[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ནག་ཆུས་ཁག་བརྒྱད་པའི་ཕུལ་བྱུང་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པའི་གཟེངས་བསྟོད་ཚོགས་ཆེན་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-27

    ཉིན་ཤས་གོང་། ནག་ཆུ་གྲོང་ཁྱེར་གྱིས་ཁག་བརྒྱད་པའི་ཕུལ་བྱུང་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པའི་གཟེངས་བསྟོད་ཚོཌ་ཆེན་འཚོཌ་ཤིང་། བོད་སྐྱོར་ཤེས་ལྡན་པ་279ལ“ཕུལ་བྱུང་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པའི”མཚན་སྙན་ཐོབ་ཡོད།

    གཟེངས་བསྟོད་ཚོགས་ཆེན་ཐོག ནག་ཆུ་གྲོང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ལིན་ཡུང་གིས། 2016ལོའི་ཟླ་7པར་ཁག་བརྒྱད་པའི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པ་བོད་དུ་སླེབས་པ་ནས་བཟུང་། ཐོག་མཐའ་བར་གསུམ་དུ་ནག་ཆུའི་དོན་དག་རང་ཁྱིམ་གྱི་དོན་དག་དང་ནང་ཁུལ་གྱི་དོན་དག་ལ་བརྩིས་ནས་ཇུས་འགོད་དང་འཕེལ་རྒྱས་བཏང་ཞིང་། སྲིད་ཇུས་དང་། མི་ཤུགས། རྒྱུ་ནོར། ལག་རྩལ་སོགས་ཐད་ཕྱོགས་ཡོངས་ནས་ཁ་གཏད་རོགས་སྐྱོར་གྱི་ལས་དོན་སྤེལ་བ་དང་། བོད་སྐྱོར་བྱེད་སྟངས་རྒྱུན་ཆད་མེད་པར་གསར་གཏོད་དང་། བོད་སྐྱོར་ཁྱབ་ཁོངས་རྒྱ་སྐྱེད། བོད་སྐྱོར་གྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ནས་ནག་ཆུའི་སྒྱུར་འཕེལ་བརྟན་གསུམ་གྱི་བྱ་གཞག་ཁག་ལ་སྒུལ་ཤུགས་ཆེན་པོ་བསྣན་པས། སྐྱེ་བོ་ཀུན་གྱིས་བསྟོད་བསྔགས་བྱེད་པའི་གྲུབ་འབྲས་ཐོབ་ཡོད་ཅེས་བརྗོད་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།