[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ཀྲུང་གོ་རྒྱ་གྲམ་དམར་རྟགས་ཚོགས་པས་བོད་ལ་རོགས་རམ་བྱས་ཏེ་ཞིང་ཆེན་རིམ་པའི་གེགས་གྲབས་གེགས་སེལ་ལྟེ་གནས་སྐྲུན་རྒྱུ་ཡིན་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-06

     ཟླ་9ཚེས་4ཉིན་ཀྲུང་གོ་རྒྱ་གྲམ་དམར་རྟགས་ཚོགས་པ་དང་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་ལྷ་སར་བོད་ཀྱི་རྒྱ་གྲམ་དམར་རྟགས་བྱ་གཞག་འཕེལ་རྒྱས་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་འཕེལ་རྒྱས་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཞག་ནས། བོད་ལ་མི་དམངས་ཤོག་སྒོར་ཁྲི་500མཁོ་འདོན་བྱས་ཏེ་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་2000ལས་མི་ཆུང་བའི་ཞིང་ཆེན་རིམ་པའི་གེགས་གྲབས་གེགས་སེལ་ལྟེ་གནས་སྐྲུན་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་མ་ཟད། བོད་སྐྱོར་མ་དངུལ་གྱི་རོགས་སྐྱོར་འོག་ཁྲག་བཟོའི་ཕྲ་ཕུང་ཞལ་འདེབས་ཐེབས་རྩ་འཛུགས་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་དེ་བཞིན་དབང་པོ་ཞལ་འདེབས་དང་སྤོ་འཛུགས་ཀྱི་ཐེབས་རྩར་རྒྱབ་སྐྱོར་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།

    《རྒྱལ་ཡོངས་རྒྱ་གྲམ་དམར་རྟགས་ཁོངས་གཏོགས་ཀྱི་བོད་སྐྱོར་ལས་དོན་རྣམ་གྲངས་དགོས་མཁོའི་འབྲེལ་མཐུད་ལག་དེབ(2018ལོ་ནས་2020ལོ་བར་གྱི་ཁག་དང་པོ)》ཀྱང་དུས་གཅིག་ཏུ་ཁྱབ་བསྒྲགས་བྱས་པ་དང་། ཁ་གཏད་བོད་སྐྱོར་ཞིང་ཆེན་18ཀྱི་རྒྱ་གྲམ་དམར་རྟགས་ཚོགས་པས་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་དང་རྒུད་སྐྱོབ་གེགས་སེལ་སོགས་ཀྱི་དགོས་མཁོ་གཞིར་བཟུང་རོགས་སྐྱོར་རྣམ་གྲངས་ཐད་གནད་སྨིན་འབྲེལ་མཐུད་བྱ་རྒྱུ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། 2016ལོ་ནས་བཟུང་ཀྲུང་གོ་རྒྱ་གྲམ་དམར་རྟགས་ཚོགས་པ་དང་དེ་བཞིན་རྒྱལ་ཡོངས་ཀྱི་ཁ་གཏད་བོད་སྐྱོར་ཞིང་ཆེན་18ཀྱི་རྒྱ་གྲམ་དམར་རྟགས་ཚོགས་པས་བོད་ལ་ཁྱོན་སྒོར་ཁྲི་2000ལས་བརྒལ་བའི་མ་དངུལ་དང་། དངོས་ཟོག རྣམ་གྲངས་སོགས་རོགས་སྐྱོར་བྱས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།