[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • རིག་སྐྱོར་བློ་སྐྱོར་གྱི་བྱ་ཐབས་བརྒྱུད་ནས་རྩལ་ནུས་བསླབས་པ།

    མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས་གྲོང་སྡོད་ས་ཚིགས་ལ་རྩལ་ནུས་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-05

    ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ཐོན་སྐྱེད་དང་འཚོ་བའི་རྩལ་ནུས། ནང་སྐྱེས་འཕེལ་རྒྱས་ཀྱི་སྒུལ་ཤུགས་བཅས་ཆེ་རུ་གཏོང་ཆེད། ཉེ་ཆར། མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་ཐོབ་རྒྱལ་ཤང་གི་སྒང་དགའ་དང་། དཔེ་གསར། སྨོན་དགའ། ལྡིང་ཕུ། བྲག་སྣ་བཅས་གྲོང་སྡོད་ས་ཚིགས་5ཡི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་རྐོ་འདྲུའི་འཕྲུལ་འཁོར་གཏོང་མཁན་གྱི་གསོ་སྦྱོང་འཛིན་གྲྭ་བཙུགས་པ་རེད། གསོ་སྦྱོང་འཛིན་གྲྭ་དེ་དུས་ཡུན་ཟླ་3ཡིན་པ་དང་གྲོང་སྡོད་ས་ཚིགས་5ཡི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་53དང་ཁྱིམ་ཚང་གི་ཁོངས་མི་60ལ་ཕན་པ་ཐོབ་པ་དེས་གྲོང་ཚོ5ཡི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་བསྡོམས་འབོར་གྱི་46.5%དང་མི་འབོར་དབུལ་པོ་བསྡོམས་འབོར་གྱི་9.32%སོ་སོར་བཟུང་ཡོད།

    མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གི་གྲོང་སྡོད་ལས་དོན་རུ་ཁག་གི་སྤྱི་ཁྱབ་རུ་དཔོན་སུང་སུང་གིས་གཞན་ལ་ཉ་སྟེར་བ་ལས་ཉ་འཛིན་སྟངས་སློབ་པ་དགའ། ང་ཚོས“མི་གཅིག་གསོ་སྦྱོང་བྱེད་པ་དང་། མི་གཅིག་ལས་ཞུགས་ཐུབ་པ། མི་གཅིག་དབུལ་སྒྲོལ་ཡོང་བ”བཅས་ཀྱི་བསམ་ཕྱོགས་བརྒྱུད་མང་ཚོགས་དབུལ་པོའི་རང་ངོས་ཀྱི་རྩལ་ནུས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་ཆེད་ད་ཐེངས་ཀྱི་གསོ་སྦྱོང་འཛིན་གྲྭ་བཙུགས་པ་ཡིན་ཞེས་བརྗོད་པ་རེད།

    གྲོང་སྡོད་ལས་དོན་སྤེལ་ཚུན། མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས་མི་རྒྱུ་དངོས་གསུམ་འབོར་ཆེན་བཏང་ནས་གནད་སྨིན་དབུལ་སྐྱོར་དང་དབུལ་སྒྲོལ་གྱི་ལས་དོན་ཏན་ཏིག་སྤེལ་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོར་གྲོང་སྡོད་ས་ཚིགས་ལ་མ་དངུལ་སྒོར་ཁྲི་189.05བཏང་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཐུས་སྒོ་ཚང་དུ་བཏང་བ་དང་། 2019ལོར་དབུལ་སྐྱོར་མ་དངུལ་སྒོར་ཁྲི་238.66གྲབས་གསོག་དང་གཏོང་རྩིས་ཡོད་པ་དེ་དུས་མཚུངས་ལས་26.2%འཕར་ཡོད་པ་ནི་གཙོ་བོ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ངལ་རྩོལ་རྩལ་ནུས་མཐོར་གཏོང་གི་རྣམ་གྲངས་ལ་སྤྱོད་རྒྱུ་ཡིན་ཞིང་། དེའི་ནང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་རྐོ་འདྲུའི་འཕྲུལ་འཁོར་གཏོང་མཁན་གྱི་གསོ་སྦྱོང་འཛིན་གྲྭ་དང་། གཡོས་སྦྱོར་གསོ་སྦྱོང་འཛིན་གྲྭ སྨོན་དགའ་གྲོང་ཚོའི་ཆུ་རྫིང་། ལྡིང་ཕུ་གྲོང་ཚོའི་ཟམ་པ། བྲག་སྣ་གྲོང་ཚོའི་ཕྱོགས་བསྡུས་ལས་སྣོན་བཟོ་གྲྭ ཐོབ་རྒྱལ་ཤང་གི་འཁྲུད་ཁང་ཉམས་བཟོ་སོགས་ཚུད་ཡོད། ཡིག་ཚཌ་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་བསོད་ནམས་བསྟན་འཛིན་གྱིས་ཡིད་ཆེས་ཆེན་པོའི་ངང་ད་ཐེངས་ཀྱི་གསོ་སྦྱོང་བརྒྱུད་ལག་རྩལ་ཡག་པོ་སྦྱོང་བ་དང་ལག་རྩལ་ལ་བརྟེན་ནས་ཕྱུག་པོ་ཆགས་པ་བྱས་ཏེ་གྲོང་ཚོའི་ཕྱུག་འགྱུར་འཇོན་ཐང་པ་ཞིག་ཏུ་གྱུར་བ་བྱས་ནས་ཞི་མཐུན་དང་། བརྟན་ལྷིང་། ཕྱུག་འགྱུར་བཅས་ཀྱི་ཕ་ཡུལ་བསྐྲུན་ཆེད་རང་ཉིད་ཀྱི་སྟོབས་ཤུཌ་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།