[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • སྒུལ་ཤུགས་ཆེན་པོས་མདུན་སྐྱོད་བྱེད་པར་སྐུལ།

    ​ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིའི་བོད་སྐྱོར་ལས་དོན་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-07-17

    ལོ་60ཡི་རིང་། ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིས་ཆབ་མདོ་ནས་ལྷ་ས་བར་དང་ནག་ཆུ་ནས་མངའ་རིས་དང་། ལྷོ་ཁ། གཞིས་རྩེ་བཅས་བར་གློག་ཤུགས་འཛུགས་སྐྲུན་པ་མི་རབས་ནས་མི་རབས་བར་གྱི་རྐང་རྗེས་བོད་ཀྱི་རྫོང་དང་ཆུས་74ལ་བཞག་སྟེ་གངས་ལྗོངས་ས་མཐོའི་ཐོག་རང་ཉིད་ཀྱི་ལང་ཚོ་དང་ཐ་ན་ཚེ་སྲོག་ཀྱང་ལེགས་སྐྱེས་སུ་ཕུལ་ཡོད་པ་རེད།

    ཡུན་རིང་ནང་ཤེས་ལྡན་མི་སྣའི་བོད་སྐྱོར་ནི་ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིའི་ལས་དོན་གལ་ཆེན་ཞིག་ཡིན། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་སྔ་རྗེས་སུ་ལག་རྩལ་དང་དོ་དམ་གྱི་རྐང་འཛིན་པ་ཁག་ཐེངས་མང་པོ་རང་སྐྱོང་ལྗོངས་ཀྱི་ནུས་རྒྱུ་གློག་ཤུགས་དང་ལས་གྲྭ་འཛུགས་སྐྲུན་ཁོངས་གཏོགས་ནང་ལས་ཀ་བྱེད་པར་འདེམས་གཏོང་བྱས་པ་དང་། དུས་མཚུངས་ཤེས་ལྡན་མི་སྣའི་བོད་སྐྱོར་དོ་དམ་ལམ་ལུགས་དང་གཏན་འབེབས་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བ་དང་ལྷག་པར་དུ་བོད་སྐྱོར་མི་སྣ་འདེམས་གཏོང་དང་། གླ་ཕོགས་ཕན་བདེའི་ཐོབ་ཐང་། འཚོ་བ་འགན་ལེན། ཚུར་ལོག་རྗེས་ཀྱི་ལས་དོན་བཀོད་སྒྲིག་སོགས་ཀྱི་དོན་ཚན་ལ་ལམ་ལུགས་རང་བཞིན་གྱི་གཏན་འབེབས་བྱས་ནས་བོད་སྐྱོར་མི་སྣའི་སེམས་ཁྲལ་མེད་པ་བཟོས་ཡོད།

    2013ལོའི་ཟླ་11པར། ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིའི་ལིའུ་ཀོང་ཧྭ་སོགས་བོད་སྐྱོར་ལས་བྱེད་པ་བརྒྱད་ལས་གྲུབ་པའི་དོ་དམ་རུ་ཁག་གིས་བོད་ལྗོངས་མཁའ་ལམ་ཀུང་སིར་ཡོང་ནས་ཁ་གཏད་རོགས་སྐྱོར་གྱི་ལས་དོན་སྤེལ་བ་རེད། ཁོང་ཚོས་ཀྲུང་དབྱང་ཁེ་ལས་ཀྱི་སྔོན་ཐོན་དོ་དམ་ཉམས་མྱོང་ལ་བརྟེན་ནས་བསམ་ཕྱོགས་གསར་གཏོད་དང་། སྒྲིག་སྲོལ་དང་ལམ་སྲོལ་འཛུགས་པ། ཁྲོམ་ར་སྒོ་དབྱེ། རྣམ་གྲངས་དོ་དམ་ཚོད་འཛིན་སོགས་ཐད་ནས་ཁེ་ལས་འཕེལ་རྒྱས་གཏོང་དཀའ་བའི་གནད་དོན་སེལ་གང་ཐུབ་བྱས་ཏེ“ཚོང་ལས་རྣམ་པའི་ཕྱོགས་རྐྱང་པའི་འཕེལ་རྒྱས་ཀྱི་འཇུར་མིག་ཚད་བརྒལ་བྱེད་པ་དང་། PPPདང་EPCསོགས་རྣམ་གྲངས་གསར་པའི་འཛུགས་སྐྲུན་དོ་དམ་བྱེད་སྟངས་འཚོལ་ཞིབ་བྱེད་པ། ‘རྒྱུད་གཅིག་ལམ་གཅིག’གི་རྒྱལ་ཁབ་ཀྱི་འཐབ་ཇུས་དང་ལེན་ཞུ་བ་བཅས་བྱས་ཏེ་ཧི་མ་ལ་ཡའི་དཔལ་འབྱོར་ཁུལ་གཏོད་པའི་ནང་ཞུགས་པ་དང་ལྗོངས་ཕྱི་དང་རྒྱལ་ཁབ་ཕྱིའི་ཁྲོམ་ར་གཉིས་གསར་འབྱེད་བྱེད་པའི”འཕེལ་རྒྱས་ཀྱི་བསམ་ཕྱོགས་བཏོན་ཡོད་པ་རེད། 2014ལོར་མཁའ་ལམ་ཀུང་སིར་གུན་སེལ་ཁེ་སྒྱུར་གྱི་ཕན་འབྲས་བཟང་པོ་ཐོན་པ་དང་། 2015ལོ་དང་2016ལོའི་ཚོང་གཉེར་ཡོང་འབབ་ལོ་བསྟུད་མར་འཕར་ནས་ཁེ་གཙང་ཡོང་འབབ་སྒོར་དུང་ཕྱུར་གཉིས་ལས་བརྒལ་ཏེ་ལས་བཟོ་མི་རེར་ཆ་སྙོམས་ཡོང་འབབ་ལྡབ་འཕར་བྱུང་ཡོད་པ་རེད།

    2013ལོའི་ཟླ་8པར། ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིས“བོད་ལྗོངས་ས་མཐོའི་ལས་གྲྭ་ལག་རྩལ་གསར་སྤེལ་ལྟེ་གནས”བཙུགས་ཤིང་། བོད་ལྗོངས་ས་མཐོའི་དམིགས་བསལ་ས་ཁམས་ཁོར་ཡུག་དང་རང་བྱུང་ཆ་རྐྱེན་ལ་དམིགས་ནས་སྤྱི་ཡོངས་ཀྱི་ཚན་རྩལ་ཞིབ་སྤེལ་གྱི་ལེགས་ཆ་གཅིག་ཏུ་སྒྲིལ་བ་དང་ལས་གྲྭའི་ལག་རྩལ་གནད་དོན་ལ་ཚན་རྩལ་ཐོག་ནས་ཞིབ་སྤེལ་ཧུར་ཐག་བྱས་ཏེ་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་ཚན་རྩལ་གྱི་འདེགས་སྐྱོར་མཁོ་འདོན་བྱས་ཏེ“གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐབས་ཇུས་ལག་ལེན་བསྟར་ཏེ་ཚན་རྩལ་གསར་གཏོད་དང་གཞན་སྒྱུར་བྱེད་མགྱོགས་སུ་གཏོང་བ་དང་། ཁེ་ལས་གཙོ་བོར་བྱེད་པ་དང་ཁྲོམ་ར་སྟོན་ཕྱོགས་སུ་བྱེད་པའི་ཐོན་སློབ་ཞིབ་གསུམ་ཟུང་འབྲེལ་གྱི་ལག་རྩལ་གསར་གཏོད་ཀྱི་མ་ལག་ཅིག་ཧུར་ཐག་གཏོད་པ། ཚན་རྩལ་གསར་གཏོད་ཀྱིས་ཐོན་ལས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ནུས་པ་འདོན་སྤེལ་ཧུར་ཐག་བྱེད་པ”བཅས་ཀྱི་འཕེལ་རྒྱས་ཀྱི་བསམ་ཕྱོགས་ཤིག་བཏོན་ཡོད།

    ལོ་མང་རིང་། ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། རང་སྐྱོང་ལྗོངས་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་འོག་ལྷ་ས་སྐྱིད་ཆུ་དང་། འབྲི་ཆུའི་སྟོད་རྒྱུད། རྫ་ཆུ། རྒྱལ་མོ་རྔུལ་ཆུའི་སྟོད་རྒྱུད། ཡར་ཀླུང་གཙང་པོའི་དབུས་རྒྱུད་དང་སྨད་རྒྱུད། ནག་ཆུ་སོགས་གཙང་ཆུའི་ཆུ་གློག་འཆར་འགོད་ལས་དོན་སྔ་རྗེས་སུ་སྤེལ་འགོ་ཚུགས་པ་རེད།

    རང་སྐྱོང་ལྗོངས་སྲིད་གཞུང་གིས་ཀྱང་རྣམ་པ་སྣ་ཚོགས་བརྒྱུད་དེ་ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སི་སྒྲིག་འཛུགས་ཀྱིས་གླང་ཆེན་ཁ་འབབ་དང་། གཡུ་ཆུ། ཉང་ཆུ། འཕྲེད་ལུང་གཙང་པོ། ཡིད་འོང་གཙང་པོ། ཤི་པ་ཤ་ཆུ། བམ་ཆུ། རྫ་ཡུལ་ཆུ་སོགས་གཙང་པོ་ཆེ་འབྲིང་གི་ཆུ་གློག་འཆར་འགོད་ལས་དོན་སྤེལ་བ་རེད།

    ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་ཀྱི“ནུབ་རྒྱུད་ཐོན་འབྱེད་ཆེ་མོའི”འཐབ་ཇུས་དང་བོད་གསར་སྤེལ་འཕེལ་རྒྱས་བྱེད་མགྱོགས་སུ་གཏོང་བའི་ཁྲོད། རང་ལྗོངས་ཀྱི་ཆུ་གློག་ཐོན་ཁུངས་འཕེལ་རྒྱས་ཅུང་མགྱོགས་སུ་སོང་ཡོད། ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སི་ཞུགས་པའི་གློག་ཤུགས་འཛུགས་སྐྲུན་རྣམ་གྲངས་ཁག་གཅིག་གཅིག་རྗེས་གཉིས་མཐུད་དུ་ལས་འགོ་ཚུགས་པ་དང་། འཛུགས་སྐྲུན་བྱེད་པ། ལས་འཇུག་སྒྲིལ་བ། ཐོན་སྐྱེད་བྱེད་འགོ་ཚུགས་པ་བཅས་ལས། རང་ལྗོངས་ཀྱི་ཆུ་གློག་ཐོན་ཁུངས་རིམ་བཞིན་དཔལ་འབྱོར་ཕན་འབྲས་སུ་གྱུར་ནས་ཀྲུང་གོའི“མཐའ་མའི་གློག་མེད་ས་ཁུལ”དུ་ཡང་གློག་སྤྱོད་ཐུབ་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།