[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • “ཚོགས་སྒྲིག་རྣམ་པའི”སྨན་བཅོས་བོད་སྐྱོར་གྱིས་ལྷོ་ཁ་གྲོང་ཁྱེར་གྱི་སྨན་བཅོས་ཆུ་ཚད་མཐོ་རུ་བཏང་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-27

    2016ལོའི་ཟླ་6ནས་བཟུང་། ཨན་ཧུའེ་ཞིང་ཆེན་གྱིས་སྔ་རྗེས་སུ། ཞིང་ཆེན་ནང་གི་ཞིང་ཆེན་རིམ་པའི་གཙོ་གནད་སྨན་ཁང་8དང་སྟོབས་ཤུགས་ཅུང་ཆེ་བའི་གྲོང་ཁྱེར་རིམ་པའི“ཀ་པ་རིམ་པ་གསུམ་པའི”སྨན་ཁང་5ནས་ཁག་ཐེངས་བཞིའི་སྨན་བཅོས་ཤེས་ལྡན་མི་སྣ་116བདམས་གཏོང་བྱས་ནས་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་ལ་ཁ་གཏད་རོགས་སྐྱོར་བྱས་ཤིང་། ཨན་ཧུའེ་ཞིང་ཆེན་གྱི་སྨན་བཅོས་བོད་སྐྱོར་ཚོགས་པའི་རོགས་རམ་འོག ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་ལ་སྐར་མ་མཐོ་པོའི་སྒོ་ནས“ཀ་པ་རིམ་པ་གསུམ་པའི”ཕྱོགས་བསྡུས་སྨན་ཁང་གི་ཞིབ་དཔྱད་ཐོབ་པ་རེད། མིག་སྔར་སྨན་ཁང་དེར་ཐེ་ཞུགས་སྨན་བཅོས་ལྟེ་གནས་དང་། ནད་ལྕི་གསོ་རིག་ལྟེ་གནས། ཕྲུ་གུ་སྐྱེས་སའི་ལྟེ་གནས། བྲང་ཁོག་ནད་ཀྱི་ལྟེ་གནས་སོགས་ནད་ཐོག་སྨན་བཅོས་ལྟེ་གནས་ཁག་གཅིག་བསྐྲུན་ནས་སྨན་ཁང་གི་སྨན་བཅོས་ཆུ་ཚད་དང་ཞབས་ཞུའི་ནུས་པ་ཕྱོགས་ཡོངས་ནས་གོང་མཐོར་ཕྱིན་ཏེ། ལྷོ་ཁ་གྲོང་ཁྱེར་གྱི་མང་ཚོགས་ཀྱིས་ཁྱིམ་གྱི་སྒོ་ཁར་ཆུ་ཚད་མཐོ་བའི་སྨན་བཅོས་ཞབས་ཞུ་ལོངས་སྤྱོད་ཐུབ་ཡོད་པ་རེད།

    616656_yis_1556251208473_b.jpg

    པར་འདི་ནི་ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་གི་སྨན་དོན་མི་སྣས་རྒྱང་ཁྲིད་ལྷན་འཛོམས་ནད་དཔྱད་ལྟེ་གནས་བརྒྱུད་། ཨན་ཧུའེ་ཡི་སྨན་བཅོས་རིགས་གཅིག་མཁས་ཅན་ལ་བཅོས་དཀའ་བའི་བཅོས་ཐབས་བློ་འདྲི་བྱེད་པ་དང་འབྲེལ། ཐུན་མོང་ཐོག་སྨན་བཅོས་བྱ་ཐབས་གྲོས་བསྡུར་བྱེད་བཞིན་པ།

    616654_yis_1556251208161_b.jpg

    པར་འདི་ནི་ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་གི་སྒོ་བསྟེན་སྨན་ཁང་གི་ཚོམས་ཆེན་དུ་ནད་པས་ཨན་ཧུའེ་ཞིང་ཆེན་གྱིས་ཞལ་འདེབས་བརྒྱབ་པའི་སྨན་བཅོས་འཁྲིད་སྟོན་འཕྲུལ་མིར་འབྲེལ་ཡོད་གནད་དོན་བློ་འདྲི་བྱེད་བཞིན་པ།

    616655_yis_1556251208317_b.jpg

    པར་འདི་ནི་ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་ཨན་ཧུའེ་ཡི་བྱིས་ནད་ཚན་ཁག་གི་བོད་སྐྱོར་ཀྲུའུ་རེན་ཞུས་ཡོན་ཡོན་གྱིས(དཀྱིལ)བོད་སྐྱོར་བརྟག་དཔྱད་ཚན་ཁག་གི་ཀྲུའུ་རེན་སྨན་པ་དཀའ་བཅུ་པ་ཞ་ཧོང་ཏེང(གཡས)གཉིས་ཀྱིས་ས་ཆ་དེ་གའི་སྨན་པར་ཉེན་ཁ་ཆེ་བའི་བཙས་མ་ཐག་པའི་ནད་ཅན་དམར་འབྱར་སྐྱོབ་བཅོས་བྱེད་སྟངས་སློབ་པ།

    616653_yis_1556251208005_b.jpg

    པར་འདི་ནི་ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་སྙིང་དང་ཀླད་པའི་ཁྲག་རྩའི་ནད་ཕོག་ནས་དྲག་སྐྱེད་བྱུང་བའི་རིག་འཛིན་བསྟན་དར(མདུན་གྱི་གཡོན་གྱི་དང་པོ)ཡིས་སྙིང་དང་ཀླད་པའི་ཁྲག་རྩའི་ནད་དང་ཁོག་ནད་ཚན་ཁག་གི་བོད་སྐྱོར་ཀྲུའུ་རེན་ལེང་ཡིའུ་ཧྥུང(གཡས་ཀྱི་དང་པོ)དང་ས་ཆ་དེ་གའི་སྨན་པ་ཡུས་ཞའོ་ཧྭ(གཡས་ཀྱི་གཉིས་པ)ལ་གོས་དར་ཕུལ་ནས་སྨན་བཅོས་ཡག་པོ་བྱས་པར་ཐུགས་རྗེ་ཆེ་ཞུ་བ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།