[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • རྒྱལ་ཡོངས་བོད་སྐྱོར་འགྲེམས་སྟོན་ཁང་གི་ཡོལ་ཁེབས་འབྱེད་པའི་མཛད་སྒོ་ཀླུ་ནང་དུ་གཉེར་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-03

    བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་མཚམས་སུ། ཟླ་4ཚེས་1ཉིན། རྒྱལ་ཡོངས་བོད་སྐྱོར་འགྲེམས་སྟོན་ཁང་གི་ཡོལ་ཁེབས་འབྱེད་པའི་མཛད་སྒོ་བོད་ལྗོངས་ཉིང་ཁྲིའི་ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུར་གཉེར་བ་རེད།

    བོད་ལ་ཁ་གཏད་རོགས་སྐྱོར་བྱེད་པ་ནི་ཏང་དང་རྒྱལ་ཁབ་ཀྱིས་ཐབས་ཇུས་གལ་ཆེན་དང་འཐབ་ཇུས་བཀོད་སྒྲིག་གལ་ཆེན་བྱས་པ་ཤིག་ཡིན་ལ། བོད་ལྗོངས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་རེད། ལོ་20ཡི་རིང་། ཀྲུང་དབྱང་གི་གཙོ་གཉེར་སྡེ་ཚན་གྱིས་སྔ་རྗེས་སུ་ལས་བྱེད་པ་དང་ཤེས་ལྡན་མི་སྣ་ཁག་ཐེངས་8བོད་དུ་ལས་ཀ་བྱེད་པར་འདེམས་མངག་བྱས་པ་དང་སྦྲགས། མ་དངུལ་སྒོར་དུང་ཕྱུར་460བཏང་ནས་གཙོ་གནད་བོད་སྐྱོར་ལས་གྲྭ་ཁྲི་1ལྷག་ཙམ་བསྐྲུན་ཡོད། བོད་སྐྱོར་གྱི་གྲུབ་འབྲས་མངོན་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་དོན་འཁྱོལ་དང་ཕན་འབྲས་མངོན་པར་བྱེད་ཆེད། ཀྲུང་དབྱང་རྩ་འཛུགས་པུའི་བོད་སྐྱོར་སྤྱི་ཁྱབ་རུ་སྣེ་འཁྲིད་མཁན་གྱི་མཛུབ་སྟོན་བླང་བྱ་གཞིར་བཟུང་། ཀོང་ཏུང་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་ཁག་བརྒྱད་པས་ཀོང་ཏུང་ཞིང་ཆེན་གྱི་གཙོ་གནད་བོད་སྐྱོར་རྣམ་གྲངས་ཡིན་པའི་ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུར་འགྲེམས་སྟོན་ཁང་དེ་བཙུཌ་པ་དང་། དེའི་དམིཌ་ཡུལ་ནི་ཞིང་ཆེན་ཁག་གི་ཁག་ཐེངས་རིམ་བྱུང་གི་བོད་སྐྱོར་ལས་བྱེད་པའི་བྱ་གཞག་སྒྲུབ་པའི་བྱས་རྗེས་དང་སྤྱོད་བཟང་དྲིལ་བསྒྲགས་བྱ་ཆེད་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཡོངས་བོད་སྐྱོར་འགྲེམས་སྟོན་ཁང་དེ་2018ལོའི་ཟླ་དྲུག་པ་ནས་སྐྲུན་འགོ་ཚུགས་པ་དང་། དུས་ཡུན་ཟླ་བ་བརྒྱད་འཛུགས་སྐྲུན་བྱས་པ་བརྒྱུད། 2019ལོའི་ཟླ་གཉིས་པར་ལས་མཇུག་འགྲིལ་བ་རེད། འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་ངོས་གྲུ་620ཟིན་པ་དང་། སའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་330ཟིན་ཡོད། ཁྱོན་ཐོག་སོ་གཉིས་ཡོད་པ་སྟེ། རྒྱལ་ཡོངས་བོད་སྐྱོར་གྱི་སྒྲིལ་གླིང་དང་། བོད་སྐྱོར་ཚོགས་སྒྲིག་སྨན་བཅོས་སློབ་གསོ། ཞིང་ཆེན་དང་གྲོང་ཁྱེར་17གྱི་བོད་སྐྱོར་འགྲེམས་སྟོན། རང་སྲོག་བློས་གཏོང་མཁན་གྱི་བོད་སྐྱོར་ལས་བྱེད་པར་དྲན་གསོ་ཞུ་བ་སོགས་ཀྱི་སྒྲོམ་གཞི་ཆེ་གྲས་འགའ་ལ་ཕྱེ་བ་དང་། འགྲེམས་སྟོན་ཁང་གིས་པར་རིས་དང་། བརྙན་ལམ། དངོས་རྫས་འགྲེམས་སྟོན་སོགས་ཀྱི་བྱེད་ཐབས་སྤྱད་དེ་པེ་ཅིང་དང་། ཅང་སུའུ། ཀོང་ཏུང་། ཧྲང་ཧའེ། ཧྲན་ཏུང་། ཧེ་ལུང་ཅང་། ཅི་ལིན། ཧུའུ་ནན། ཧུའུ་པེ། ཨན་ཧུའེ། ཐེན་ཅིན། ཁྲུང་ཆིང་། ཧྥུའུ་ཅན། ཀྲེ་ཅང་། ལེའོ་ཉིང་། ཧོ་པེ། ཧྲའན་ཤིས་བཅས་ཞིང་ཆེན་དང་གྲོང་ཁྱེར་17གྱི་ལོ་20ལྷག་ཙམ་རིང་གི་བོད་སྐྱོར་གྱི་གྲུབ་འབྲས་དང་སྔོན་ཐོན་བྱས་རྗེས་ངོ་སྤྲོད་ཞིབ་ཚགས་བྱས་པ་་དང་། དེ་ནི་མིག་སྔར་ཞིང་ཆེན་དང་གྲོང་ཁྱེར་མང་པོ་དེ་འདྲ་ཚུད་པའི་འགྲེམས་སྟོན་ཆེ་གྲས་ཁང་གཅིག་པུ་དེ་ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།