[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • གྲོང་ཚོར་བཅའ་སྡོད་གཞིས་རྩེ་གྲོང་ཨུད་དྲིལ་བསྒྲགས་པུའི་ལས་དོན་རུ་ཁག་གིས་སྲིད་ཇུས་དྲིལ་བསྒྲགས་དང་དྲོ་སྐྱིད་བསྐྱལ་ནས་དབུལ་སྒྲོལ་ལ་རོགས་རམ་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-06-01

     ཉིན་ཤས་གོང་ས་ལྷ་གྲོང་ཚོར་བཅའ་སྡོད་གཞིས་རྩེ་གྲོང་ཨུད་དྲིལ་བསྒྲགས་པུའི་ལས་དོན་རུ་ཁག་གིས་སྲིད་ཇུས་དྲིལ་བསྒྲགས་དང་གཅེས་སེམས་དངོས་ཟོག་སྤྲད་ནས་གཞི་རིམ་མང་ཚོགས་ཀྱི་སྒུལ་ཤུགས་ཆེན་པོ་སྔར་བས་གཅིག་ཏུ་བསྒྲིལ་ཏེ་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱས་པ་རེད།

    ས་ལྷ་གྲོང་ཚོར་བཅའ་སྡོད་གཞིས་རྩེ་གྲོང་ཨུད་དྲིལ་བསྒྲགས་པུའི་ལས་དོན་རུ་ཁག་གིས་འབྲེལ་ཡོད་སྡེ་ཚན་གྱི་ས་ནས་དངོས་ཟོག་བརྩོན་ལེན་བྱས་ནས་ཨ་མའི་སྦྲག་བསྐུར་དང་སྒོར་14305རི་བའི་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལོ་ཐོ་ཚ་ཚང་52དང་སློབ་མའི་ཡིག་ཆས་ཚ་ཚང་67སྤྲད་པ་རེད། ས་ལྷ་གྲོང་ཚོར་ལོ་ལྟར་ཆར་ཞོད་སྐབས་འདམ་རྡོའི་ཆུ་རུད་དང་ཆུ་ལོག་སོགས་རང་བྱུང་གནོད་འཚེ་མང་པོ་ཐོན་པར་དམིགས་ཏེ། འབྲེལ་ཡོད་སྡེ་ཚན་གྱི་ས་ནས་སྒོར་67000རི་བའི་ཨར་པོའི་རྒྱུ་ཆ་ཏུན་10བརྩོན་ལེན་བྱས་ཏེ་གྲོང་ཚོར(གྲོང་ལྷན)འབྲུབ་འགོག་ཆུ་རགས་བསྐྲུན་པས་འདི་ལོའི་ཆར་ཞོད་སྐབས་ཐོན་སྐྱེད་དང་འཚོ་བར་ཆུ་སྐྱོན་གྱི་ཤུགས་རྐྱེན་མི་ཕོག་པའི་འགན་ལེན་ཐུབ་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།