[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོང་ཆེད་དུ་བྱ་གཞག་ཡང་ནས་ཡང་དུ་སྒྲུབ།

    —— མངའ་རིས་ས་ཁུལ་གྱི་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-08-09

    2015ལོའི་ཟླ་བརྒྱད་པ་ནས་བཟུང་། ཀྲུང་དབྱང་གིས་བོད་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུར་བཀོད་སྒྲིག་གལ་ཆེན་གནང་ནས་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་སྤེལ་ཚུན། མངའ་རིས་ས་ཁུལ་གྱིས“ལུགས་དང་མཐུན་པ་དང་། མངོན་འགྱུར་ཐུབ་པ། རྒྱུན་མཐུད་ཐུབ་པ། གདེང་འཇོག་ཐུབ་པ”བཅས་ཀྱི་སྤྱིའི་བླང་བྱ་མགོ་ནས་མཇུག་བར་ཁྱབ་པར་བྱས་ཏེ། སྒྲིག་སྲོལ་ལམ་སྲོལ་ལེགས་སུ་གཏོང་རྒྱུ་དང་། བཀོལ་སྤྱོད་བརྒྱུད་རིམ་ཚད་ལྡན་དུ་གཏོང་རྒྱུ། སྨན་བཅོས་ཞབས་འདེགས་ཞུ་ནུས་ཆེ་རུ་གཏོང་རྒྱུ་བཅས་དམིགས་ཚད་དུ་བྱེད་པ་དང་། ཤེས་ལྡན་མི་སྣའི་དཔུང་ཁག་ལེགས་པོ་གཏོད་རྒྱུ་དང་། གཙོ་གནད་ཚན་ཁག་སྟོབས་ཆེར་གཏོང་རྒྱུ། རིམ་པ་འཛུགས་སྐྱོང་མགྱོགས་སུ་གཏོང་རྒྱུ་བཅས་དམ་འཛིན་བྱ་གཞིར་བྱས་ནས། སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ་རེད།

    སྨན་བཅོས་ཞབས་ཞུའི་ནུས་པ་ཆེ་རུ་བཏང་བ།

    ལོ་གསུམ་རིང་མངའ་རིས་ས་ཁུལ་གྱིས་ཀྲུང་དབྱང་གི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ཚོགས་འདུའི་དགོངས་དོན་དོན་འཁྱོལ་ཏན་ཏིག་བྱས་ནས་རོགས་སྐྱོར་བྱེད་མཁན་ཧྲའན་ཤིས་ཀྱི་འབྲེལ་ཡོད་ཕྱོགས་དང་སྤེལ་རེས་དང་འབྲེལ་མཐུད་ཧུར་ཐག་བྱས་པ་དང་། སྨན་ཁང་གི་གཙོ་གནད་ཚན་ཁག་འཛུགས་སྐྱོང་དང་སྨན་ཁང་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་ནས་ཧྲའན་ཤིས་ཞིང་ཆེན་གྱི་ཀ་པ་རིམ་པ་གསུམ་པའི་སྨན་ཁང་11དབར་སྔ་རྗེས་སུ་སྨན་ཁང་གིས་ཚན་ཁག་འགན་གཙང་ལེན་པའི་ཡུན་རིང་གྲོས་མཐུན་བཞག་པ་རེད། ཞབས་ཞུའི་དོ་དམ་ལམ་ལུགས་170ལྷག་ཙམ་འཐུས་སྒོ་ཚང་དུ་བཏང་བ་དང་། ནད་སྐྱོང་སོགས་ལས་སྒོའི་གོ་རིམ་30ལྷག་ཙམ་ལེགས་སུ་དང་གསར་གཏོད་བྱས་པ། མོ་ནད་ཚན་ཁག་དང་། བུ་བཙའི་ཚན་ཁག རུས་ནད་ཚན་ཁག་སོགས་གཙོ་གནད་ཚན་ཁག་9བཙུགས་པ། སློབ་ཁྲིད་ཚན་ཞིབ་སུའོ་དང་། ནད་གཞི་ཚབས་ཆེན་གྱི་གསོ་རིག་ཁོའོ། མཉམ་ཞུགས་སྨན་བཅོས་ཁང་སོགས་ཚན་ཁག་13མང་དུ་བཏང་བ། ཚན་ཁག་འགན་གཙང་ལེན་མཁན་སྨན་ཁང་དབར་རྒྱང་ཁྲིད་སྨན་བཅོས་ལས་སྟེགས་བཏོད་པ་བཅས་ཀྱི་བྱེད་ཐབས་ཐོག་ནས་སྨན་བཅོས་ཀྱི་ཐོན་ཁུངས་བཟང་པོ་མཉམ་སྤྱོད་ཐུབ་པར་བྱས་པ་རེད།

    2016ལོའི་ཟླ་བཅུ་གཉིས་པར། མངའ་རིས་ས་ཁུལ་མི་དམངས་སྨན་ཁང་ཀ་པ་རིམ་པ་གཉིས་པའི་སྨན་ཁང་དུ་གྱུར་ནས་རྒྱལ་ཡོངས་ཀྱི་རིམ་པ་དཔྱད་བསྡུར་གྱི་ས་ཁུལ་རིམ་པའི་སྨན་ཁང་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད། 2018ལོའི་ཟླ་དྲུག་པར། མངའ་རིས་ས་ཁུལ་མི་དམངས་སྨན་ཁང་ཁ་པ་རིམ་པ་གསུམ་པའི་ཐོག་མའི་དཔྱད་བསྡུར་བདེ་བླག་བྱུང་ནས་སྨན་བཅོས་ཞབས་ཞུའི་ཆུ་ཚད་དང་སྨན་བཅོས་ཀྱི་ནུས་པ་ཧ་ཅང་ཆེ་རུ་ཕྱིན་པ་རེད།

    ཤེས་ལྡན་མི་སྣའི་དཔུང་ཁག་གཏོད་རྒྱུར་ཚད་བརྒལ་གསར་པ་བྱུང་བ།

    2015ལོའི་ཟླ་བརྒྱད་པ་ཚུན་དུ། ཧྲའན་ཤིས་ཞིང་ཆེན་གྱིས་སྨན་ཁང་ལེགས་ཤོས་འདེམས་པ་དང་། དཔུང་ཁག་ཡག་ཤོས་སྒྲིག་འཛུགས། སྨན་པ་ཡག་ཤོས་མངགས་པ་བཅས་བྱས་ཏེ་གནད་སྨིན་རོགས་སྐྱོར་གྱི་ལས་དོན་སྤེལ་ནས། ཁག་ཐེངས་གསུམ་ལ་སྨན་བཅོས་ལག་རྩལ་རྩེར་སོན་དང་ཉམས་མྱོང་ཕུན་སུམ་ཚོགས་པའི་བོད་སྐྱོར་སྨན་བཅོས་ཤེས་ལྡན་མི་སྣ་51མངའ་རིས་ས་ཁུལ་མི་དམངས་སྨན་ཁང་ལ་ཁ་གཏད་རོགས་སྐྱོར་བྱེད་པར་མངགས་པ་རེད། “དཔུང་ཁག་གིས་དཔུང་ཁག་གི་སྣེ་ཁྲིད་པ་དང”དང་། “རིགས་གཅིག་མཁས་ཅན་གྱིས་རྐང་འཛིན་པའི་སྣེ་ཁྲིད་པ” “དགེ་རྒན་གྱིས་དགེ་ཕྲུག་ཁྲིད་པ”སོགས་ཀྱི་བྱེད་སྟངས་བརྒྱུད། ནང་སའི་སྔོན་ཐོན་གྱི་སྨན་བཅོས་འདུ་ཤེས་དང་སྨན་བཅོས་ལག་རྩལ་མཐོ་ཤོས་ས་མཐོའི་སྨན་པར་བརྒྱུད་ཁྲིད་གང་ཐུབ་བྱས་ཡོད། ལས་སྒོའི་རྐང་འཛིན་པ་64དང་ཆ་སྒྲིག་བྱས་ཏེ་སྨན་པའི་ཆུ་ཚད་ལ་གཞིགས་ནས་སློབ་སྟོན་བྱེད་ཀྱི་ཡོད། དགེ་ཕྲུག་རེར་འཆར་གཞི་རེ་བཟོས་ནས་གཅིག་གཏད་གཅིག་གི་རོགས་ཁྲིད་རྣམ་པའི་ཐོག་ནས་སྦ་གསང་གང་ཡང་མེད་པར་རང་ཉིད་ཀྱིས་ཤེས་པའི་སྨན་བཅོས་ལག་རྩལ་དང་ཉམས་མྱོང་སློབ་རྒྱུའི་འགན་ལེན་བྱས་ཡོད། ཆེད་དོན་འཆད་ཁྲིད་དང་། རྒྱང་ཁྲིད་སློབ་ཁྲིད། རྒྱང་ཁྲིད་ལྷན་འཛོམས་ནད་དཔྱད། གཤགས་བཅོས་རོགས་ཁྲིད། བརྗོད་གཞིའི་འགག་སྒྲོལ། བཅོས་དཀའ་བའི་ནད་རིགས་ལ་གྲོས་བསྡུར་སོགས་སྨན་བཅོས་ལག་རྩལ་གྱི་གསོ་སྦྱོང་གསར་གཏོད་བྱས་ནས་སྤེལ་བས། སྐས་རིམ་ལུགས་དང་མཐུན་ལ་གྲུབ་ཆ་ལེགས་པའི་ཡུལ་དེ་གའི་སྨན་བཅོས་ཤེས་ལྡན་མི་སྣའི་དཔུང་ཁག་གཅིག་ཆགས་ཏེ། མངའ་རིས་ས་ཁུལ་ལ“ནམ་ཡང་གནས་པའི་སྨན་བཅོས་དཔུང་ཁག”ཅིག་གསོ་སྐྱོང་བྱས་པ་རེད། མིག་སྔའི་བར་རོགས་ཁྲིད་བྱས་པའི་དགེ་ཕྲུག་32ཀྱིས་ཁེར་རྐྱང་དུ་གཤགས་བཅོས་བྱེད་ཐུབ་ཀྱི་ཡོད་པ་རེད།

    སྨན་བཅོས་འཕྲོད་བསྟེན་ཁོངས་གཏོགས་ཀྱིས་དམིགས་ཚད་གསར་པར་དམིགས་པ།

    ཧྲའན་ཤིས་ཞིང་ཆེན་གྱིས་སྒེར་སེམས་མེད་པའི་རོགས་སྐྱོར་ཤུགས་ཆེན་བྱས་པ་དང་དུས་མཚུངས། མངའ་རིས་ས་ཁུལ་སྨན་བཅོས་འཕྲོད་བསྟེན་ཁོངས་གཏོགས་ཀྱིས་རང་ངོས་ཀྱི་དོན་དངོས་ལ་གཞི་ཚུགས་ནས་2018ལོའི་ས་ཁུལ་མི་དམངས་སྨན་ཁང་ཁ་པ་རིམ་པ་གསུམ་པའི་སྨན་ཁང་དུ་འགྱུར་བ་དང་། 2019ལོར་རྫོང་བདུན་གྱི་མི་དམངས་སྨན་ཁང་ཀ་པ་རིམ་པ་གཉིས་པའི་སྨན་ཁང་དུ་འགྱུར་བ་བྱེད་པར་དམིགས་ནས། མི་དམངས་མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་སྨན་བཅོས་ཀྱི་དགོས་མཁོ་སྐོང་རྒྱུ་ལྟེ་བར་བྱེད་པ་དང་། ས་ཁུལ་མི་དམངས་སྨན་ཁང་གི་ནད་བཅོས་སྲོག་སྐྱོབ་ཀྱི་འཇོན་ཐང་ཆེ་རུ་གཏོང་རྒྱུ་འགག་རྩར་བྱེད་པ། སྨན་བཅོས་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དང་། ནང་མཁོ་འཛུགས་སྐྲུན་གཏིང་ཟབ་བྱེད་རྒྱུ། སྨན་བཅོས་ཞབས་ཞུ་ལེགས་སུ་གཏོང་རྒྱུ། འཁོར་རྒྱུག་གི་མ་གནས་དམའ་རུ་གཏོང་རྒྱུ་བཅས་གཙོ་གནད་དུ་བྱས་ཏེ། རང་ངོས་ཀྱི་མཉེན་ཆས་དང་མཁྲེགས་ཆས་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ནས་རྩ་སྲ་རྨང་བརྟན་དང་ཞན་ཆ་གསབ་གང་ཐུབ་བྱ་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།