[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ཧུའུ་པེ་ཞིང་ཆེན་གྱི་ཁག་བདུན་པའི་དུས་ཐུང་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པས་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-24

    ཉེ་དུས། ལྷོ་ཁ་གྲོང་ཁྱེར་ཐད་གཏོགས་སྡེ་ཚན་དུ་ཁ་གཏད་བོད་སྐྱོར་ལས་འགན་སྒྲུབ་བཞིན་པའི་ཧུའུ་པེ་ཞིང་ཆེན་གྱི་ཁག་བདུན་པའི་དུས་ཐུང་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པ་20ཡིས་ལྷོ་ཁ་གྲོང་ཁྱེར་དབང་སྐྱོན་ལྷན་ཚོགས་གསོ་བཅོལ་ཞབས་ཞུ་ལྟེ་གནས་སུ་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་ནས་ཕྲུ་གུ་ཚོར་དཔེ་ཁུག་དང་སློབ་ཆས་སོགས་སྤྲད་ནས་ཁོང་ཚོར་འཚམས་འདྲི་ཞུས་པ་རེད།

    བྱེད་སྒོ་སྤེལ་རིང་། ཧུའུ་པེའི་བོད་སྐྱོར་རུ་མི་ཚོས་དམིཌ་བསལ་བྱིས་པ་ཚོའི་རྒྱུན་གཏན་གྱི་དྲག་སྐྱེད་སྦྱོང་བརྡར་ར་བ་དང་སློབ་སྦྱོང་དང་འཚོ་བ་སྐྱེལ་སའི་ཁོར་ཡུག་ལ་ལྟ་སྐོར་བྱས་ཏེ་ཁོང་ཚོའི་འཚོ་བའི་གནས་ཚུལ་ཤེས་རྟོཌ་གཏིང་ཟབ་བྱས་པ་རེད།

    བོད་སྐྱོར་རུ་མི་ཚོས“དེ་གོང་དམིགས་བསལ་གྱི་བྱིས་པ་དང་འབྲེལ་བ་དེ་ཙམ་བྱེད་མྱོང་མེད། འདི་གར་སླེབས་རྗེས་སེམས་སྡུག་དྲག་པོ་སྐྱེས་བྱུང་། འོན་ཀྱང་ཕྲུ་གུ་ཚོའི་རྣམ་དག་ཟོལ་མེད་ཀྱི་འཛུམ་མདངས་ལས་ཐོག་མའི་སེམས་སྡུག་རྦད་དེ་སེལ་སོང་། ཁོང་ཚོ་དམིཌ་བསལ་གྱི་ཚོཌ་སྤྱི་ཞིག་ཡིན་ཡང་ཕྲུ་གུ་གཞན་དག་ལྟར་ལྷད་མེད་ཀྱི་འཛུམ་མདངས་དང་དྭངས་གཙང་གི་བྱིས་བློ་ཞིག་ཡོད་པས་སྤྱི་ཚོགས་ཀྱིས་ཐུཌ་ཁུར་དང་གཅེས་སྐྱོང་དེ་བས་བྱེད་དགོས”ཞེས་མྱོང་ཚོར་ཟབ་མོའི་ངང་བརྗོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།