[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ཧྥུའུ་ཅན་ཞིང་ཆེན་གྱིས་ཆབ་མདོ་གྲོང་ཁྱེར་ལ་ཡུལ་སྐོར་ཐད་རོགས་སྐྱོར་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-01-22

    ཧྥུའུ་ཅན་ཞིང་ཆེན་གྱི་ཁག་བརྒྱད་པའི་བོད་སྐྱོར་ལས་དོན་རུ་ཁག་གིས་ཆབ་མདོར་ཁ་གཏད་རོགས་སྐྱོར་བྱས་ཚུན་ཡུལ་སྐོར་ཚོང་འགུགས་དང་། ཡུལ་སྐོར་གསོ་སྦྱོང་། ཡུལ་སྐོར་གཞུང་ལས་སྒྲིག་ཆས་སོགས་ཐད་གཏོང་ཆ་གཏོང་ཤུགས་ཆེ་རུ་བཏང་བས་ཡུལ་སྐོར་སྣེ་ལེན་གྱི་མི་ཐེངས་དང་ཡུལ་སྐོར་གྱི་ཡོང་འབབ་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད། 

    སྤེལ་རེས་མཉམ་ལས་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བས་ཧྥུའུ་ཅན་དང་ཆབ་མདོ་ས་ཁུལ་གཉིས་དབར་འཐབ་ཇུས་རང་བཞིན་གྱི་སྒྲོམ་གཞིའི་གྲོས་མཐུན་2བཞག་པ་དང་། མ་དངུལ་བཏང་ནས་གཞུང་ལས་སྒྲུབ་པའི་ཆ་རྐྱེན་ལེགས་སུ་བཏང་བ། ཧྥུའུ་ཅན་ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱིས་སྒོར་ཁྲི་104ཙམ་རོགས་སྐྱོར་བྱས་ཏེ་ཆབ་མདོའི་ཡུལ་སྐོར་ཁོངས་གཏོགས་ལ་གཞུང་ལས་ཁང་གི་སྒྲིག་ཆས་དང་ཡུལ་སྐོར་གྱི་འགྲིམ་འགྲུལ་ཡོ་ཆས་ཉོས་པ་དང་། མ་དངུལ་དང་རྣམ་གྲངས་རོགས་སྐྱོར་བྱ་ཤུགས་ཆེ་རུ་བཏང་བ་དང་རིགས་ཁག་གི་ཡུལ་སྐོར་དང་འབྲེལ་བའི་རྣམ་གྲངས་ལ་བོད་སྐྱོར་མ་དངུལ་ཁྱོན་སྒོར་ཁྲི་1200ཙམ་མཐུན་སྦྱོར་བྱས་ནས་བཏང་བ། སྒོར་ཁྲི་50བཏང་ནས་རིགས་ཁག་གི་ཡུལ་སྐོར་དངོས་མང་སྟོན་ཚོགས་ཀྱི་འགྲེམས་སྟེགས་ཉོས་ནས་ཆབ་མདོའི་ཡུལ་སྐོར་དྲིལ་བསྒྲགས་བྱས་པ། བོད་སྐྱོར་མ་དངུལ་སྒོར་ཁྲི་80བརྩོན་ལེན་བྱས་ནས《བོད་ལྗོངས་ཡུལ་སྐོར》ཆབ་མདོའི་ཆེད་བསྒྲིགས་དུས་དེབ་རྩོམ་སྒྲིག་པར་འགྲེམས་བྱས་ཏེ་ཆབ་མདོའི་ཡུལ་སྐོར་རིག་གནས་ངོ་སྤྲོད་བྱས་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།