[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • བསམ་གྲུབ་རྩེ་ཆུས་ཀྱི་བོད་སྐྱོར་དགེ་རྒན་གྱིས་ཞལ་འདེབས་རྒྱག་པའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-10-05

     ཉེ་ཆར། བསམ་གྲུབ་རྩེ་ཆུས་གདོང་དཀར་ཤང་དྲེས་གྲོང་ཚོའི་ལས་དོན་རུ་ཁག(བསམ་གྲུབ་རྩེ་ཆུས་སློབ་གསོ་ཅུས་ཀྱིས་མངགས)གིས་ཆིང་ཏའོ་གྲོང་ཁྱེར་གྱི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་དགེ་རྒན་གྱི་འོས་ལས་ཚོགས་པ་དང་། གཞིས་རྩེ་གྲོང་ཁྱེར་སྦྲང་ཆར་ཟིལ་མའི་གཅེས་སེམས་མཐུན་ཚོགས། ཆིང་ཏའོ་གྲོང་ཁྱེར་ཁྲེང་དབྱང་ཆུས་སྦྲང་ཆར་ཟིལ་མའི་གཅེས་སེམས་མཐུན་ཚོགས་བཅས་ཀྱི་སྣེ་འཁྲིད་དེ“ཐོག་མའི་བསམ་འདུན་མ་བརྗེད་པ། གཅེས་སེམས་ཞལ་འདེབས། གནད་སྨིན་དབུལ་སྐྱོར”ཞེས་པའི་ཞལ་འདེབས་བྱེད་སྒོ་སྤེལ་བ་རེད།

    ཤེས་རྟོགས་བྱུར་བར་གཞིགས་ན། བྱེད་སྒོ་སྤེལ་རིང་། དྲེས་གྲོང་ཚོའི་བུ་བཅོལ་ཁང་གི་ཕྲུ་གུ་15ལ་སློབ་གོས་སྤྲད་པ་དང་གཅེས་སེམས་ཞལ་འདེབས་བརྒྱབ་པ་དང་དམིགས་བསལ་དཀའ་ངལ་ཡོད་པའི་དུད་ཚང་2ལ་གཟིགས་པ་དང་འཚམས་འདྲི་བྱས་པ་མ་ཟད། མང་ཚོགས་དབུལ་པོར་རོགས་སྐྱོར་དངོས་ཟོག་ཀྱང་སྤྲད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཆིང་ཏའོ་གྲོང་ཁྱེར་གྱི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་དགེ་རྒན་འོས་ལས་ཚོགས་པ་2016ལོར་ཆིང་ཏའོ་གྲོང་ཁྱེར་གྱི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་དགེ་རྒན་བོད་དུ་སྐྱོད་ཉེའི་སྐབས་སུ་བཙུགས་པ་རེད། ལོ་གཅིག་རིང་། ཚོགས་པ་དེས་གཞི་རིམ་དུ་སློབ་སྐྱོར་དང་། ཆ་སྒྲིག་ཞལ་འདེབས། གནད་སྨིན་དབུལ་སྐྱོར་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་གྱི་སློབ་སྐྱོར་ནུས་པ་འདོན་སྤེལ་གང་ལེགས་བྱས་པའི་ཁར་བོད་རིགས་དབར་མཛའ་གྲོགས་སྦྲེལ་ཟམ་ཞིག་ཀྱང་བཙུཌ་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།