[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་གྱིས་བོད་ལྗོངས་ཀྱི་སྨན་བཅོས་ཞབས་འདེགས་ཀྱི་ཆུ་ཚད་མཐོ་རུ་ཤུཌ་ཆེན་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-17

    2019ལོར། རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས“ལུགས་མཐུན་དང་། རྒྱུན་མཐུད་ཆོག་པ། མངོན་འགྱུར་ཐུབ་པ། གདེང་འཇོག་ཆོག་པ”བཅས་ཀྱི་འདུ་ཤེས་གཞིར་བཟུང་། སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་གྱི་ཁ་ཕྱོགས་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས་ཀྱིས་ནད་པ་མང་པོའི་ནད་ཀྱི་སྡུག་བསྔལ་སེལ་བ་ལས་ཀའི་འགོ་འཛུགས་སར་བརྩི་བ་དང་། “ནམ་ཡང་གནས་ཐུབ་པའི་སྨན་བཅོས་རུ་ཁག་གཏོད་པ”ལས་ཀའི་གཙོ་གནད་དུ་བྱས་ཏེ་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་ཡག་པོ་ཏན་ཏིག་བསྒྲུབས་ཡོད།

    འཆར་གཞི་ཆེ་མོ་མཐར་ཕྱིན་པ་འགོད་པ་མཐའ་འཁྱོངས་བྱས་ཤིང་། འཆར་འགོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་ཏེ“1+7”སྨན་ཁང་གི་དུས་ཡུན་རིང་འབྲིང་གི་འཕེལ་རྒྱས་འཆར་འགོད་དང་། རིག་ཚན་འཛུགས་སྐྱོང་དང་གཙོ་གནད་ཚན་ཁག་འཛུགས་སྐྱོང་གི་འཆར་འགོད། ཤེས་ལྡན་པའི་དཔུང་ཁག་གི་འཕེལ་རྒྱས་འཆར་འགོད་བཅས་འཐུས་སྒོ་ཚང་དུ་གཏོང་བར་མཛུབ་ཁྲིད་བྱས་ནས“གནད་དོན་ཆེ་འབྲིང་ཆུང་གསུམ་གང་ཡང་མི་ཐོན་པ”དང“གཉིས་གཅོག་གཅིག་འཕར”གྱི་དམིགས་ཚད་ལས་འགན་ལ་དམིགས་ནས་རྨང་གཞིའི་ལས་སྟེགས་དང་། གཙོ་གནད་ཚན་ཁག ཚོགས་པ་གཏོད་པ་སོགས་ལས་དོན་གྱི་ལྷུ་ཚིགས་ཁག་ལ་དམ་འཛིན་ནན་ཏན་དང་དམ་འཛིན་ཡག་པོ་བྱས་ཏེ་ཕྱོགས་བསྡུས་སྨན་ཁང་ལ་ཁྱད་ཆོས་ལྡན་པ་དང་། ཆེད་ལས་ཚན་ཁག་འཕེལ་རྒྱས་ལ་ཁྱད་ཆོས་ལྡན་པ། ས་གནས་ཀྱི་རིགས་གཅིག་མཁས་ཅན་ལ་འཇོན་ཐང་ལྡན་པ། སྨན་བཅོས་ཚོགས་པར་རྐང་འཛིན་པ་ཡོད་པ། ལག་རྩལ་དཔུང་ཁག་ལ་རིམ་པ་ཡོད་པ། ཕན་ཚུན་གསབ་རེས་དང་སྤྱི་ཡོངས་མཐོར་གཏོང་བཅས་ཀྱི་འཕེལ་རྒྱས་དམིགས་ཚད་མངོན་འགྱུར་ཧུར་ཐག་ཡོང་བར་བྱས་ཡོད།

    ཁ་ཕྱོགས་གཅིག་དམ་འཛིན་མཐར་ཕྱིན་པ་མཐའ་འཁྱོངས་བྱས་ཤིང་། “1+7”སྨན་ཁང་གི་ཁྱབ་འགྱེད་སྐུལ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ་ལྗོངས་ཡོངས་ཀྱི་སྤྱི་ཡོངས་ཀྱི་སྨན་བཅོས་ཆུ་ཚད་མཐོ་རུ་བཏང་བ་དང་། “1774”ཡི་འདུ་འགོད་ཕྱོཌ་ཡོངས་ནས་ལག་བསྟར་གྱིས་སྣུར་སྲིང་ཁྱབ་འགྱེད་ལས་ཀའི་ལམ་སྲོལ་བཙུགས་ཏེ“1+7”སྨན་ཁང་གི་ཚོགས་སྒྲིག་རྣམ་པའི་སྨན་བཅོས་རིཌ་གཅིག་མཁས་ཅན་གྱིས་རིག་ཚན་འཛུཌ་སྐྱོང་དང་། ཤེས་ལྡན་པ་གསོ་སྐྱོང་། དོ་དམ་ཚད་ལྡན། ཐོན་ཁུངས་བསྡུ་སྒྲིལ་སོཌ་ཀྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་རྫོང་རིམ་པའི་སྨན་ཁང་གཞན་དག་ཏུ་ཁྱབ་གདལ་དང་སྣུར་སྲིང་བཏང་ནས་རང་སྐྱོང་ལྗོངས་དང་། གྲོང་ཁྱེར་དང་ས་ཁུལ། རྫོང་བཅས་རིམ་པ་གསུམ་གྱི་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་འདེཌ་འཇོན་ཐང་ཁྱོན་ཡོངས་ནས་ཆེ་རུ་བཏང་སྟེ།“གནད་དོན་ཆེ་འབྲིང་ཆུང་གསུམ་གང་ཡང་མི་ཐོན་པ”དང“གཉིས་གཅོག་གཅིག་འཕར”གྱི་དམིགས་ཚད་གང་མགྱོགས་མངོན་འགྱུར་ཐུབ་པར་བྱས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།