྱོར་གྱིས་སྤོ་བོ་རྫོང་གི་སློབ་གསོ་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-24

    འདི་ལོ་ཚུན། ཀོང་ཀྲོའུ་གྲོང་ཁྱེར་གྱི་རིམ་ཁག་ཏང་ཨུད་དང་། སྲིད་གཞུང་། ཁེ་ལས། ཐེབས་རྩ་ལྷན་ཚོགས་བཅས་ཀྱིས་སྤོ་བོ་རྫོང་གི་སློབ་གསོའི་བྱ་གཞག་ལ་རོགས་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་སྤོ་བོ་རྫོང་གི་སློབ་གསོའི་སྒྱུར་འཕེལ་བརྟན་གསུམ་ལ་སྐུལ་འདེད་ནུས་ལྡན་བཏང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཀོང་ཀྲོའུ་གྲོང་ཁྱེར་གྱིས་སྔ་རྗེས་སུ་རིགས་གཅིག་མཁས་ཅན་84སྒྲིག་འཛུགས་བྱས་ཏེ་རྫོང་དེའི་སློབ་གསོར་རོགས་སྐྱོར་བྱས་པ་དང་ཆེད་དོན་འཆད་ཁྲིད་ཐེངས་12བྱས་པ་དང་། སྤོ་བོ་རྫོང་སྲིད་གཞུང་གིས་ཀོང་ཀྲོའུ་སློབ་ཆེན་དང་གན་རྒྱ་བཞག་པའི་སློབ་གསོའི་བོད་སྐྱོར་རྣམ་གྲངས་ནང་ལོ་ལྔའི་སློབ་སྐྱོར་གྲོས་མཐུན་ནས་དུས་ཐེངས་བཞི་ལེཌ་སྒྲུབ་བྱས་པ་དང་། སློབ་ཆེན་སློབ་མ་11གིས་བདེ་བླག་ངང་སློབ་སྐྱོར་དངོས་སྦྱོང་སློབ་དུས་གཅིག་བྱས་པ། སྤོ་བོ་རྫོང་རྡོ་རྗེ་ཤང་ལྟེ་བའི་སློབ་ཆུང་ཀོང་ཀྲོའུ་གྲོང་ཁྱེར་ཧའེ་ཀྲུའུ་ཆུས་ཚོད་ལྟའི་སློབ་ཆུང་གིས་སློབ་ཁྲིད་ཞིབ་འཇུག་བྱེད་སྒོའི་དྲ་ཞུགས་སློབ་གྲྭའི་གྲས་སུ་བཅུག་པ། རོགས་སྐྱོར་གྲོས་མཐུན་1བཞག་ནས་སྤོ་བོ་རྫོང་གསུམ་འཛོམས་གྲོང་རྡལ་ལྟེ་བའི་སློབ་ཆུང་ལ་ཀོང་ཀྲོའུ་གྲོང་ཁྱེར་ལི་དབན་ཆུས་ཅིན་ལན་ཡོན་སློབ་ཆུང་གི་གནས་གཏན་འཁེལ་གྱི་རོགས་སྐྱོར་ཐོབ་པ། སྤོ་བོ་རྫོང་སློབ་འབྲིང་གི་སྐབས་དང་པོའི་ཨང་རྩིས་རིག་གནས་དུས་ཆེན་བདེ་བླག་ངང་གཉེར་རོཌ་བྱས་པ་དང་དགེ་སློབ་1400ལྷག་ཙམ་ཞུཌ་པ་བཅས་རེད།

    བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། འདི་ལོ་ཚུན། ཀོང་ཀྲོའུ་གྲོང་ཁྱེར་གྱིས་སྤོ་བོ་རྫོང་གི་སློབ་གསོའི་ཁོངས་གཏོགས་ལ་སྒོར་ཁྲི་125ཞལ་འདེབས་བརྒྱབ་པ་དང་དེའི་ནང་ཀོང་ཀྲོའུ་གྲོང་ཁྱེར་སློབ་གསོ་ཅུས་ཀྱི་རོགས་སྐྱོར་ཆེད་སྤྱོད་མ་དངུལ་སྒོར་ཁྲི་120སྤོ་བོ་རྫོང་གི་སློབ་གྲྭ་ཁག་གཅིག་གི་སློབ་མའི་ལུས་འཁྲུ་ཁང་ཉམས་བཟོ་དང་། སློབ་གསོའི་སློབ་ཁྲིད་སྒྲིག་ཆས་ལེགས་གཏོང་། སྤོ་བོ་རྫོང་སློབ་འབྲིང་གི་སྒྲ་འཇུག་ཕབ་གཏོང་ལས་སྟེགས་འཛུགས་སྐྲུན་ཐད་སྤྱད་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།