[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • བོད་སྐྱོར་ལ་བཅངས་པའི་ལྷག་བསམ་བརྩེ་སེམས།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།   ​ མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཅང་ཤའོ་ཏན།    |    སྤེལ་དུས།   2019-04-05

    “གཅེན་མོ་ཧྭ་ལགས། ང་ཚོས་ཁྱེད་ཀླུ་ནང་དུ་ཡུལ་སྐོར་ལ་བསྐྱོད་པའི་པར་བལྟས་པ་ཡིན”དཔོད་ཆུང་གི་ཧྥེན་སི་ཁྲི་35ཡོད་པའི་ཧོང་ཤིས་ཧྭ་ནི་ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་ཡིན་ཞིང་། ལས་བྲེལ་ཆེ་ཡང་དྲ་ཐོག་ནས་བརྙན་ཐུང་བསྐུར་རྒྱུ་མ་ལུས་པ་བྱེད་ཀྱི་ཡོད།

    ཁོང་གིས་དེ་འདྲ་བྱེད་པ་ནི་རང་ཉིད་ཀྱི་ཆེད་དུ་མིན་པར། ཉིང་ཁྲི་ཀླུ་ནང་གི་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུའི་མིང་གྲགས་ཆེ་རུ་གཏོང་ཆེད་དུ་རེད།

    ད་ཆ་ཧོང་ཤིས་ཧྭ་ལོ་50ལ་སླེབས་ཀྱི་ཡོད། ལོ་དེ་འདྲར་སླེབས་པའི་བོད་སྐྱོར་བུད་མེད་ལས་བྱེད་པ་ཧ་ཅང་ཉུང་ཉུང་རེད།

    “ཐོག་མར་འབྱོར་སྐབས་སྐྲ་ཐུང་བ་དང་སྙིང་རྗེ་པོ་འདུག ད་ཆ་ཤ་རྩ་ནག་ཏུ་ཕྱིན་པ་དང་གཉེར་མ་ཡང་མང་དུ་ཕྱིན་འདུག འོན་ཀྱང་ཁོང་གིས་ཉིན་མཚན་བལྟོས་མེད་ལས་ཀ་བྱས་པ་བརྒྱུད་ད་ཆ་ཡུལ་དེར་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད”ཅེས་ཧོང་ཤིས་ཧྭ་དང་ལོ་གསུམ་གཤིབ་མྱོང་བའི་བོད་རིགས་ཕོ་གཞོན་བསོད་ནམས་རྒྱལ་མཚན་གྱིས་དེ་ལྟར་བཤད།

    ཧོང་ཤིས་ཧྭ་ཡིས“ང་ཚོ་བོད་སྐྱོར་བྱེད་པར་ཡོང་བ་ཞིག་ཡིན་ཙང་། དངོས་པོའི་ཐོག་ནས་རོགས་རམ་བྱེད་དགོས་ལ། ད་དུང་འདུ་ཤེས་སྒྱུར་ཐུབ་པ་བྱེད་དགོས”ཞེས་ཤོད་ཅིང་། རྒྱུན་དུ་ཁོང་གིས་རླངས་འཁོར་ནང་གད་སྙིགས་བླུགས་སྣོད་འཁྱེར་ཏེ་གད་སྙིགས་མཐོང་མ་ཐག་རླངས་འཁོར་ཁ་བཀག་ནས་སྒྲུག་གི་ཡོད། ཁོང་གིས“བོད་རིགས་སྤུན་ཟླ་རྣམས་གཞུང་དྲང་བབ་ཆགས་ཤ་སྟག་རེད། ཁོང་ཚོ་དང་འབྲེལ་འདྲིས་བྱེད་དགོས་ན། ལྷག་བསམ་རྣམ་དག་བྱེད་དགོས”ཞེས་བཤད་བྱུང་།

    ས་གནས་མང་ཚོགས་ཀྱི་ཞབས་ཞུའི་འདུ་ཤེས་ཟབ་ཏུ་གཏོང་ཆེད། ཧོང་ཤིས་ཧྭ་ཡིས་དུས་རྟག་ཏུ་རང་དཔེ་གཞན་སྟོན་བྱས་ཏེ་ས་གནས་མང་ཚོགས་ལ་མིག་དཔེ་སྟོན་གྱི་ཡོད། ལམ་དུ་འཕྲད་པའི་བོད་རིགས་ཕྲུ་གུ་ཚོས་ཀྱང་བརྩེ་སེམས་ཟབ་མོས་ཁོང་ལ“ཨ་ཅག་ཧོང་ལགས”ཞེས་འབོད་ཀྱི་ཡོད།

    1994ལོ་ནས་བཟུང་ཀོང་ཏུང་ཞིང་ཆེན་གྱིས་ཁྱོན་ཁག་བརྒྱད་ཀྱི་ཐོག་ནས་བོད་སྐྱོར་ལས་བྱེད་པ་436བསྟུད་མར་གངས་ལྗོངས་ས་མཐོར་བཏང་ཞིང་། ཧོང་ཤིས་ཧྭ་ནི་ཁོང་ཚོའི་ཁྲོད་ཀྱི་གྲས་ཤིག་རེད་ལ། ཁོང་ཚོས་གངས་ལྗོངས་ས་མཐོར་ཕུལ་བའི་ལེགས་སྐྱེས་ཀླུ་ནང་དུ་ཡོད་པའི་རྒྱལ་ཡོངས་ཀྱི་བོད་སྐྱོར་འགྲེམས་སྟོན་ཁང་ནས་མཐོང་ཐུབ། དེའི་ནང་གྲོང་གསེབ་ཏུ་སྐྱོད་སྐབས་སྤྱོད་མྱོང་བའི་སྨྱུག་ཞྭ་དང་། འཁར་རྒྱུག བོད་སྐྱོར་ལས་བྱེད་པའི་ཟིན་དེབ་བཅས་ཡོད།

    ཙེང་ཧྲུའུ་ཐིང་གིས་འགྲེམས་དངོས་ལ་ཞིབ་མོར་ལྟ་བཞིན། “ལོ་དྲུག་ནང་བཟའ་ཟླར་འཁང་ར་བྱེད་མྱོང་ཡོད་ལ། བཟའ་ཟླར་རྒྱབ་སྐྱོར་ཡང་བྱེད་མྱོང་ཡོད”ཅེས་བཤད།

    ཙེང་ཧྲུའུ་ཐིང་གི་བཟའ་ཟླ་ཧྲེང་མིན་ཡང་བོད་སྐྱོར་ལས་བྱེད་པ་ཞིག་ཡིན་ཞིང་། ཕ་ཡུལ་ནས་ཁ་བྲལ་སྐབས། ཕྲུ་གུ་སློབ་ཆུང་ལོ་རིམ་དང་པོར་འགྲོ་བ་ནས་ད་ཆ་འཁྱུག་ཙམ་ཞིག་ལ་དམའ་རིམ་སློབ་འབྲིང་ལ་སྐྱོད་ཉེར་ཡོད་པ་རེད།

    “བུས་ང་ལ། སློབ་གྲོགས་གཞན་དག་གི་ཕ་མ་གཉིས་ཀ་སློབ་གྲྭའི་བྱེད་སྒོར་ཡོང་གི་འདུག ང་ལ་ཨ་མ་ལགས་མ་གཏོགས་མེད་ཅེས་ཤོད་པས། ངས་བུ་ལ་པཱ་ལགས་མི་དེ་བས་མང་པོར་རོགས་པ་བྱེད་ཀྱི་ཡོད་ཅེས་སེམས་གསོ་གཏོང་གི་ཡོད”ཅེས་བཤད། ལོ་མང་ཁྱོ་ག་དང་ཁ་བྲལ་ནས་སྡོད་པའི་འཚོ་བ་བློ་ལ་འཆར་སྐབས་ཙེང་ཧྲུའུ་ཐིང་གི་མིག་ལ་མཆི་ཞག་འཁོར།

    ལོ་20ལྷག་ཙམ་རིང་ཞིང་ཆེན་དང་གྲོང་ཁྱེར་17གྱི་ཁག་བརྒྱད་པའི་བོད་སྐྱོར་ལས་བྱེད་པའི་ཤེས་ལྡན་མི་སྣ་དང་ཁོང་ཚོར་རྒྱབ་སྐྱོར་བྱེད་མཁན་ནང་མི་དེ་བས་མང་པོས་གངས་ལྗོངས་ས་མཐོར་རྔུལ་ཆུ་བཏོན་ནས་བློ་གྲོས་དང་བརྩེ་སེམས་ལེགས་སྐྱེས་ཕུལ་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།