[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • གངས་ལྗོངས་ས་མཐོར་བོད་སྐྱོར་སློབ་གསོའི་འཕྲིན་ལས་བསྐྱངས།

    ​ཚོགས་སྒྲིག་རྣམ་པའི་སློབ་གསོའི་ཤེས་ལྡན་མི་སྣའི་བོད་སྐྱོར་གྱིས་གཞིས་རྩེའི་སློབ་གསོ་གོང་འཕེལ་གཏོང་རོགས་བྱས་པའི་སྐོར་གྱི་ཟུར་བྲིས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-26

    560230_yis_1540179198648.jpg

    འདི་ནི་དཔེ་དེབ་ཁང་ཞིག་ཏུ་ཀློག་པ་པོས་དཔེ་དེབ་ཀློག་བཞིན་པ།

    ལོ་གཉིས་རིང་། ཚོགས་སྒྲིག་རྣམ་པའི་སློབ་གསོའི་ཤེས་ལྡན་མི་སྣའི་བོད་སྐྱོར་ལ་བརྟེན་ནས་གཞིས་རྩེའི་སློབ་མས་སྒོ་རྩར་ནང་སའི་སློབ་གྲྭ་གྲགས་ཅན་དང་དགེ་རྒན་གྲགས་ཅན་གྱི་སློབ་ཁྲིད་ཡག་པོ་ཉན་ཐུབ་པ་ལས་སློབ་གསོའི་ཐོན་ཁུངས་སྤུས་ལེགས་གངས་ལྗོངས་ས་མཐོར་རྩ་བ་ཚུགས་ནས་གཞིས་རྩེའི་སློབ་གསོ་འཕེལ་རྒྱས་ཀྱི་སྤུས་ཚད་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་མ་ནུས་ལྡན་ཐེབས་ཡོད། 

    སློབ་ཁྲིད་ཀྱི་ཐོན་ཁུངས་སྤུས་ལེགས་བཏོད་པ།

    ཉེ་བའི་ལོ་ཤས་རིང་། ཚོགས་སྒྲིག་རྣམ་པའི་སློབ་གསོའི་ཤེས་ལྡན་མི་སྣས་གཞིས་རྩེར་རོགས་སྐྱོར་བྱེད་མཁན་ནང་སའི་ཞིང་ཆེན་དང་གྲོང་ཁྱེར་བཞིའི་ཐོན་ཁུངས་སྤུས་ལེགས་འདོན་སྤེལ་གང་ལེགས་དང་སྟོབས་ཤུགས་བསྡུ་སྒྲིལ་བྱས་ནས་དམིགས་སའི་རང་བཞིན་ལྡན་པའི་ངང་དགེ་རྒན་གྲགས་ཅན་དང་ཕུལ་བྱུང་གི་ཚོགས་པ་བོད་དུ་མངགས་ནས་སློབ་གསོའི་སྟོབས་ཤུགས་གསར་པ་བཏོན་པ་རེད། 

    མིག་སྔར། གཞིས་རྩེ་གྲོང་ཁྱེར་ལ་སློབ་གསོའི་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་དོ་དམ་ལས་བྱེད་པ་དང་དགེ་རྒན་ཁྱོན་170ཡོད་པ་དག་ཞིང་ཆེན་དང་གྲོང་ཁྱེར་བཞིའི་ཆུས(ས་ཁུལ་དང་གྲོང་ཁྱེར)24ཡི་སློབ་གྲྭ་164ནས་སླེབས་པ་དང་། དེའི་ནང་བུད་མེད་ལས་བྱེད་པ་དང་དགེ་རྒན་28དང་། ཏང་ཡོན་78 མཐོ་རིམ་གོ་མིང་རྒན་པ་1 མཐོ་རིམ་གོ་མིང་གཞོན་པ་69 འབྲིང་རིམ་གོ་མིང་77 དམའ་རིམ་གོ་མིང་23བཅས་ཡོད་ཅིང་། དོ་དམ་ལས་བྱེད་པའི་ཆ་སྙོམས་ལོ་ཚད་42.8དང་། ཆེད་བསྐོས་དགེ་རྒན་གྱི་ཆ་སྙོམས་ལོ་ཚད་40.5 ཆེད་བསྐོས་དགེ་རྒན་གྱི་ཆ་སྙོམས་སློབ་ཁྲིད་ཡུན་ཚད་ལོ་8བཅས་ཡིན་པའི་ཁར། ཆེད་བསྐོས་དགེ་རྒན་ཡོངས་ཀྱིས་སློབ་ཚན་འཁྲིད་ཀྱི་ཡོད་ལ་རིག་ཚན་14དང་འབྲེལ་བ་ཡོད། 

    གཞིས་རྩེའི་སློབ་གསོར་ལྷག་པའི་ལྷུ་ཚིགས་ཉམས་ཞན་ལ་དམིགས་ཏེ་ལག་ལེན་བྱེད་རིང་། བོད་སྐྱོར་དགེ་རྒན་གྱིས་སློབ་གསོའི་ཆོས་ཉིད་ལ་བརྩི་འཇོག་གང་ལེགས་དང་སྔོན་ཐོན་གྱི་སློབ་གསོའི་ལྟ་ཚུལ་ནང་འདྲེན་བྱས་པ་དང་འབྲེལ། གཞིས་རྩེའི་དོན་དངོས་དང་ཟུང་འབྲེལ་གང་ལེགས་ཀྱིས་སློབ་གསོའི་དོ་དམ་དང་། དཔུང་ཁག་འཛུགས་སྐྱོང་། སློབ་ཁྲིད་འཇོན་ཐང་། མི་སྣ་སྐྱོང་ཐབས། སློབ་ཁྲིད་ཐབས་ལམ། སློབ་ཚན་མ་ལག ཆ་འཕྲིན་ཅན་འཛུགས་སྐྱོང་སོགས་ལ་ཕྱོགས་ཡོངས་ཤུགས་འདོན་དང་། གནད་མང་ཚད་བརྒལ། བརྒྱུད་རིམ་ཧྲིལ་པོར་སྐུལ་འདེད་བཅས་བྱས་པས་ཕན་འབྲས་ཐོན་ཡོད་པ་རེད། 

    ཉམས་ཞན་ལ་དམིགས་ནས་ཞན་ཆ་གསབ་པ། 

    ས་ཁོངས་དང་། མི་སྣ། རིག་གནས། ལྟ་ཚུལ་བཅས་ཀྱི་ཁྱད་པར་དབང་གིས་ནང་སའི་སྔོན་ཐོན་དོ་དམ་དང་སློབ་ཁྲིད་རྣམ་པ་བོད་དུ་ཇི་མ་ཇི་བཞིན་ལག་བསྟར་བྱེད་མི་ཐུབ་ཀྱང་། ངེས་པར་དུ་བོད་ཀྱི་སློབ་གྲྭའི་གནས་ཚུལ་དང་སློབ་མའི་གནས་ཚུལ་དང་བསྟུན་དགོས། 

    དབྱིན་མའོ་ཐང་གིས་ཧེ་ལུང་ཅང་ཞིང་ཆེན་གྱི་ཚོགས་སྒྲིག་རྣམ་པའི་སློབ་གསོའི་ཤེས་ལྡན་མི་སྣའི་བོད་སྐྱོར་དགེ་རྒན་40ཁྲིད་ནས་སྤྱི་ལེ་5500བརྒལ་ནས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་སློབ་འབྲིང་གཉིས་པར་འབྱོར་སྐབས་སློབ་གྲྭ་དེའི་རྨང་གཞིའི་སྒྲིག་བཀོད་ཧ་ཅང་ཡག་པོ་ཡོད་ནའང་དོ་དམ་གྱི་ཆུ་ཚད་དང་། སློབ་གསོའི་ལྟ་ཚུལ། དེ་བཞིན་སློབ་མའི་གོམས་སྲོལ་སོགས་གང་ཅིའི་ཐད་ནང་ས་དང་བསྡུར་ན་ཧེ་བག་ཆེ་ཙམ་ཡོད་པ་ཤེས། དེར་བརྟེན་ཁོང་གིས་སློབ་ཁྲིད་དོ་དམ་ནས་འགོ་བཙུགས་ཏེ་སློབ་དཔྱོད་ཚོགས་ཆུང་གི་ལས་སྒོའི་དོ་དམ་སློབ་ལོ་ཚོགས་ཆུང་གི་སྲིད་འཛིན་དོ་དམ་དུ་བསྒྱུར་ནས་ཀུན་སྤྱོད་སློབ་གསོ་དང་། སློབ་ལོ། སློབ་དཔྱོད་བཅས་ཕྱོགས་གསུམ་གཞི་གཅིག་གི་སློབ་ཁྲིད་དོ་དམ་བྱེད་སྟངས་ལག་བསྟར་བྱས་པ་རེད། སློབ་མ་ལྟེ་བར་བྱས་ནས་སློབ་མའི་སྤྱོད་ལམ་གྱི་གོམས་སྲོལ་དང་། འཕྲོད་བསྟེན་གྱི་གོམས་སྲོལ། སློབ་སྦྱོང་གི་གོམས་སྲོལ་བཅས་གསོ་སྐྱོང་བྱས་ནས་ཕྲུ་གུ་ཚོར་སློབ་སྦྱོང་དང་རྩེད་མོ་རྩེ་ཤེས་པ་དང་གཙང་སྦྲར་དོ་སྣང་བྱེད་དུ་བཅུག་པ་རེད། ལོ་གཉིས་ལྷག་རིང་། “སློབ་མ་རྣམས་ཀྱི་གོམས་སྲོལ་གསུམ་གྱི་འགྱུར་ལྡོག་མངོན་གསལ་དོད་པོ་འདུག”ཅེས་དབྱིན་མའོ་ཐང་གིས་གསར་འགོད་པར་བཤད། 

    གཞིས་རྩེ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་དང་པོའི་སློབ་སྤྱི་ཧན་ཏུང་གིས། ཆེད་བསྐོས་དགེ་རྒན་མངགས་པའི་ཐད། སློབ་གསོའི་བོད་སྐྱོར་ནི་རིག་ཚན་སོ་སོའི་དགེ་རྒན་མང་དུ་བཏང་བ་ཙམ་མིན་པར་རྩིས་དངོས་རྫས་སོགས་རིག་ཚན་གྱི་དགེ་རྒན་དཀོན་པའི་གྲས་གཙོ་བོ་བྱས་པ་དང་ཆབས་ཅིག་རིག་ཚན་གཞན་དག་གི་དགེ་རྒན་དང་སློབ་གསོའི་དོ་དམ་མི་སྣ་མངགས་ཡོད། ངས་སློབ་ཁྲིད་ཀྱི་ལས་འགན་འཁུར་བ་ཕུད། ད་དུང་ཆེད་ལས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་ཡུལ་འདི་གའི་དགེ་རྒན་ལ་སློབ་དཔྱོད་དང་། གསོ་སྦྱོང་། སློབ་ཁྲིད་སྒྱུར་བཅོས་སོགས་ཀྱི་ལས་དོན་ལ་མཛུབ་ཁྲིད་བྱས་པ་མ་ཟད། སློབ་ཁྲིད་དཔྱོད་སོགས་ཀྱི་གོ་རིམ་ཁག་གི་ཞན་ཆ་གསབ་པ་ཡིན་ཞེས་ཧན་ཏུང་གིས་བཤད།

    སློབ་གསོའི“རང་བརྟེན”འཇོན་ཐང་ཆེ་རུ་བཏང་བ།

    སློབ་གསོའི་སྔོན་ཐོན་འདུ་ཤེས་ཁྱབ་གདལ་བཏང་བ་དང་། ཚན་རིག་དང་མཐུན་པའི་སློབ་ཁྲིད་བྱེད་སྟངས་བསླབས་ནས་གཞིས་རྩེའི“སློབ་ཕྲུག”གསོ་སྐྱོང་བྱས་ཡོད། བོད་དུ་སླེབས་རྗེས། བོད་སྐྱོར་དགེ་རྒན་གྱིས་དོ་དམ་ལམ་ལུགས་དང་། ནང་དོན་འཛུགས་སྐྱོང་། ཆ་སྒྲིག་རོགས་ཁྲིད། གཤམ་སྐྱོད་སློབ་ཁྲིད། ཁྱབ་འགྱེད་སྐུལ་ཁྲིད་སོགས་ལ་བརྟེན་ནས་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ“ནམ་ཡང་ཁ་མི་འབྲལ་བའི་བྱང་ཚད་མཐོ་བའི་དཔུང་ཁག”ཅིག་གསོ་སྐྱོང་བྱས་པ་རེད།

    ཧྲང་ཧའེ་གྲོང་ཁྱེར་གྱི་ཚོགས་སྒྲིག་རྣམ་པའི་སློབ་གསོའི་ཤེས་ལྡན་མི་སྣའི་བོད་སྐྱོར་སྣེ་ཁྲིད་པ་གཞིས་རྩེ་གྲོང་ཁྱེར་ཧྲང་ཧའེ་ཚོད་ལྟའི་སློབ་གྲྭའི་སློབ་སྤྱི་ཧྥུ་ཞིན་གྱིས་སློབ་གྲྭ་དེར་ད་ལྟ་རྒྱང་ཁྲིད་སློབ་དཔྱོད་ལས་སྟེགས་འཛུགས་བཞིན་ཡོད། ལས་དེ་ལེགས་སྒྲུབ་ཟིན་རྗེས་དགེ་སློབ་རྣམས་ཀྱིས་ཧྲང་ཧའེ་ཡི་གྲགས་ཅན་སློབ་གྲྭ་དང་། གྲགས་ཅན་དགེ་རྒན། གྲགས་ཅན་བསླབ་གཞི་བཅས་མཉམ་སྤྱོད་བྱེད་ཐུབ་ཅེས་ངོ་སྤྲོད་བྱས། 

    དུས་ཐུང་ལོ་གཉིས་རིང་། སློབ་གསོའི་བོད་སྐྱོར་གྱི་འཕྲིན་ལས་ལས་གཞིས་རྩེའི་སློབ་གསོར་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། དེ་ཡང་ཐད་ཀར་མཐོང་ཐུབ་པའི་སློབ་མའི་ཡིག་རྒྱུགས་ཀྱི་སྦྱངས་འབྲས་ནས་བརྗོད་ན། གཞིས་རྩེ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་དང་པོའི་སློབ་དཀྱིལ་དང་སློབ་མཇུག་ཡིག་རྒྱུགས་སྐབས་བོད་སྐྱོར་དགེ་རྒན་གྱིས་ཁྲིད་པའི་འཛིན་གྲྭའི་སྦྱངས་འབྲས་གཞན་ལས་ཕུལ་དུ་བྱུང་བ་དང་། གཞིས་རྩེ་གྲོང་ཁྱེར་ཧྲང་ཧའེ་ཚོད་ལྟའི་སློབ་གྲྭས་2017ལོའི་མཐོ་རྒྱུགས་ལ་རིག་གནས་ཚན་ཁག་དང་རང་བྱུང་ཚན་རིག་ཚན་ཁག་ཡིག་རྒྱུགས་ལོན་ཚད་100%ཐོག་མར་མངོན་འགྱུར་བྱུང་བ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།