[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • དབུལ་སྐྱོར་དང་རིག་སྐྱོར་ཟུང་འབྲེལ་དམ་ཟབ་བྱུང་བ།

    ཧྥུའུ་ཅན་ཞིང་ཆེན་གྱི“གསོ་སྦྱོང་བོད་སྐྱོར”ལ་བརྟེན་ནས་འཐབ་ས་དང་པོའི་ལས་བྱེད་པའི་དཔུང་ཁག་སྟོབས་ཆེར་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-08

    2017ལོའི་ཟླ་བ་བདུན་པ་ནས་བཟུང་། ཧྥུའུ་ཅན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བརྒྱད་པས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་བྱེད་པ་གསོ་སྦྱོང་བྱ་རྒྱུ་དེ་ཁ་གཏད་རོགས་སྐྱོར་གྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་པའི་ཁར། དབུལ་སྐྱོར་དང་རིག་སྐྱོར་གཉིས་ཟུང་འབྲེལ་གྱིས་མི་1800ལྷག་ཙམ་ཧྥུའུ་ཅན་དུ་གསོ་སྦྱོང་དང་མི་200ལྷག་ཙམ་ཧྥུའུ་ཅན་དུ་ལས་ཀར་མཉམ་ཞུགས་དང་གནས་སྦྱར་སྦྱོང་བརྡར་བྱེད་པར་མངགས་པ་དང་། ཧྥུའུ་ཅན་གྱི་རིག་ཚན་ཁག་གི་རིགས་གཅིག་མཁས་ཅན་200ལྷག་ཙམ་ཆབ་མདོར་སློབ་ཚན་ཁྲིད་པར་གདན་དྲངས་པ། ས་ཆ་དེ་གའི་ལས་བྱེད་པ་དང་ཤེས་ལྡན་པ་མི་ཐེངས་ཁྲི་1ལྷག་ཙམ་གསོ་སྦྱོང་བྱས་པ་ལ་སོགས་སོ།

    གཅིག་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས“མི་སྟོང་གི་གསོ་སྦྱོང་འཆར་གཞི”ལག་ལེན་བསྟར་བ།

    ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ནི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་གི་སྣེ་ཁྲིད་རང་བཞིན་དང་། རྨང་གཞིའི་རང་བཞིན། འཐབ་ཇུས་རང་བཞིན་བཅས་ཀྱི་འདུ་འགོད་ཅིག་རེད། ཧྥུའུ་ཅན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་གིས་བརྟག་ཞིབ་གཏིང་ཟབ་བྱས་པའི་རྨང་གཞིའི་ཐོག་དབུལ་སྒྲོལ་འགག་སྒྲོལ་ལྟེ་བར་བྱས་པའི“1234”ཡི་བོད་སྐྱོར་ལས་དོན་གྱི་བསམ་ཕྱོགས་གསལ་པོ་བཟོས་པ་དང་། “མི་སྟོང་གི་གསོ་སྦྱོང་འཆར་གཞི”བཏིང་བ། ལོ་ལྟར་ལས་བྱེད་པ་དང་ཤེས་ལྡན་པ་1000ལྷག་ཙམ་ཧྥུའུ་ཅན་དུ་གསོ་སྦྱོང་དང་གནས་སྦྱར་སྦྱོང་བརྡར་བྱེད་པར་མངགས་ཡོད། དེའི་ཁྲོད་འཆར་གཞིའི་ནང་གསོ་སྦྱོང་འཛིན་གྲྭ་ཐེངས་15བཀོད་སྒྲིག་བྱས་ཏེ་ཧྥུའུ་ཅན་ཞིང་ཨུད་རྩ་འཛུགས་པུས་ལོ་ལྟར་ཆབ་མདོར་གསོ་སྦྱོང་ཐེངས་3བྱ་རྒྱུ་དང་། མངགས་གཏོང་ཚན་པ་ཁག་གིས་ཆེད་དམིགས་ལས་སྒོའི་གསོ་སྦྱོང་བྱ་རྒྱུའི་བརྩོན་ལེན་བྱ་རྒྱུ།

     ལོ་ལྟར་རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ་10ཧྥུའུ་ཅན་ཞིང་ཨུད་ཏང་གི་སློབ་གྲྭའི་བརྗོད་དོན་གཙོ་བོའི་འཛིན་གྲྭར་བཅུག་པ་མ་ཟད། མི་20གནས་སྦྱར་སྦྱོང་བརྡར་བྱེད་པར་མངགས་པ་དག་གཙོ་བོ་ཤིན་ཏུ་དབུལ་པོའི་ས་ཁུལ་གྱི་ལས་བྱེད་པར་ཕྱོགས་ཡོད།

    ལོ་གཉིས་རིང་ཧྥུའུ་ཅན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་གཙོ་བོར་བཟུང་ནས་སློབ་མ་སྒྲིག་འཛུགས་ཀྱིས“ཀྲུང་གོའི་དབུལ་སྐྱོར་གྲོང་ཚོ་དང་པོ”སྟེ་ཁྲེ་ཤིས་གྲོང་ཚོ་དང་ཧྲོའུ་ཉིང་རྫོང་ཤཱ་ཏང་ཤང་དུ་རྟོག་ཞིབ་བྱེད་པར་བསྐྱོད་ནས་ཉིང་ཏེ་གྲོང་ཁྱེར་གྱི་གནད་སྨིན་དབུལ་སྐྱོར་གྱི་རྩ་ཆེའི་ཉམས་མྱོང་ལ་སློབ་སྦྱོང་བྱས་ཡོད།

    གསོ་སྦྱོང་བདེ་བླག་ངང་ལག་བསྟར་ཐུབ་ཆེད། འཆར་གཞིར་ལས་བྱེད་པ་སློབ་གསོ་གསོ་སྦྱོང་དང་ཤེས་ལྡན་པ་སྐྱེད་སྲིང་གི་ཆེད་སྤྱོད་འགྲོ་གྲོན་ལོ་ལྟར་སྒོར་ཁྲི་200ཙམ་དང་ཁ་གཏད་རྫོང་4ལ་སོ་སོར་ལོ་ལྟར་སྒོར་ཁྲི་120བཀོད་སྒྲིག་བྱས་པ་དག་སློབ་གསོ་དང་འཕྲོད་བསྟེན་ཐད་ཀྱི་ཤེས་ལྡན་པ་གསོ་སྦྱོང་ལ་ཆེད་མངགས་སྤྱོད་རྒྱུའི་སྐོར་གསལ་པོར་བཀོད་ཡོད།

    ཚན་རིག་དང་མཐུན་པའི་སྒོ་ནས་སྲིད་ཇུས་ལག་བསྟར་གྱིས“གནད་སྨིན་ཅན”ལས་རིམ་ཧྲིལ་པོར་ཁྱབ་པར་བྱས་པ།

    ཧྥུའུ་ཅན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་གིས་ཆབ་མདོ་གྲོང་ཁྱེར་གྱི་གནད་སྨིན་གསོ་སྦྱོང་གི་རེ་བ་གཞིར་བཟུང་། གསོ་སྦྱོང་བཀོད་སྒྲིག་ཆབ་མདོ་གྲོང་ཁྱེར་གྱི་ལས་བྱེད་པ་གསོ་སྦྱོང་གི་དགོས་མཁོ་དང་སྦྲེལ་མཐུད་དམ་ཟབ་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་ལས་བྱེད་པ་སློབ་གསོ་གསོ་སྦྱོང་གི་འཆར་གཞིར་བཅུག་ནས་གྲངས་ཚད་དང་སྤུས་ཚད། གཞི་ཁྱོན་དང་ཕན་འབྲས་གཉིས་ཀ་ཕན་ཚུན་གཅིག་གྱུར་ཡོང་ཐབས་བྱས་ཡོད།

    ལས་བྱེད་པའི་ཆེད་ལས་འཇོན་ནུས་དང་ཆེད་ལས་སྙིང་སྟོབས་སྐྱེད་སྲིང་ལ་དམིགས་ཏེ། དབུལ་སྒྲོལ་འགག་སྒྲོལ་ཐད་ཀྱི་སློབ་གསོ་གསོ་སྦྱོང་ཧྥུའུ་ཅན་དུ་གསོ་སྦྱོང་བྱེད་པར་སྐྱོད་རིང་གི་སློབ་སྦྱོང་གི་ནང་དོན་གཙོ་བོར་བརྩིས་ཤིང་། དབུལ་སྐྱོར་ཐོན་ལས་གསར་སྤེལ་དང་། ཡུལ་སྐོར་ཐོན་ཁུངས་སྔོག་འདོན། དབུལ་སྐྱོར་གྲོང་གསར་འཛུགས་སྐྲུན། ཏང་འཛུགས་སྐྱོང་གིས་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་གཏོང་སོགས་ཀྱི་ཆེད་དམིགས་གསོ་སྦྱོང་རིགས་དབྱེ་ནས་དམ་འཛིན་ཡག་པོ་བྱས་ཏེ“དུས་ཐེངས་གཅིག་ལ་ཆེད་དོན་གཅིག་དང་དུས་ཐེངས་སོ་སོའི་སློབ་སྦྱོང་གི་ནང་དོན་མི་བསྐྱར་ཟློས་མེད་པ”བྱེད་ཐུབ་ཡོད།

    “ཤེས་རིག་ཆབ་མདོ”གསར་སྐྲུན་ལ་སྐུལ་འདེད་གཏོང་ཆེད། 2018ལོའི་ཟླ་བ་དང་པོར་ཧྥུའུ་ཅན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་གིས་ཧྥུའུ་ཀྲོའུ་གྲོང་ཁྱེར་དུ“ཤེས་རིག་ཆབ་མདོ”འཛུགས་སྐྲུན་གྱི་ཆེད་དོན་བགྲོ་གླེང་འཛིན་གྲྭ་བཙུགས་ཤིང་། རིགས་གཅིག་མཁས་ཅན་གྱིས་སློབ་ཁྲིད་དང་། རྟོག་ཞིབ་སློབ་སྦྱོང་། སྤེལ་རེས་བགྲོ་གླེང་བཅས་བྱས་པ་བརྒྱུད“ཤེས་རིག་ཆབ་མདོ”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐབས་ཇུས་བསམ་ཕྱོགས་དང་བྱེད་ཐབས་གནད་ལ་འཁེལ་པོས་འཚོལ་ཞིབ་བྱས་ཡོད། གསོ་སྦྱོང་བྱས་རྗེས་ཧྥུའུ་ཅན་ཞིང་ཆེན་གྱི་གློག་རྡུལ་ཆ་འཕྲིན་ཚོགས་པས་ད་དུང་ཆབ་མདོ་གྲོང་ཁྱེར་སྲིད་གཞུང་དང་ཤེས་ལྡན་པའི་མཉམ་ལས་གྲོས་མཐུན་འཇོག་རྒྱུ་བརྩོན་ལེན་བྱས་པ་མ་ཟད། བསླབ་པ་རྒན་གྲས་ཀྱི་ལག་རྩལ་ཆེ་མོ་བ་1“ཤེས་རིག་ཆབ་མདོའི”སྤྱི་ཁྱབ་ལག་རྩལ་ཆེ་མོ་བའི་འགན་འཁུར་བར་མངགས་པ་དང་། ཞ་མོན་ཆ་འཕྲིན་ཚོགས་པས“ཤེས་རིག་གི་ཏང་འཛུགས་སྐྱོང”ཐད་ཀྱི་འབྲེལ་ཡོད་ཆ་འཕྲིན་འཛུགས་སྐྱོང་ལ་སྒོར་ཁྲི་500ལྷག་ཙམ་གྱི་རྒྱབ་སྐྱོར་ཐོབ་པ་རེད།

    བྱེད་ཐབས་གསར་པ་བཏོད་ནས་དབུལ་སྒྲོལ་འགག་སྒྲོལ་སླར་ཡང་སྐས་རིམ་གསར་པར་སླེབས་པར་བྱས་པ།

    དབུལ་སྐྱོར་མ་དངུལ་གྱི་ལྟ་འདོམས་བྱེད་ཐབས་གསར་གཏོད་བྱེད་པའི་ཐད། བོད་སྐྱོར་མ་དངུལ་སྒོར་ཁྲི་300ཆབ་མདོ་གྲོང་ཁྱེར་གྱི་ནོར་སྲིད་ཀྱི་དམངས་ཕན་ཁ་གསབ་མ་དངུལ“གཱ་གཅིག་འཐུས་རྣམ་པའི”ལྟ་འདོམས་ཆ་འཕྲིན་ལས་སྟེགས་བཏོད་པར་སྤྱད་པ་ལས། ཁ་གསབ་ཀྱི་རྣམ་གྲངས་དང་། ཚད་གཞི། མ་དངུལ། ཁ་གཏད་སོགས་ཀྱི་གྲངས་གཞི་མཉམ་སྤྱོད་ཐུབ་པ་དང་། ནོར་སྲིད་དང་དངུལ་ཁང་དབར་སྦྲེལ་མཐུད་བདེ་བླག་དང་མ་དངུལ་བཀག་སྡོམ་འཁོར་རྒྱུག་ཐུབ་པ། ཆ་འཕྲིན་གཏོང་སྤེལ་ཡོངས་བསྒྲགས་བྱུང་བ། ཁ་གསབ་མ་དངུལ་གྱི་ལས་དོན་ལ་ཐོག་མཐའ་བར་གསུམ་དུ་ལྟ་འདོམས་ཟུང་འབྲེལ་ཐུབ་ཡོད། བྱེད་ཐབས་འདི་ལྟ་བུ་བོད་དུ་རེ་ཟུང་ཙམ་ལས་མེད་ལ་རྒྱལ་ཡོངས་ཀྱི་ནོར་སྲིད་ཁོངས་གཏོགས་ཀྱི་དབུལ་སྐྱོར་མ་དངུལ་ལྟ་འདོམས་ཁྲོད་དུའང་སྔོན་ཐོན་གྱི་གྲས་སུ་སླེབས་ཡོད།

    མིག་སྔའི་བར་ཆབ་མདོ་གྲོང་ཁྱེར་གྱི“གཱ་གཅིག་འཐུས་རྣམ་པའི”ཞིང་ཕན་གཱ་སྤྱིར་ན་གྲོང་ཁྱེར་ཡོངས་ཀྱི་ལོངས་སྤྱོད་བྱེད་དབང་ཡོད་པའི་ཁྱིམ་ཚང་ཚང་མར་ཁྱབ་ཡོད། ཟླ་བ་བཅུ་པ་ནས་བཟུང་གྲོང་ཁྱེར་ཡོངས་ཀྱི་དབུལ་སྐྱོར་དང་དམངས་ཕན་མ་དངུལ་དག་ཕྱོགས་ཡོངས་ནས་ལྟ་འདོམས་ཆ་འཕྲིན་ལས་སྟེགས་སུ་བཅུག་སྟེ་གཏོང་སྤེལ་བྱ་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།