[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ཧེ་ལུང་ཅང་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོཌ་པ་བོད་དུ་ཕེབས་ནས་ཁ་གཏད་རོགས་སྐྱོར་ལས་དོན་ལ་རྟོག་ཞིབ་གནང་བ།

    ​ ཀྲང་ཆིང་ཝུའེ་ཡིས་རུ་སྣེ་ཁྲིད་པ་དང་། ཝུའུ་དབྱིང་ཅེ་དང་། བློ་བཟང་རྒྱལ་མཚན། ཏིང་ཡེ་ཤན། ཀྲོང་ཡན་བཅས་ལྷན་དུ་ཕེབས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-25

     ཟླ་7ཚེས་20ནས་22ཉིན་བར། ཧེ་ལུང་ཅང་ཞིང་ཨུད་ཀྱི་ཧྲུའུ་ཅི་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཀྲང་ཆིང་ཝུའེ་ཡིས་ཧེ་ལུང་ཅང་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་བོད་དུ་ཁ་གཏད་རོགས་སྐྱོར་ལས་དོན་ལ་རྟོག་ཞིབ་དང་འབྲེལ་མཐུད་གནང་བར་ཕེབས་ཏེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བོད་སྐྱོང་མཛད་ཇུས་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་གནང་བ་དང་། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་བྱས་ནས་དུས་རབས་གསར་པའི་ཁ་གཏད་བོད་སྐྱོར་ལས་དོན་ལ་མཉམ་དུ་གྲོས་བསྡུར་གནང་བ། ཁག་དྲུག་པ་དང་བདུན་པའི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣར་གཟིགས་པ་དང་འཚམས་འདྲི་གནང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་བཅས་ཀྱིས་ཕེབས་རོགས་ཞུས་པ་རེད།

    ཚེས་21ཉིན་གྱི་ཉིན་དགུང་ཧེ་ལུང་ཅང་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པ་དང་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཚོས་ལྷ་སར་བཞུགས་མོལ་གནང་ནས་ཧེ་ལུང་ཅང་ཞིང་ཆེན་གྱིས་གཞིས་རྩེ་གྲོང་ཁྱེར་གྱི་རྣམ་གྲངས་འཛུགས་སྐྲུན་ལ་རོགས་སྐྱོར་བྱེད་པའི་ཞལ་འདེབས་འབུལ་བའི་མཛད་སྒོ་འཚོགས་པ་རེད།

    ཀྲང་ཆིང་ཝུའེ་ཡིས་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ཚབ་ཞུས་ནས་བོད་རང་སྐྱོང་ལྗོངས་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུས་ཤིང་། ཁོང་གིས་བོད་རང་སྐྱོང་ལྗོངས་ཀྱི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ་དང་ལས་བྱེད་པ་དང་མང་ཚོགས་ཀྱི་ལས་སྒྲུབ་གསར་གཏོད་ཀྱི་སྙིང་སྟོབས་བཟང་པོ་དང་སྤྱོད་ཚུལ་བཟང་པོ་དེ་ཧེ་ལུང་ཅང་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བ་དང་ཕྱོགས་ཐམས་ཅད་དར་རྒྱས་གཏོང་བའི་ལག་ལེན་ཁྲོད་ཁྱབ་པར་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

    ཀྲང་ཆིང་ཝུའེ་ཡིས་གསུངས་དོན། བོད་ལ་ཁ་གཏོད་རོགས་སྐྱོར་བྱེད་པ་ནི་ཏང་ཀྲུང་དབྱང་གིས་ཧེ་ལུང་ཅང་ལ་སྤྲད་པའི་གཟི་བརྗིད་ལྡན་པའི་ཆབ་སྲིད་ཀྱི་ལས་འགན་ཞིག་ཡིན་ལ་ཧེ་ལུང་ཅང་གི་འདོར་ཐབས་མེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཞིག་ཀྱང་ཡིན་པས། ང་ཚོས་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་ཁ་གཏད་བོད་སྐྱོར་གྱི་ལས་འགན་ཁག་ཆད་ལུས་མེད་པར་ལེགས་པར་སྒྲུབ་ཀྱི་ཡིན། གནད་སྨིན་བོད་སྐྱོར་ལ་གཞོལ་ནས་བོད་སྐྱོར་རྣམ་གྲངས་ཡག་པོ་གཉེར་བ་དང་། ཐོན་ལས་འཕེལ་རྒྱས་ལ་གཞོགས་འདེགས། ཤེས་ལྡན་པའི་འདེགས་སྐྱོར་ལ་ཤུགས་སྣོན། ལས་ཞུགས་བོད་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཁ་གཏད་བོད་སྐྱོར་ལས་དོན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་གི་ཡིན། ཧེ་ལུང་ཅང་དང་བོད་དབར་ཕྱོགས་ཡོངས་ནས་སྤེལ་རེས་མཉམ་ལས་ཟབ་ཏུ་གཏོང་བར་སྐུལ་འདེད་ཧུར་ཐག་བཏང་ནས་ཕྱོགས་གཉིས་པོའི་དཔལ་འབྱོར་ཉོ་ཚོང་དང་། མ་འཇོག ཡུལ་སྐོར་སོགས་ཀྱི་མཉམ་ལས་ཁྱབ་ཁོངས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་འགྲོ་འོང་སྤེལ་རེས་མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་སྟེ“ཧེ་ལུང་ཅང་དང་བོད་ཁྱིམ་ཚང་གཅིག་ལྟར་བརྩེ”བའི་འདུ་ཤེས་ས་ཆ་གཉིས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་སུ་གཏིང་ཟབ་ཟུག་པ་བྱེད་ཀྱི་ཡིན།

    ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཧེ་ལུང་ཅང་ཞིང་ཆེན་གྱིས་བོད་ཀྱི་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་གསུངས་དོན། མཐའ་མཚམས་མི་རིགས་ས་ཁུལ་དམིགས་བསལ་གྱི་ངོས་ནས་བོད་ལ་སྔ་ཕྱི་བར་གསུམ་དུ་ཏང་ཀྲུང་དབྱང་གིས་དམིགས་བསལ་ཐུགས་ཁུར་གནང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་པ་དང་། དམངས་འཚོའི་སྟོན་ཕྱོགས་མངོན་གསལ་དོད་པ། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱས་པ། འཕེལ་རྒྱས་བརྟན་ལྷིང་སྣོད་བཅུད་བཅས་ཀྱི་དོན་ཆེན་གསུམ་ལ་དམ་འཛིན་ནན་པོ་བྱས་པ། “བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱེད་པའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་བ། འགག་སྒྲོལ་གྱི་དམག་འཐབ་ཆེན་པོ་གསུམ་ཡག་པོ་བརྒྱབ་པ་བཅས་ཀྱིས་ལས་དོན་ཁག་ལ་གོམ་པ་གསར་པ་སྤོ་བར་སྐུལ་འདེད་བཏང་ཡོད།

    ཝུའུ་དབྱིང་ཅེས་གསུངས་དོན། ཧེ་ལུང་ཅང་ཞིང་ཆེན་གྱིས་ཡུན་རིང་བོད་ལ་ཁ་གཏད་རོགས་སྐྱོར་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་སྔ་ཕྱི་བར་གསུམ་དུ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། བོད་སྐྱོར་བྱེད་སྟངས་རྒྱུན་ཆད་མེད་པར་གསར་གཏོད་བྱས་པ་དང་བོད་སྐྱོར་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་གཞིས་རྩེ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད། ཝུའུ་དབྱིང་ཅེས་གསུངས་དོན། བོད་འཕེལ་རྒྱས་བརྟན་ལྷིང་ཡོང་བར་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོར་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་དཀའ་སྤྱད་འབད་བརྩོན་དང་ཞུམ་མེད་མདུན་སྐྱོད་བྱེད་དགོས་པ་དང་ཆབས་ཅིག་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་ཧེ་ལུང་ཅང་ཞིང་ཆེན་ཚུད་པའི་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་གྱི་རྒྱབ་སྐྱོར་ཤུགས་ཆེན་དང་ཡང་ཁ་འབྲལ་ཐབས་མེད། ཧེ་ལུང་ཅང་ཞིང་ཆེན་གྱིས་སྔར་རྒྱུན་བཞིན་བོད་ཀྱི་འཕེལ་རྒྱས་ལ་དོ་ཁུར་དང་རྒྱབ་སྐྱོར་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་དང་། གྲོང་གསེབ་དར་རྒྱས། ཐོན་ལས་འཕེལ་རྒྱས། ཚན་རྩལ་གསར་གཏོད་སོགས་ལ་ཆེད་ལས་ལག་རྩལ་མི་སྣ་དང་ཕྱོགས་གཞན་གྱི་ཤེས་ལྡན་པའི་རོགས་སྐྱོར་གནང་རྒྱུའི་རེ་བ་ཡོད། བོད་ཀྱིས་ཧེ་ལུང་ཅང་ཞིང་ཆེན་གྱི་རོགས་སྐྱོར་ལ་གཅེས་འཛིན་ལྡབ་བརྒྱ་བྱས་ཏེ་ཀྲུང་དབྱང་གི་ཐུགས་ཁུར་དང་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་རྒྱབ་སྐྱོར་རང་ངོས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་གྱུར་པར་བྱས་ནས་རོགས་སྐྱོར་ཐོབ་པའི་ལས་དོན་ཡག་པོ་སྒྲུབ་པ་དང་བོད་སྐྱོར་གྱི་ལས་བྱེད་པར་བྱམས་སྐྱོང་བྱས་ཏེ་ཧེ་ལུང་ཅང་གི་ཁ་གཏད་བོད་སྐྱོར་ལས་དོན་ལ་ཆ་རྐྱེན་བཟང་པོ་སྐྲུན་གྱི་ཡིན།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།