[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ཧྥུའུ་ཀྲོའུ་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པ།

    སློབ་མ་དབུལ་པོའི་ཕུགས་འདུན་སྒྲུབ་མཁན།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-06

    རང་སྐྱོང་ལྗོངས་ཀྱི་2019ལོའི་མཐོ་རྒྱུགས་ཀྱི་སློབ་ཚུད་བརྡ་ཐོ་ཁག་དང་པོ་སྐུར་འགོ་ཚུགས་པ་དང་། དཔའ་ཤོད་རྫོང་པད་མ་གྲོང་རྡལ་ཝ་འབེབས་གྲོང་ཚོའི་བློ་བཟང་གཡུ་སྒྲོན་ལ་པེ་ཅིང་སློབ་ཆེན་དུ་འཛུལ་ཆོག་པའི“སྒོ་འཛིན”རག་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། བློ་བཟང་གཡུ་སྒྲོན་ལ་2019ལོའི་ལྗོངས་ཡོངས་ཀྱི་མཐོ་རྒྱུགས་ལ་ཆབ་མདོ་གྲོང་ཁྱེར་གྱི་ཨང་དང་པོ་དང་ལྗོངས་ཡོངས་ཀྱི་ཨང་བཞི་པའི་ཕུལ་བྱུང་གི་སྦྱངས་འབྲས་ཐོབ་ནས་པེ་ཅིང་སློབ་ཆེན་སྲིད་གཞུང་དོ་དམ་སློབ་གླིང་དུ་རྒྱུགས་འཕྲོད།

    བློ་བཟང་གཡུ་སྒྲོན་ཁྱིམ་ཚང་དབུལ་པོ་ཞིག་ཏུ་སྐྱེས་ཤིང་། ཨ་མ་བློ་བཟང་ཆོས་སྐྱིད་དང་གཅུང་པོ་མཉམ་དུ་འཚོ་བ་སྐྱེལ་གྱི་ཡོད། ནམ་རྒྱུན་གྱི་འགྲོ་སོང་ཨ་མས་ཕྱི་རོལ་ཏུ་ལས་མི་བྱེད་པར་ཕྱིན་ནས་འཚོལ་གྱི་ཡོད་པས་ཡོང་འབབ་ངེས་གཏན་མེད།

    བློ་བཟང་གཡུ་སྒྲོན་གྱི་སྦྱངས་འབྲས་གཟེངས་སུ་ཐོན་པས་འཛིན་གྲྭའི་བཟང་པོ་གསུམ་ལྡན་གྱི་སློབ་མ་ཡིན་པ་དང་། སློབ་སྦྱོང་ལ་འབད་བརྩོན་ཆེ་བ་མ་ཟད་འཚོ་བའི་ནང་བརྩོན་སེམས་ལྡན་ལ་གཞན་ཕན་ལ་སྤྲོ་བས་སློབ་གྲྭའི་དགེ་སློབ་ཚོའི་མིག་ནང་གི་སློབ་མ་བཟང་པོ་ཞིག་རེད།

    རེ་སྨོན་བྱེད་སའི་སློབ་གྲྭར་རྒྱུགས་འཕྲོད་པ་ནི་མི་ཚེའི་གཟི་དཔལ་དང་ཕ་ཡུལ་ལ་ངོ་སོ་ཡོད་པའི་དོན་བཟང་ཡིན་ནའང་། ལོ་ལྟར་སྒོར་ཁྲི་2ལྷག་ཙམ་གྱི་འགྲོ་སོང་དགོས་སྟབས་བློ་བཟང་གཡུ་སྒྲོན་ལ་དགའ་ཚོར་སྐྱེ་ཐབས་བྲལ། ཁྱིམ་དུ་ཨ་མ་ཁོ་ནས་ལས་མི་བྱས་ནས་རང་ཉིད་དང་གཅུང་པོ་སློབ་གྲྭར་གཏོང་གི་ཡོད་པར་བརྟེན། འགྲོ་སོང་དེས་མ་གཞི་ནས་སྐྱ་ཟད་སྔོ་ཐུག་གི་ཁོ་ཚོའི་ཁྱིམ་ལ་དེ་བས་ཀྱང་དཀའ་ངལ་འཕར་མ་བྱུང་།

    གནས་ཚུལ་དེ་ཤེས་རྗེས། ཧྥུའུ་ཀྲོའུ་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པའི་སྣེ་ཁྲིད་པ་དང་། དཔའ་ཤོད་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྒྱུན་ལས་རྫོང་དཔོན་གཞོན་པ་བཅས་ཡིན་པའི་ལིན་མོའུ་ཏུང་སེམས་མ་བཟོད་པར་ཁོང་གིས“ཇི་འདྲ་དབུལ་ཡང་སློབ་གསོའི་ཐད་དབུལ་མི་རུང་། ཇི་འདྲ་སྡུག་ཀྱང་བྱིས་པ་སྡུག་ཏུ་འཇུག་མི་རུང”ཞེས་བརྗོད་ནས་འཕྲལ་མར་ལས་དོན་རུ་ཁག་སྒྲིག་འཛུགས་བྱས་ཏེ་རོགས་དངུལ་སྤྲོད་རྒྱུའི་གྲོས་བྱས་མཐར། སྒོར་ཁྲི་8ཀྱི་རོགས་སྐྱོར་འཆར་གཞི་གཏན་འཁེལ་བྱས་པ་རེད།

    རོགས་དངུལ་སྤྲོད་པའི་ཚོགས་འདུའི་ཐོག ལིན་མོའུ་ཏུང་གིས་ཧྥུའུ་ཀྲོའུ་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པའི་ཚབ་བྱས་ཏེ་བློ་བཟང་གཡུ་སྒྲོན་དང་རོགས་དངུལ་གྲོས་མཐུན་བཞག་ཁར་རོགས་སྐྱོར་མ་དངུལ་སྤྲད་ཡོད། ད་གཟོད་བློ་བཟང་གཡུ་སྒྲོན་དང་ཨ་མར་ཁུར་པོ་ཞིག་ས་ལ་ཕབ་འདྲའི་སྣང་བ་བྱུང་ནས་སྔར་མེད་པའི་འཛུམ་མདངས་ཤིག་མངོན།

    སློབ་མ་གསར་པ་འབྱོར་ཐོ་འགོད་ལ་ཉེ་བ་དང་བསྟུན་ནས་བློ་བཟང་གཡུ་སྒྲོན་གྱིས། ངེས་པར་དུ་སློབ་སྦྱོང་ལ་འབད་བརྩོན་བྱས་ནས་ཏང་དང་སྲིད་གཞུང་གི་བྱམས་བརྩེའི་ཐུགས་ཁུར་དང་ཧྥུའུ་ཀྲོའུ་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པ་དང་དེ་བཞིན་ཕ་ཡུལ་མི་དམངས་ཀྱི་རེ་ལྟོས་ཆུད་ཟོས་སུ་གཏོང་གི་མིན་ཞེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།