[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ལིའུ་ཆིང་རུའུ་ཡིས།    |    སྤེལ་དུས།   2018-02-16

    བོད་སྐྱོར་ལས་བྱེད་པ་ཁག་རེ་རེ་བཞིན་འབྱོར་པ་ནས་བཟུང་། བོད་ཀྱི་ལས་བྱེད་པའི་དཔུང་ཁག་གི་གྲུབ་ཆ་ལེགས་སུ་སོང་སྟེ་བོད་སྐྱོར་ལས་དོན་གྱི་ནང་དོན་ཕུན་སུམ་ཚོགས་སུ་ཕྱིན་ནས་བོད་ཀྱི་འཕེལ་རྒྱས་ཡར་ཐོན་ལ་འདུ་ཤེས་གསར་པ་དང་བསམ་བློ་གསར་པ་མངོན་ཡོད། ལོ་ངོ་ཉི་ཤུ་ལྷག་ཙམ་གྱི་བོད་སྐྱོར་གྱི་གསོན་ཉམས་ལྡན་པའི་ལག་ལེན་ལས། ལས་བྱེད་པ་བོད་ལ་བཏང་ནས་རོགས་སྐྱོར་བྱ་རྒྱུ་ནི་ཏང་ཀྲུང་དབྱང་གི་ཚན་རིག་དང་མཐུན་པའི་ཆོད་སྡོམ་དང་མཁས་མཛངས་ལྡན་པའི་ཐབས་ཇུས་ཤིག་ཡིན་པ་མ་ཟད། རྒྱལ་ཡོངས་ཀྱིས་བོད་ལ་རོགས་སྐྱོར་བྱེད་པའི་ཐབས་ལམ་ནུས་ལྡན་ཞིག་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བོད་ལ་ལེགས་པར་མངོན་པའི་མཚོན་ཚུལ་ཞིག་ཡིན་ལ། བོད་ཀྱིས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་དམིགས་ཚད་འགྲུབ་པ་བྱེད་པའི་འགན་ལེན་གལ་ཆེན་ཞིག་ཀྱང་རེད།

    ལས་བྱེད་པ་ནི་བྱ་གཞག་དར་སྤེལ་གཏོང་བའི་འགག་རྩའི་རྒྱུ་རྐྱེན་དང་། ཤེས་ལྡན་པ་ནི་བྱ་གཞག་འཕེལ་རྒྱས་གཏོང་བའི་རྩ་བའི་འགན་ལེན་ཞིག་རེད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ལངས་ནས་ཁ་གཏད་བོད་སྐྱོར་གྱི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་བར་བོད་སྐྱོར་ལས་བྱེད་པའི་ལས་ཀའི་ལམ་སྲོལ་ལ་གསར་གཏོད་རྒྱུན་ཆད་མེད་པར་བྱས་ནས་བོད་སྐྱོར་ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་ཧུར་སེམས་དང་། རང་འགུལ་སེམས་པ། གསར་གཏོད་བྱེད་སེམས་བཅས་སྔར་བས་འདོན་སྤེལ་གང་ལེགས་དང་བོད་སྐྱོར་ལས་བྱེད་པར་འཇོན་ཐང་འདོན་པའི་ཁོར་ཡུག་བཟང་པོ་ཞིག་ཧུར་ཐག་བསྐྲུན་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོཌ་རྒྱུན་སྲིང་བརྟན་ལྷིང་དང་འཕེལ་རྒྱས་མྱུར་པོ་ཡོང་བར་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་། “ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་པར་མི་གཅིག་ཀྱང་མ་ལུས་པ་བྱེད་དགོས”ཞེས་གསུངས་ཡོད། བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་མ་དངུལ་ཙམ་མ་ཟད། ཤེས་ལྡན་པ་ཡང་དཀོན་པོ་ཡོད། དབུལ་པོའི་གནས་ལས་སྒྲོལ་བའི་རྒྱལ་ཁ་ཕུ་ཐག་གཅོད་པ་བྱེད་པའི་འགག་རྩའི་དུས་སུ་དམིགས་བསལ་གྱི“ཁྱིམ་མི”འདི་འདྲ་དགོས། ཏང་དང་རྒྱལ་ཁབ་ཀྱི་སྙིང་སྟོབས་མངོན་པའི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ནང་བོད་སྐྱོར་ཏང་ཡོན་ལས་བྱེད་པ་སྔར་ལས་མང་བས་རྒྱུན་གཏན་མིར་དགོས་པའི་ལོངས་སྤྱོད་དོར་ནས་མཐའ་མཚམས་དང་། གཞི་རིམ། ས་ཁུལ་དབུལ་པོ་བཅས་ལ་གཞིས་ཚུགས་ཏེ་བློ་བརྟན་འགྱུར་མེད་དང་དཀའ་སྤྱད་འབད་བརྩོན་ངང་རྒྱལ་ཁབ་དང་མི་རིགས་བསྐྱར་དར་ཡོང་བར་ལེགས་སྐྱེས་འབུལ་དགོས། 

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།