[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ལས་ཞུགས་ལས་གནས་ཡངས་པོར་འབྱེད། སློབ་མའི་སེམས་ཁྲལ་རྦད་དེ་བསལ།

    ཆབ་མདོ་གྲོང་ཁྱེར་གྱི“ཞིང་ཆེན་གཅིག་དང་། གྲོང་ཁྱེར་གཉིས། ཁེ་ལས་དྲུག”ལས་ཞུགས་བོད་སྐྱོར་གྱི་གདན་ཞུའི་ཚོགས་འདུའི་མཐོང་ཐོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-15

    ཚེས་12ཉིན་གྱི་སྔ་དྲོར། ཆབ་མདོ་གྲོང་ཁྱེར་གྱི་2019ལོའི“ཞིང་ཆེན་གཅིག་དང་། གྲོང་ཁྱེར་གཉིས། ཁེ་ལས་དྲུག”ལས་ཞུགས་བོད་སྐྱོར་གྱི་མི་ཤུགས་ཐོན་ཁུངས་ཀྱི་ཆེད་དོན་གདན་ཞུའི་ཚོགས་འདུ་ཇ་རྟའི་ཐང་ཆེན་དུ་འཚོགས་ཤིང་། གསར་འགོད་པས་ཚོགས་འདུ་འཚོག་ཡུལ་ནས་གདན་ཞུའི་ས་ཚིགས་ཀྱིས་ཐང་ཆེན་ཡོངས་རྫོགས་བཟུང་བ་དང་། གདན་ཞུའི་སྟེགས་བུའི་མདུན་དུ་སོ་སོ་དང་འཚམ་པའི་ལས་གནས་འཚོལ་ཞིབ་བྱེད་པར་ཡོང་མཁན་གྱིས་ཁེངས་པ་མཐོང་བྱུང་།

    གདན་ཞུའི་ཚོགས་འདུའི་ཐོག་སློབ་གོས་གྱོན་པའི་ཆབ་མདོ་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་མ་ཚོར་གསར་འགོད་པར་དོ་སྣང་ཆེན་པོ་བྱུང་། འདྲི་རྩད་བྱས་པ་བརྒྱུད་ལོ་འདི་གའི་སློབ་ཐོན་འཛིན་གྲྭའི་ཡུལ་སྐོར་ཆེད་ལས་དང་སློབ་ཞུགས་གོང་གི་སློབ་གསོའི་ཆེད་ལས་ཀྱི་སློབ་མ་86གདན་ཞུའི་ཚོགས་འདུ་འཚོག་ཡུལ་དུ་སོ་སོའི་བློ་ལ་བབ་པའི་ལས་གནས་ཤིག་འཚོལ་བར་ཡོང་བ་ཤེས་རྟོགས་བྱུང་།

    ཆབ་མདོ་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭའི་2019ལོའི་ཡུལ་སྐོར་ཆེད་ལས་ཀྱི་སློབ་མ་ཚེ་རིང་ནོར་བུས“དེ་རིང་གདན་ཞུའི་ཚོགས་འདུར་ལས་གནས་མང་པོ་ཞིག་འདུག གོ་སྐབས་དེ་དམ་འཛིན་བྱས་ནས་ལས་ཞུགས་མངོན་འགྱུར་ཐུབ་རེ་ཆེན་པོ་བྱེད་ཀྱི་ཡོད”ཅེས་དགའ་ཚོར་ཆེན་པོས་བཤད།

    ད་རེས་ཀྱི་ལས་ཞུགས་བོད་སྐྱོར་གྱི་གདན་ཞུའི་ཚོགས་འདུའི་ཐོག་ལས་གནས་མང་པོ་ཞིག་མཁོ་འདོན་བྱས་པ་དང་། གདམ་ག་བྱ་ཡུལ་ཡང་མང་པོ་ཡོད་པ་ལས་ཁྱིམ་བདག་མང་པོ་ཞིག་གདན་ཞུ་བྱ་ཡུལ་དུ་སླེབས་ཡོད།

    ཧྥན་ཡུན་གྱིས་ཚ་བོ་ཧྥན་ལེའི་ཁྲིད་ནས་གདན་ཞུ་བྱ་ཡུལ་དུ་ཡོང་བ་དང་། སོ་སོའི་བློ་ལ་བབ་པའི་ལས་གནས་ཀྱི་མདུན་དུ་གོམ་པ་སྤོ་མཚམས་བཞག་ནས་འདྲི་རྩད་བྱས་ཤིང་། ཁོང་གིས་གསར་འགོད་པར“དེ་རིང་བུ་ཁྲིད་ནས་གདན་ཞུའི་ཚོགས་འདུར་ཡོང་བ་ཡིན། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱིས་ང་ཚོར་ལས་གནས་མང་པོ་འདི་འདྲ་མཁོ་འདོན་བྱས་པར་སེམས་གཏིང་ནས་དགའ་ཚོར་ཆེན་པོ་བྱུང་། ཁྱིམ་བདག་ཅིག་གི་ངོས་ནས་ང་ཚོས་ཕྲུ་གུ་ལྗོངས་ཕྱིའི་ལས་ཞུགས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡིན། དེས་ཕྲུ་གུ་ཚོའི་མིག་རྒྱང་རིང་དུ་འགྲོ་བ་མ་ཟད། ཁོ་ཚོར་སྦྱོང་བརྡར་ཡང་ཐེབས་པ་དང་ཕྱོགས་བསྡུས་བྱང་ཚད་མཐོ་རུ་ཕྱིན་ནས་སྤྱི་ཚོགས་ལ་དྲིན་ལན་འཇལ་ཐུབ་སྲིད”ཅེས་བརྗོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་གདན་ཞུའི་ཚོགས་འདུའི་ཐོག་ཆབ་མདོར་རོགས་སྐྱོར་བྱེད་མཁན་ཞིང་ཆེན(གྲོང་ཁྱེར)དང་། ཁེ་ལས་ཀྱིས་ཁྱོན་མཐོ་སློབ་སློབ་ཐོན་སློབ་མར་ལས་ཞུགས་ལས་གནས་4339མཁོ་འདོན་བྱས་པའི་ནང་བྱ་གཞག་ཚན་པའི་ལས་གནས་53དང་། ཁེ་ལས་ཀྱི་ལས་གནས་4086 ཆབ་མདོར་བཅའ་སྡོད་ཁེ་ལས་ཀྱི་ལས་གནས་200ལྷག་ཙམ་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།