[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • སེམས་ནུས་ཡོད་རྒུས་བདེ་ཐང་གི་ལམ་བུ་བཏོད་པ།

    —— ཧྲའན་ཤིས་ཞིང་ཆེན་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་གྱི་སྒྲིལ་གླེང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-08-11

    2015ལོའི་ཟླ་8པ་ནས་བཟུང་། ཧྲའན་ཤིས་ཞིང་ཆེན་གྱིས་ཁག་ཐེངས་གསུམ་གྱི་སྨན་བཅོས་ལག་རྩལ་མི་སྣ་དང་དོ་དམ་རྐང་འཛིན་པ་51མངའ་རིས་ས་ཁུལ་མི་དམངས་སྨན་ཁང་དུ་ཁ་གཏད་རོགས་སྐྱོར་བྱེད་པར་མངགས། སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་རུ་ཁག་གི་སྐུལ་འདེད་འོག 2016ལོར་མངའ་རིས་ས་ཁུལ་མི་དམངས་སྨན་ཁང་གིས“ཀ་པ་རིམ་པ་གཉིས་པའི”སྨན་ཁང་བདེ་བླག་ངང་བཏོད་ཐུབ་པ་རེད།

    ལས་སྒོ་བྱང་ཆུབ་པ་དེ་དཀའ་སྤྱད་འབད་བརྩོན་ལས་བྱུང་བ།

    སྨན་ཁང་གི་རིག་ཚན་མ་ལག་འཛུགས་སྐྱོང་བྱེད་མགྱོགས་སུ་བཏང་བ།

    ཧྲའན་ཤིས་ཞིང་ཆེན་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་རུ་ཁག་མངའ་རིས་སུ་སླེབས་རྗེས་འཕྲལ་མར་ལས་ཀའི་ནང་ཞུགས་ནས་སྔོན་དུ་ནད་གཞིའི་ཐོ་གཞུང་སྒྲིག་བཟོ་བྱས་ཤིང་། སྨན་དོན་ཁོའོ་ཡིས་སྣེ་ཁྲིད་དེ་ལོ་གསུམ་ནང་སྨན་ཁང་ཡོངས་སུ་ནད་གཞི་ཐོན་ཚུལ་ལ་ཕྱོགས་ཡོངས་ནས་བརྟག་དཔྱད་བྱས་ཏེ་རྒྱུན་མཐོང་གི་ནད་གཞི་རིགས་བཅུ་གྲངས་ཁ་ཤས་རགས་ཙམ་གཏན་འཁེལ་བྱས་པ་དང་འབྲེལ་གོ་རིམ་ཡང་སྒྲིག་ཡོད། རྨང་གཞི་དེའི་ཐོག་བུ་བཙའ་མོ་ནད་ཚན་ཁག་དང་། རུས་ནད་ཚན་ཁག སྙིང་ཀླད་ཁྲག་རྩའི་ཚན་ཁག་སོགས་གཙོ་གནད་འཛུགས་སྐྱོང་བྱེད་པའི་རིག་གཞུང་ཚན་ཁག་དུ་གཏན་འཁེལ་བྱས་ཡོད། “སྨན་ཁང་གིས་སྨན་ཁང་འགན་གཙང་ལེན་པ་དང་སྨན་ཁང་གིས་ཚན་ཁག་འགན་གཙང་ལེན་པའི”དམིགས་ཚད་ལ་གཞིགས་ནས་ཧྲའན་ཤིས་ཞིང་ཆེན་གྱི་འབྲེལ་ཡོད་ཚན་པ་དང་སྦྲེལ་མཐུད་ཧུར་ཐག་བྱས་ཏེ“ཀ་པ་རིམ་པ་གསུམ་པའི”སྨན་ཁང་11གིས་མངའ་རིས་ས་ཁུལ་མི་དམངས་སྨན་ཁང་གི་གཙོ་གནད་ཚན་ཁག་ཆེ་གྲས་9འཛུགས་སྐྱོང་བྱེད་པར་ཁ་གཏད་རོགས་སྐྱོར་བྱ་རྒྱུའི་གཏན་འཁེལ་བྱས་པ་རེད། དེ་དང་དུས་མཚུངས་རིག་ཚན་འཛུགས་སྐྱོང་བྱེད་པའི་དམིགས་ཚད་སྔར་བས་ཁ་གསལ་བཟོས་པ་དང་རུས་ནད་ཚན་ཁག་དང་། ཕྲུ་གུ་དམར་འབྱར་ཚན་ཁག དོས་དྲག་ཚན་ཁག ICUའཛུགས་སྐྲུན་བཅས་བྱེད་འགོ་ཚུགས་ཡོད་པ་རེད།

    ཤེས་ལྡན་མི་སྣས་རོགས་རམ་དང་སྣེ་འཁྲིད་པ།

    ནམ་ཡང་གནས་པའི་སྨན་བཅོས་རུ་ཁག་ཅིག་བཏོད་པ།

    ཧྲའན་ཤིས་ཞིང་ཆེན་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་རུ་ཁག་གིས“ཤེས་ལྡན་མི་སྣས་སྤེལ་རོགས་ཁྲིད་གསུམ”བྱ་རྒྱུ་ཚད་བརྒལ་དུ་བྱས་ནས་མངའ་རིས་ས་ཁུལ་གྱི་སྨན་དོན་མི་སྣའི་ཆེད་ལས་ལག་རྩལ་ཆུ་ཚད་སྐས་རིམ་ཐོག་སླེབས་རྒྱུར་སྐུལ་འདེད་བཏང་བ་དང་ས་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་བྱ་གཞག་ལ་ཤེས་ལྡན་མི་སྣའི་འདེགས་སྐྱོར་མཁོ་འདོན་བྱས་ཡོད་པ་རེད།

    རོགས་ཁྲིད་བྱ་ཡུལ་གྱི་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་དང་། ལས་ཀའི་འཇོན་ཐང་། རིག་གཞུང་གི་དམིགས་བསལ་ཡོན་ཏན་བཅས་གཞིར་བཟུང་། བོད་སྐྱོར་སྨན་བཅོས་རུ་ཁག་གིས་དགེ་རྒན་དང་རོགས་ཁྲིད་བྱ་ཡུལ་གཉིས་ཀའི་ཕྱོགས་གཉིས་གདམ་ག་དང་རང་མོས་ངང་ཆ་སྒྲིག་གི་ཐོག་ནས་རང་གཤིས་ཅན་གྱི་རོགས་ཁྲིད་ཇུས་གཞི་བཟོས་པ་མ་ཟད། རིག་གཞུང་འཆད་ཁྲིད་དང་། ལས་སྒོ་གསོ་སྦྱོང་། སློབ་ཁྲིད་དང་ནད་སྐོར་རྒྱག་པ། གཤགས་བཅོས་དཔེ་སྟོན་སློབ་ཁྲིད་སོགས་ཀྱི་ཐབས་ལ་བརྟེན་ནས་རོགས་ཁྲིད་ཀྱི་རང་རྟོགས་རང་བཞིན་དང་། སྟབས་བསྟུན་རང་བཞིན། ནུས་ལྡན་རང་བཞིན་བཅས་ཆེ་རུ་ཏན་ཏིག་བཏང་ཡོད་པ་རེད།

    མིག་སྔར། བོད་སྐྱོར་སྨན་བཅོས་རུ་ཁག་གི་རིགས་གཅིག་མཁས་ཅན་གྱིས་ས་གནས་དེའི་སྨན་དོན་མི་སྣ་65དང་ཆ་སྒྲིག་རོགས་ཁྲིད་བྱས་ནས་སྨན་བཅོས་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་དང་། རྒྱུན་མཐོང་ནད་དང་ཐོན་མང་བའི་ནད་གཞི་ནད་བརྟག་དང་སྨན་བཅོས། ཕྱོགས་བསྡུས་དོ་དམ་སོགས་ཐད་ཀྱི་ཆེད་དོན་འཆད་ཁྲིད་ཐེངས་129སྤེལ་བ་དང་། སློབ་ཁྲིད་དང་ནད་སྐོར་ཐེངས་510བྱས་ནས་ས་གནས་དེའི་སྨན་དོན་མི་སྣར་ནད་ཐོག་སྨན་བཅོས་ཀྱི་ལག་རྩལ་གསར་པ་20ལྷག་ཙམ་སྤེལ་རྒྱུའི་ཁྲིད་སྟོན་བྱས་ཏེ་ས་གནས་དེའི་སྨན་དོན་མི་སྣའི་ཆེད་ལས་ལག་རྩལ་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་བ་རེད།

    ལམ་སྲོལ་ཚད་ལྡན་དུ་བཏང་བ།

    སྨན་བཅོས་བོད་སྐྱོར་རྒྱུན་རྣམ་ཅན་མངོན་འགྱུར་བྱས་པ།

    ཧྲའན་ཤིས་ཞིང་ཆེན་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་རུ་ཁག་གི་ཤུགས་ཆེའི་རྒྱབ་སྐྱོར་འོག་མངའ་རིགས་ས་ཁུལ་གྱིས་གོ་སྐབས་དམ་འཛིན་དང་རང་འགུལ་ངང་བྱ་སྤྱོད་སྤེལ་ཏེ་ཚད་ལྡན་གྱི་འཁོར་རྒྱུག་ལམ་སྲོལ་དེ་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་གྱི་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་གྱི་ཚད་བརྒལ་བྱེད་སར་བརྩིས་ནས“ཤར་བགྲོད་དང་། དོ་དམ་ནན་པོ། ཞབས་ཞུ་འགན་ལེན། གསོན་ཤུགས་སྣོན་པ”བཅས་དམ་འཛིན་བྱ་གཞིར་བྱས་ཏེ་འབྲེལ་ཡོད་སྒྲིག་གཞི་དང་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དང་ལེགས་སུ་གཏོང་རྒྱུར་འགན་ལེན་བྱས་ཡོད་པ་རེད། འབྲེལ་ཡོད་སྒྲིག་གཞི་དང་ལམ་སྲོལ་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་ཆེད། མངའ་རིས་ས་ཁུལ་གྱིས་མི་དོན་སྒྲིག་ཁོངས་དང་། ཚན་ཁག་བཟོ་བ། ལས་གནས་གདན་ཞུས་ལས་བསྐོས་བཅས་ཐད་སྨན་ཁང་གི་གཉེར་སྐྱོང་དོ་དམ་གྱི་རང་བདག་དབང་ཆ་དེ་བས་མང་བ་སྤྲད་པ་དང་སྦྲགས། འབྲེལ་ཡོད་ལམ་ལུགས་ཡིག་ཆའང་བཟོས་ནས་བརྒྱུད་རིམ་ཚད་ལྡན་དུ་གཏོང་བ་དང་། གོ་རིམ་སྟབས་བདེ་རུ་གཏོང་བ། དབང་ཆ་གཤམ་སྤྲོད་བཅས་བྱས་ཡོད་པ་རེད། གཞན་ཡང་མངའ་རིས་ས་ཁུལ་གྱིས་ད་དུང་ནང་སའི་སྨན་ཁང་གི་སྔོན་ཐོན་དོ་དམ་ཉམས་མྱོང་སློབ་སྦྱོང་བྱས་ནས་སྨན་ཁང་དང་ཚན་ཁག་རིམ་གཉིས་ཀྱི་འགན་འཁུར་ལམ་ལུགས་དང་ཞིབ་ཕྲ་ཅན་གྱི་དོ་དམ་བྱ་རྒྱུ་ཁྱབ་སྤེལ་བཏང་བ་དང་དམིགས་ཚད་དོ་དམ་ལག་བསྟར་བྱས་ཏེ་ལས་ཀའི་ལམ་ལུགས་དང་། ལས་ཀའི་གོ་རིམ། ལག་རྩལ་བཀོལ་སྤྱོད་བཅས་ཚད་ལྡན་དུ་བཏང་བ་རེད། ཕུལ་བྱུང་གི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་དེ་བས་མང་བ་མངའ་རིས་སུ་ལས་ཀ་བྱེད་པའི་ཡིད་དབང་འགུག་ཆེད། མངའ་རིས་ས་ཁུལ་གྱིས《བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་མངའ་རིས་སུ་གནས་པའི་བྱ་ཐབས》དང《མངའ་རིས་ས་ཁུལ་མི་དམངས་སྨན་ཁང་དུ་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པའི་བསམ་འཆར》སོགས་བཏོན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།