[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • དཔལ་འབར་བ་ཡག་པོ་ཞིག་བྱས་ནས་དཔལ་འབར་གྱི་ལས་དོན་ཡག་པོ་སྒྲུབ་པ།

    —— ཧྥུའུ་ཅན་ཞིང་ཆེན་ལུང་ཡན་གྲོང་ཁྱེར་གྱི་ཁག་བརྒྱད་པའི་བོད་སྐྱོར་ལས་དོན་ཚོགས་ཆུང་གི་ལས་དོན་སྐོར་གྱི་དངོས་བྲིས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-03

    བོད་དུ་སླེབས་ནས་དུས་ཡུན་རིང་པོ་མི་སོང་བར་དཔལ་འབར་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ལུང་ཡན་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་དང་། དཔལ་འབར་རྫོང་ཨུད་ཀྱི་རྒྱུན་ཨུ། རྒྱུན་ལས་རྫོང་དཔོན་གཞོན་པ་བཅས་ཡིན་པའི་ཅང་ཅིང་རུང་ལྕགས་གོང་ཤང་དུ་དབུལ་སྒྲོལ་བཅའ་སྡོད་བྱ་རྒྱུར་བཀོད་སྒྲིག་བྱས།

    ཤང་གི་འཕེལ་རྒྱས་ཐད་བསམ་ཕྱོགས་གསར་པ་མེད་པས་ཅང་ཅིང་རུང་གིས་ལས་དོན་མི་སྣའི་སྣེ་ཁྲིད་དེ་བརྟག་ཞིབ་གཏིང་ཟབ་བྱས་ནས་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསལ་སྟོན་བྱེད་རོགས་བྱས་པ་དང་། འོད་ཤུགས་གློག་འདོན་གྱི་སྒྲིག་ཆས་འཕྲོ་བརླག་ཕྱིན་ནས་ལོ་མང་སོང་ཡང་ཉམས་བཟོ་བྱེད་མཁན་མེད་པའི་གནས་ཚུལ་ལ་དམིགས་ནས་ཅང་ཅིང་རུང་གིས་འབྲེལ་ཡོད་སྡེ་ཚན་ཁག་དང་མཐུན་སྦྱོར་གྱིས་སྒྲིག་ཆས་ཉམས་བཟོ་བྱས་ཏེ་མི་སེར་ཚོར་འོད་སྣང་སྦྱིན་ཡོད།

    2017ལོར་དཔལ་འབར་རྫོང་གི་ལོ་རྒྱུས་ཐོག་གི་ཚོང་འགུགས་མ་འདྲེན་རྣམ་གྲངས་དང་པོ་ལག་བསྟར་བྱེད་འགོ་ཚུགས། ལོ་དེར“6.18”དཔལ་འབར་གྱི་གྲོ་དམར་ལས་སྣོན་རྣམ་གྲངས་ཧྥུའུ་ཀྲོའུ་རུ་གན་རྒྱ་བཞག་པ་དང་རྣམ་གྲངས་དེར་མ་དངུལ་སྒོར་ཁྲི་3600བཏང་སྟེ་གྲོ་དམར་ལས་སྣོན་བཟོ་གྲྭ་ཞིག་བཙུགས། གྲོ་དམར་མུའུ་1500བཏབ་པས་དུད་ཚང་300ལྷག་ཙམ་གྱི་མང་ཚོགས་1000ལྷག་ཙམ་ལ་ཕན་པ་ཐོབ་ནས་ཡོང་འབབ་སྒོར་ཁྲི་300ཙམ་ཟིན། དེ་རྗེས་དཔལ་འབར་རྫོང་གིས་རིམ་རྩིས་བྱས་ན་ཁེ་ལས་10ནང་འདྲེན་ཐོ་འགོད་བྱས་པ་དང་། རིམ་རྩིས་བྱས་ན་ནང་འདྲེན་ཁེ་ལས་ཀྱི་ཐོ་འགོད་མ་རྩ་སྒོར་ཁྲི་10600ཟིན་པ་དང་། འཆར་འགོད་བྱས་པའི་མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར་5ལྷག་ཙམ་གྱི་ནང་དོན་དངོས་མ་རྩ་སྒོར་དུང་ཕྱུར་3ལྷག་ཙམ་དོན་འཁྱོལ་བྱུང་ཞིང་། དེའི་ནང་ས་མཐོའི་སྣོད་བཅུད་བཟའ་བཅའ་ལས་སྣོན་དང་། ཡུལ་སྐོར། དེང་རབས་ཞིང་འབྲོག་སོགས་ཀྱི་རྣམ་གྲངས་ཚུད་ཡོད།

    2017ལོའི་ཟླ་10པར་ཡན་ལུང་བོད་སྐྱོར་ལས་བྱེད་པའི་སྐུལ་འདེད་འོག་དཔལ་འབར་གྲོང་རྡལ་གཞན་མགུ་གྲོང་ཚོས་ཏང་འཛུགས་སྐྱོང་ལ་བརྟེན་ནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་སྤེལ་ཏེ་སྤོས་ལས་སྣོན་བཟོ་གྲྭ་དང་ཞིང་འབྲོག་པའི་ཨར་སྐྲུན་རུ་ཁག་སོགས་བཙུགས་ཡོད། ཏང་ཡོན་བསོད་ནམས་ཉི་མ་ནི་ཕྱུག་འགྱུར་སྣེ་ཁྲིད་པ་ཞིག་ཡིན་ལ་ལག་རྩལ་འཇོན་ཐང་ཅན་ཞིག་ཀྱང་ཡིན་པས་གྲོང་ཚོའི་ནང་གི་མི་འབོར་དབུལ་པོ་10ལྷག་ཙམ་གྱི་སྣེ་ཁྲིད་དེ་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་ཕྱུག་པོར་གྱུར་ཡོད།

    2018ལོའི་ལོ་མཇུག་ཏུ། དཔལ་འབར་རྫོང་གྲོང་གི་སྤྱི་ལེ་49ཡི་སར་ཡོད་པའི་ལྷ་རྩེ་ཤང་ལྷ་རྩེ་གྲོང་ཚོའི་རྣམ་པ་གསར་རྐྱང་དུ་གྱུར་ཡོད་ཅིང་། ཚོས་གཞི་སེར་པོའི་ཐོག་སོ་གཉིས་ལྡན་གྱི་ཁང་པ་གྲལ་སྟར་འགྲིག་པོ་ཡོད་ལ་མཛེས་སྡུག་ལྡན་པའི་ཐང་ཆེན་ཞིག་ཀྱང་བསྐྲུན་ཡོད།

    དེ་ནི་ཡན་ལུང་ཀྲང་ཀྲོའུ་ཡིས་རོགས་སྐྲུན་བྱས་པའི་ལྷ་རྩེ་གྲོང་ཚོའི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་ཡིན་ཞིང་། རྣམ་གྲངས་དེར་བོད་སྐྱོར་མ་དངུལ་སྒོར་ཁྲི་3500ལྷག་ཙམ་བཏང་བ་དང་། 2017ལོའི་ཟླ་6པར། ཨར་སྐྲུན་བྱེད་འགོ་བཙུགས་ཏེ་2018ལོའི་ཟླ་8པར་བསྐྲུན་མཇུག་འགྲིལ་ནས་བེད་སྤྱོད་བྱས།

    ལྷ་རྩེ་གྲོང་ཚོའི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་ནི། ཧྥུའུ་ཅན་ཞིང་ཆེན་ལུང་ཡན་གྲོང་ཁྱེར་གྱི་ཁག་བརྒྱད་པའི་བོད་སྐྱོར་ལས་དོན་ཚོགས་ཆུང་གིས་དཔལ་འབར་གྱི་དམངས་འཚོར་དོ་ཁུར་བྱེད་པའི་བསྡུས་རིས་ཤིག་རེད། བོད་སྐྱོར་བྱས་པའི་ལོ་3རིང་། ལུང་ཡན་ཀྲང་ཀྲོའུ་ཡིས་རོགས་སྐྲུན་བྱས་པའི་རྣམ་གྲངས་ཚང་མ་དམངས་འཚོར་དམིགས་ནས་སྤེལ་བ་དང་། རོགས་སྐྲུན་རྣམ་གྲངས་20ལ་མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར་2བྱས་པ་དེའི་ནང་དུད་ཚང་དབུལ་པོའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་རྣམ་གྲངས་ཀྱི་གྲོང་ཚོ་གསར་པ་2དང་། སློབ་གསོའི་རྣམ་གྲངས་3 འཕྲོད་བསྟེན་རྣམ་གྲངས་2 གཞན་ཡང་དབུལ་སྒྲོལ་ཕྱུག་འགྱུར་གྱི་ཐོན་ལས་རྣམ་གྲངས་ཁག་གཅིག་ཀྱང་ཡོད་པ་རེད།

    2016ལོའི་ཟླ་9པར། ཀྲང་ཀྲོའུ་གྲོང་ཁྱེར་ལུང་ཝན་ཆུས་ཀྱི་འཐུས་མི་ཚོགས་པས་དཔལ་འབར་དུ་ཆ་སྒྲིག་རོགས་སྐྱོར་གྱི་བརྟག་ཞིབ་དང་རྟོག་ཞིབ་ཀྱི་བྱེད་སྒོ་སྤེལ་ཏེ། ལུང་ཝན་ཆུས་པུའུ་ཝན་གྲོང་རྡལ་གྱིས་ལྷ་རྩེ་ཤང་ལྷ་རྩེ་གྲོང་ཚོར་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་གྱི་གྲོས་མཐུན་ལ་མིང་རྟགས་བཀོད། ཧྥུའུ་ཅན་གྱི་རྫོང་དང་ཆུས་ཀྱིས་ཆབ་མདོའི་ཤང་དང་གྲོང་རྡལ་ལ་ཁ་གཏད་རོགས་སྐྱོར་བྱེད་པ་དང་། ཧྥུའུ་ཅན་གྱི་ཤང་དང་གྲོང་རྡལ་གྱིས་ཆབ་མདོའི་གྲོང་ཚོ(གྲོང་ལྷན)ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་སྔོན་ལ་ལག་བསྟར་བྱས་པ། ལོ་3རིང་ལུང་ཡན་གྲོང་ཁྱེར་གྱི་ཤིན་ལུའོ་དང་། ཀྲང་ཕིང་། ཁྲང་ཐིང་། ཧྲང་ཧང་། ཀྲང་ཕིང་ཐའེ་ཞིང་པའི་ལས་གཏོད་ཁུལ་བཅས་ཁག་སོ་སོས་དཔལ་འབར་རྫོང་དཔལ་འབར་གྲོང་རྡལ་དང་། རྡོ་དབར་ཤང་། ས་སྟེང་ཤང་། མཚོ་ཁ་གྲོང་རྡལ། མར་ཤོག་ཤང་བཅས་ལ་ཆ་སྒྲིག་རོགས་སྐྱོར་བྱས་པ་རེད།

    དཔལ་འབར་རྫོང་སློབ་འབྲིང་དུ་ལུང་ཡན་ནས་ཡོང་བའི་དགེ་རྒན་གཉིས་ཀྱིས་གནས་འདིར་དུས་ཡུན་ལོ་གཅིག་དང་ལོ་ཕྱེད་རིང་གི་སློབ་སྐྱོར་བྱས་པ་དང་། ཡན་ལུང་གྲོང་ཁྱེར་དང་གྲོང་གསེབ་འཆར་བཀོད་ཅུས་དང་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱིས་སྒོར་ཁྲི་400བཏང་སྟེ་དཔལ་འབར་རྫོང་སྨན་ཁང་བསྐྲུན་རྒྱུའི་ཐད་སྔོན་ཚུད་ཀྱི་འཆར་འགོད་ཇུས་འགོད་ལས་དོན་སྤེལ་བ་དང་། དཔལ་འབར་རྫོང་སྨན་ཁང་གི་སྨན་དོན་མི་སྣ་མི་ཐེངས་28སྒྲིག་འཛུགས་བྱས་ཏེ་ཡན་ལུང་མི་དམངས་སྨན་ཁང་དང་ཀྲང་ཕིང་གྲོང་ཁྱེར་སྨན་ཁང་དུ་བསྐྱོད་དེ་གསོ་སྦྱོང་བྱས་པ་རེད།

    ལོ་གསུམ་གྱི་དུས་ཚོད་ཡུད་ཙམ་ཞིག་ཏུ་སོང་ཞིང་། ཧྥུའུ་ཅན་ཞིང་ཆེན་ལུང་ཡན་གྲོང་ཁྱེར་གྱི་ཁག་བརྒྱད་པའི་བོད་སྐྱོར་ལས་དོན་ཚོགས་ཆུང་གིས་དཔལ་འབར་ལ་བརྗེད་པར་དཀའ་བའི་གཟུགས་བརྙན་བཟང་པོ་ཞིག་བཞག་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།