[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ཐོན་ལས་ལ་བརྟེན་ནས“རང་བརྟེན”ནུས་པ་ཆེ་རུ་གཏོང་བ་དང་ལས་ཞུགས་རྒྱ་ཆེར་བཏང་ནས་འབབ་འཕར་བརྟན་པོ་ཡོང་བ་བྱས་པ།

    ​ ཆབ་མདོས་དུས་བབ་བཟང་པོར་བརྟེན་ནས་འགག་སྒྲོལ་ཐུབ་པ་བྱས་པ།

  • ཡོང་ཁུངས།   ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-07-14

    ཟླ་6ཚེས་25ཉིན་ཧྥུའུ་ཅན་ཞིང་ཆེན་ཀྲང་ཀྲོའུ་གྲོང་ཁྱེར་ལུང་ཝུན་ཆུས་ཀྱིས་ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་དང་ཁ་གཏད་ཆ་སྒྲིག་རོགས་སྐྱོར་གྱི་གྲོས་མཐུན་བཞག་ནས་དཔལ་འབར་རྫོང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་རྒྱུར་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

    མིག་སྔའི་བར་ཧྥུའུ་ཅན་ཞིང་ཆེན་གྱི་རྫོང་7དང་ཅུང་ཆེ་བའི་གྲོང་རྡལ་7གྱིས་ཆབ་མདོ་གྲོང་ཁྱེར་གྱི་ཤང་དང་གྲོང་རྡལ་དབུལ་པོ་7དང་གྲོང་ཚོ་དབུལ་པོ་དང་དབུལ་སྒྲོལ་རོགས་སྐྱོར་གྱི་འབྲེལ་བ་སོ་སོར་བཙུགས་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཆབ་མདོར་ཁ་གཏད་རོགས་སྐྱོར་བྱེད་མཁན་གྱི་ཞིང་ཆེན་དང་གྲོང་ཁྱེར་དང་ཀྲུང་དབྱང་ཁེ་ལས་ཀྱིས་སྔ་ཕྱི་བར་གསུམ་དུ་ཆབ་མདོའི་དབུལ་སྐྱོར་གསར་སྤེལ་ལས་དོན་ལ་རྒྱབ་སྐྱོར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས་བཀོད་སྒྲིག་བྱེད་པ་དང་། སྤྱི་འདོམས་བཀོད་སྒྲིག་དང་འཆར་འགོད་ཞིབ་ཚགས་བྱས་ནས་ཆབ་མདོའི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པའི་ཐད་རོགས་སྐྱོར་བྱ་རྒྱུར་ལེགས་སྐྱེས་ཆེན་པོ་ཕུལ་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཆབ་མདོ་གྲོང་ཁྱེར་གྱིས་གནད་སྨིན་དབུལ་སྐྱོར་དང་གྲོང་གསེབ་གསར་པ་འཛུགས་སྐྲུན་གྱི་རྣམ་གྲངས་འཆར་འགོད་བྱས་པའི་ནང་རྣམ་གྲངས་ཆེ་གྲས་11དང་རྣམ་གྲངས་ཆུང་གྲས་32ཚུད་ཡོད་པ་དེར་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་12.13གཏོང་རྩིས་ཡོད་པ་དེས་འཆར་འགོད་ནང་གི་བོད་སྐྱོར་མ་དངུལ་གྱི་30.69%ཟིན་ཡོད་པ་དང་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་64བསྐྲུན་རྒྱུའི་འཆར་གཞི་ཡོད་པ་དེ་མིག་སྔར་རིམ་བཞིན་བསྐྲུན་འགོ་ཚུགས་བཞིན་ཡོད།

    ཐོན་ལས་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱབ་རྟེན་གལ་ཆེན་ཞིག་ཡིན་པ་དང་ཡུན་རིང་དབུལ་སྒྲོལ་བརྟན་པོ་ཡོང་ཐུབ་པའི་འགན་ལེན་གལ་ཆེན་ཞིག་ཀྱང་རེད། ཆབ་མདོ་རང་ངོས་ཀྱི“རང་བརྟེན”ནུས་པ་ཆེ་རུ་གཏོང་ཆེད་ཆབ་མདོར་ཁ་གཏད་རོགས་སྐྱོར་བྱེད་མཁན་གྱི་ཞིང་ཆེན(གྲོང་ཁྱེར)གསུམ་དང་ཁེ་ལས་དྲུག་གིས་ཐོན་ལས་འཕེལ་རྒྱས་ལ་དམིགས་ནས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་ཐོན་ལས་བོད་སྐྱོར་རྣམ་གྲངས་10འཛུགས་སྐྲུན་འཆར་འགོད་བྱས་པར་མ་དངུལ་སྒོར་དུང་ཕྱུར་2.58གཏོང་རྩིས་ཡོད་པ་དང་འཆར་འགོད་ཕུད་པའི་ཐོན་ལས་བོད་སྐྱོར་རྣམ་གྲངས་2ལ་མ་དངུལ་སྒོར་དུང་ཕྱུར་1.6གཏོང་རྩིས་ཡོད་པས་ས་ཁུལ་དབུལ་པོའི་ཡུལ་སྐོར་རྣམ་གྲངས་གསར་སྤེལ་ལ་གཙོ་གནད་ཐོག་རྒྱབ་སྐྱོར་བྱས་ནས་མང་ཚོགས་དབུལ་པོ“ས་གནས་དེ་རང་དུ་ལས་ཞུགས་ཐུབ་པ་དང་ཉེ་ས་ནས་འབབ་འཕར་ཡོང་རྒྱུར”སྐུལ་འདེད་བཏང་ཡོད།

    ཆབ་མདོར་ཁ་གཏད་རོགས་སྐྱོར་བྱེད་མཁན་གྱི་ཞིང་ཆེན་དང་གྲོང་ཁྱེར་དང་ཀྲུང་དབྱང་ཁེ་ལས་ཀྱིས་གནས་གཏན་འཁེལ་གྱི་རོགས་སྐྱོར་དབུལ་སྒྲོལ་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས“ཤང(གྲོང་རྡལ)རེ་ལ་ཐོན་ལས་རེ་སྐྱེད་སྲིང་བྱེད་པའི”ཆ་སྒྲིག་རོགས་སྐྱོར་གྱི་ཐབས་ལམ་གསར་པ་བཏོད་པ་དང་དང་ཆབས་ཅིག་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་རོགས་སྐྱོར་བྱ་ཡུལ་གྱི་ཞིང་ལས་ཁྱད་ལྡན་ཐོན་རྫས་དང་ཡུལ་སྐོར་རིག་གནས་ཐོན་རྫས་སྔོན་ལ་ཉོ་སྒྲུབ་བྱེད་པ། རྣམ་གྲངས་འོས་སྦྱོར་ཚོགས་འདུ་འཚོགས་པ་དང་དྲ་ཐོག་ཚོང་དོན་ལས་སྟེགས་སྤྱད་དེ་རོགས་སྐྱོར་བྱ་ཡུལ་གྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཡོད།

    བོད་སྐྱོར་དབུལ་སྐྱོར་ལས་དོན་ལ་དངོས་ཕན་ཐོབ་ཆེད་ཆབ་མདོ་གྲོང་ཁྱེར་གྱི་ཧྲེ་ཀྲང་གཞོན་པ་ཆི་ཐེང་ཝུའུ་ཡིས“ཆབ་མདོ་གྲོང་ཁྱེར་གྱིས་བོད་སྐྱོར་དབུལ་སྐྱོར་ལས་དོན་དང་སྦྲེལ་མཐུད་གང་ལེགས་བྱས་ཏེ་བོད་སྐྱོར་དབུལ་སྐྱོར་ལས་དོན་གྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས‘གདན་འདྲེན་ཞུ་བ་དང་། ཕྱིར་སྐྱོད་པའི’བྱེད་ཐབས་སྤྱད་ནས་མང་ཚོགས་དབུལ་པོ་དང་། ཁེ་ལས་ཀྱི་འགན་འཁུར་བ། ཏང་སྲིད་ལས་བྱེད་པ་བཅས་ལ་གསོ་སྦྱོང་བྱ་ཤུགས་ཆེ་རུ་གཏོང་རྒྱུ་དང་ཆབས་ཅིག ས་ཞིང་དང་། ནོར་ཁྲལ། དངུལ་རྩ་སོགས་ཐད་ནས་འཕེལ་རྒྱས་དང་ཚོང་འགུགས་མ་འདྲེན་ལ་གཟིགས་སྐྱོང་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱ་རྒྱུ་ཡིན”ཞེས་གསར་འགོད་པར་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།